འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་དུས། གསར་འགོད་པས་སྣ་དཀར་རྩེ་རྫོང་ནས་ཤེས་རྟོགས་བྱུང་བར་གཞིགས་ན།རྫོང་ཡོངས་ཀྱི་དཔྱིད་རྨོད་དཔྱིད་འདེབས་སྐབས་མཁོ་བའི་ཞིང་ཟོག་ཚང་མ་རང་གནས་སུ་འབྱོར་བ་དང་སྦྲགས། ཐོན་སྐྱེད་ཁུལ་དུ་སྤྲད་ཟིན་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། དཔྱིད་རྨོད་དཔྱིད་འདེབས་ཀྱི་ཐོན་སྐྱེད་ལས་དོན་ཁག་བདེ་བླག་ངང་སྤེལ་ཐུབ་ཕྱིར། སྣ་དཀར་རྩེ་རྫོང་གི་ཞིང་འབྲོག་ལྟེ་གནས་ཀྱིས་སྔོན་ལ་བཀོད་སྒྲིག་དང་སྔོན་ལ་དོན་འཁྱོལ། སྔོན་ལ་གྲ་སྒྲིག སྔོན་ལ་ལས་འགོ་ཚུགས་པ་བཅས་བྱས་ཏེ། གྲུབ་ཆ་ལེགས་སྒྲིག་དང་དམངས་ཕན་སྲིད་ཇུས་སྒྲོག་འགྲེལ། ཞིང་སྤྱོད་དངོས་ཟོག་གྲབས་གསོག ལག་རྩལ་གསོ་སྦྱོང་མཛུབ་སྟོན་སོགས་ཀྱི་ལས་དོན་ཁག་ལ་དམ་ནན་བྱས་པ་རེད། མིག་སྔར། དཔྱིད་རྨོད་དཔྱིད་འདེབས་ཀྱི་དུས་འགོའི་ལས་ཁག་ལེགས་གྲུབ་ཟིན་ཡོད་པ་རེད།
མིག་སྔའི་བར། རྫོང་ཡོངས་སུ་རྫས་ལུད་ཀྲོན་379.42སྤྲད་པ་དང་། སྐྱེ་ལྡན་ལུད་ཀྲོན་199 ཞིང་སྨན་ཀྲོན་0.113 ཡུག་པོའི་སོན་ཀྲོན་13 ཧེ་ལའི་སོན་ཨང་22རྒྱ་མ་ཁྲི་12བཅས་སྤྲད་ཡོད་པ་རེད།