འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། འདི་ལོ་ནས་བཟུང་། ངེད་གྲོང་ཁྱེར་གྱིས་བྱ་ཐབས་གསར་གཏོད་བྱས་ཏེ“ཕར་ཆིན”རྒྱག་པའི་སྙིང་རུས་ལ་བརྟེན་ནས་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་ལས་དོན་ལ་དམ་འཛིན་ཡག་པོ་བྱས་པ་རེད།
དངོས་ཡོད་ཀྱི་དགོས་མཁོར་དམིགས་ནས་དམིགས་སའི་རང་བཞིན་ཆེ་རུ་བཏང་ཞིང་། གྲོང་ཁྱེར་འདིས་གཞི་རིམ་ལས་བྱེད་པ་གཙོ་གནད་ཐོག་འབུར་དུ་ཐོན་པར་བྱས་ཏེ་རིགས་དབྱེ་རིམ་དབྱེ་དང་གང་མཁོ་དེ་སློབ་དང་། གཞི་རིམ་གྱི་གླེང་མང་བའི་གནད་དོན་དང་དཀའ་གནད་ལ་དམིགས་ཏེ་གཙོ་ཆེའི་སློབ་ཚན་ཁྲིད་པ་དང་འཆད་ཁྲིད་དང་། བགྲོ་གླེང་། དཔེ་འདྲེན། འདྲ་བཟོ། མྱོང་རོལ་བཅས་ཀྱི་རྣམ་པའི་སློབ་ཁྲིད་བྱེད་སྟངས་ཕྱོགས་བསྡུས་ངང་སྤྱོད་པ། གྲངས་གཞི་ཆེན་པོ་དང“དྲ་སྦྲེལ+”སོགས་ཀྱི་ལག་རྩལ་དང་བྱེད་ཐབས་ལ་བརྟེན་པ། སློབ་མས་སློབ་སྦྱོང་མྱོང་ཚོར་འབྲི་རྒྱུར་གཙོ་གནད་ཐོག་ཁྲིད་སྟོན་བྱེད་པ། ཚོགས་ཆུང་བགོས་ནས་ཟབ་སྦྱོང་སྙན་ཞུ་འབྲི་བ་བཅས་བྱས་ཏེ་དངོས་འབྲེལ་སྦྱོང་བ་དང་། དངོས་འབྲེལ་ཤེས་པ། དངོས་འབྲེལ་སྤྱོད་པ་བཅས་བྱ་རྒྱུར་སྐུལ་འདེད་བཏང་ཡོད། རིགས་ཁག་གི་ཐོན་ཁུངས་མཉམ་སྤྱོད་ཀྱི་སྒོ་དབྱེའི་རང་བཞིན་ཆེ་རུ་བཏང་ཞིང་། ཆེད་འགན་འཁུར་བ་དང་ལས་འགན་གཅིག་ལྕོགས་འཁུར་བ་ཟུང་འབྲེལ་དང་། ཆེད་འགན་འཁུར་བའི་དགེ་རྒན་ལ་ཤེས་བྱ་གསར་པ་སློབ་པ། ལག་ལེན་དངོས་ཀྱི་སྦྱོར་བརྡར་སོགས་ཀྱི་ལམ་སྲོལ་དང་ལམ་ལུགས་བཟོས་ཏེ་ལྷོ་ཁའི་ཁྱད་ཆོས་མཚོན་པའི་སློབ་ཚན་སྤུས་རྟགས་བཏོད་པ་དང་། “ཡར་ཀླུང་འཆད་སྟེགས”ཡག་པོ་གཉེར་ཏེ་ལས་བྱེད་པའི་ཤེས་བྱ་ཕུན་སུམ་ཚོགས་སུ་གཏོང་བ་དང་། ཤེས་བྱའི་གྲུབ་ཆ་ལེགས་སུ་གཏོང་བ། མཐོང་རྒྱ་ཆེ་རུ་གཏོང་བ་བཅས་བྱས་པ། འགོ་ཁྲིད་ལས་བྱེད་པས་འཆད་ཁྲིད་བྱེད་པའི་ལམ་ལུགས་བཟོས་ནས་འཐུས་སྒོ་ཚང་དུ་བཏང་སྟེ་དམིགས་སའི་རྟེན་གཞི་འཛུགས་སྐྲུན་དང་། ཁྱད་ལྡན་སློབ་ཚན་རྩོམ་འབྲི། ཁྱད་ལྡན་དགེ་རྒན་གྱི་སློབ་གསོ་བཅས“ཁྱད་ལྡན་འདུ་འགོད་ཁག་གསུམ”ལག་བསྟར་ཤུགས་ཆེན་བྱས་པ་རེད།