འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཉེ་དུས།ཆུ་གསུམ་རྫོང་གིས་སྣང་ཆེན་བཞི་དང་དགའ་ཞེན་བཞི་དང་དབུལ་སྒྲོལ་འགག་སྒྲོལ་སྲིད་ཇུས་སྒྲོག་འགྲེལ་གསོ་སྦྱོང་ཚོགས་འདུ་འཚོགས་ནས་རིམ་ཁག་རྐང་འཛིན་སྒྲོག་འགྲེལ་པ་ཚོར་སློབ་སྦྱོང་གི་སྟེགས་བུ་ཞིག་མཁོ་འདོན་བྱས་པ་རེད།
ཚོགས་འདུའི་ཐོག 2019ལོའི་སྣང་ཆེན་བཞི་དང་དགའ་ཞེན་བཞི་དང་དབུལ་སྒྲོལ་འགག་སྒྲོལ་གྱི་སྲིད་ཇུས་སྒྲོག་འགྲེལ་ལས་དོན་ལ་དམིགས་ཏེ་སློབ་འཁྲིད་བྱས་པ་དང་།རྫོང་སྒང་གྲོང་ཚོའི་སྒྲོག་འགྲེལ་པ་ཕུར་བུ་སྒྲོལ་མ་དང་རྒྱང་ཐང་གྲོང་ཚོའི་སྒྲོག་འགྲེལ་པ་བསོད་ནམས་སྟོབས་རྒྱལ་གྱི་དཔེ་སྟོན་སྒྲོག་འགྲེལ་བྱས་པ་རེད།
ཚོགས་འདུའི་ཐོག ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་རུ་གཏོང་དགོས་པ་དང་འགན་འཁྲིའི་འདུ་ཤེས་ལ་ཤུགས་སྣོན། སྒྲོག་འགྲེལ་ཕན་འབྲས་སྲ་བརྟན་དུ་བཏང་ནས་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱེད་དགོས་པ་བཅས་དང་།ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བ་དང་བོད་ལ་དམངས་གཙོ་བཅོས་བསྒྱུར་བཏང་ནས་ལོ་ངོ་60འཁོར་བ་གཙོ་གནད་དུ་བཞག་སྟེ།སྒྲོག་འགྲེལ་ལས་དོན་ཁག་ལ་དམ་འཛིན་བྱེད་དགོས་པ་དང་སྒྲོག་འགྲེལ་ནང་དོན་ཞིབ་ཕྲ་བཟོ་དགོས་པ་མ་ཟད།གོ་བདེ་ལ་ཤེས་སླ་བའི་སྐད་ཆའི་རྣམ་པའི་ཐོག་ནས་སློབ་གསོ་ལག་ལེན་བྱེད་སྒོའི་སྒྲོག་འགྲེལ་ལས་དོན་ལ་ཕན་འབྲས་གསར་པ་ཐོན་རྒྱུར་འགན་ལེན་བྱེད་དགོས་པའི་ནན་བཤད་བྱས་ཡོད་པ་རེད།