2019ལོ་ཚུན། ལྷོ་ཁ་གྲོང་ཁྱེར་སྤྱི་བདེ་ཅུད་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་སྒྲིག་འཛུགས་ཐོག་ནས་གློག་སྒུལ་འཁོར་ལོ་གསུམ་ཅན་དང་བཞི་ཅན་གྱིས་ཁྲིམས་མིན་སྐྱེལ་འདྲེན་དང་ལག་འཁྱེར་དང་འཁོར་རྟགས་མེད་པ་སོགས་ཀྱི་སྒྲིག་འགལ་སྣང་ཚུལ་ལ་ཆེད་དོན་བཅོས་སྒྲིག་གི་བྱ་སྤྱོད་སྤེལ་ཞིང་། བྱ་སྤྱོད་ནང་ཁྲིམས་བཞིན་གློག་སྒུལ་འཁོར་ལོ་གསུམ་ཅན་དང་བཞི་ཅན་(བགྲེས་སོང་གི་རྐང་ཚབ་འཁོར་རིགས་དང་སློབ་ཕྲུག་བསུ་སྐྱེལ་འཁོར་རིགས་ཚུད)42བཀག་ཉར་བྱས་ཡོད། ངེད་ཉིང་ལག་རུ་ཁག་གིས་སི་ཁྲོན་རོང་ཁྲེང་ཁྲིམས་བསྒྱུར་ཁང་ལ་གསལ་འབྱེད་བྱེད་རྒྱུར་མངགས་བཅོལ་ལྟར་གློག་སྒུལ་འཁོར་ལོ་གསུམ་ཅན་དང་བཞི་ཅན་གྱི་འཁོར་རིགས་ལ་གསལ་འབྱེད་བྱས་མཐར། ཡོངས་རྫོགས་འཕྲུལ་སྒུལ་འཁོར་རིགས་ཁྱབ་ ཁོངས་ཁྲོད་ཀྱི་རླངས་འཁོར་རམ་སྦག་སྦག་གི་ཁོངས་སུ་གཏོགས་པས་། བཀག་ཉར་བྱས་པའི་འཁོར་རིགས་དེ་དག་གི་དོ་བདག་ཚོས་2019ལོའི་ཟླ་8པའི་ཚེས་1ཉིན་གྱི་སྔོན་དུ་འགྲིམ་འགྲུལ་དོ་དམ་ཚན་པས་སྤྲད་པའི་སྤྱི་བདེ་འགྲིམ་འགྲུལ་དོ་དམ་གྱི་སྲིད་འཛིན་བཙན་ཤེད་བྱ་ཐབས་ཀྱི་འཛིན་ཡིག་དང་འཁོར་རིགས་ཀྱི་འབྲེལ་ཡོད་འགྲོ་ལུགས་ལག་འཁྱེར་བསྣམས་ཏེ། ལྷོ་ཁ་གྲོང་ཁྱེར་སྤྱི་བདེ་ཅུད་འགྲིམ་འགྲུལ་ཉིང་ལག་རུ་ཁག་ཏུ་ཐག་གཅོད་དང་ལེན་གནང་བར་ཕེབས་རོགས། དུས་བཀག་ནང་ཐག་གཅོད་དང་ལེན་བྱེད་པར་མི་ཡོང་བ་དང་། ཁྲིམས་མཐུན་འགྲོ་ལུགས་ཡིག་ཆའམ་འགྲོ་ལུགས་ཡིག་ཆ་གསབ་གཉེར་བྱེད་མི་ཐུབ་ཚེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་ཀྱི་དོན་ཚན་ཨང་བརྒྱ་དང་བཅུ་གཉིས་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག་གི་དོན་ཚན་ཨང་བརྒྱ་དང་བཅུ་མེད་བདུན་གྱི་གཏན་འབེབས་གཞིར་བཟུང་། ངེད་ཉིང་ལག་རུ་ཁག་གིས་བཀག་ཉར་བྱས་པའི་འཁོར་རིགས་དེ་དག་བཙན་ཤེད་ཀྱིས་ཟོག་རོར་གཏོང་རྒྱུ་ཡིན།
ཆེད་དུ་བསྒྲགས།
ལྷོ་ཁ་གྲོང་ཁྱེར་སྤྱི་བདེ་ཅུད་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས།
2019ལོའི་ཟླ་5པའི་ཚེས་1ཉིན་བསྒྲགས།