ཧྥེང་ཆའོ་ཡི་ཉམས་མྱོང་ཞེས་པ་ནི་ཀྲེ་ཅང་ཀྲུའུ་ཅི་གྲོང་ཁྱེར་ཧྥེང་ཆའོ་གྲོང་རྡལ་ལས་བྱེད་པ་དང་མང་ཚོགས་ཚོས་1963 ལོར་གསར་གཏོད་བྱས་པའི་མང་ཚོགས་སྐུལ་སློང་དང་མང་ཚོགས་ལ་བརྟེན་ནས་འགལ་ཟླ་རང་སར་སེལ་བ་དང་རང་སར་ཐག་གཅོད་བྱ་རྒྱུ་མཐའ་འཁྱོངས་ཐོག འཛིན་བཟུང་བྱ་མི་ཉུང་བ་དང་བདེ་འཇགས་ལེགས་པའི་མང་ཚོགས་ལས་ཀའི་བྱ་ཐབས་བཟང་པོ་དེར་བརྗོད་པ་ཡིན། དེ་ནི་གཞི་རིམ་ཏང་རྩ་འཛུགས་དང་ལས་བྱེད་པ་དང་མང་ཚོགས་ཀྱི་ཉིན་རེའི་ལས་དོན་ནང་ནས་ཐོན་པའི་གསར་གཏོད་ཀྱི་ཉམས་མྱོང་ཞིག་དང་། ལྷག་པར་དུ་གཞི་རིམ་མང་ཚོགས་ཚོས་གསར་གཏོད་བྱས་པའི་གསོན་ཉམས་དོད་པའི་ཉམས་མྱོང་ཞིག ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་བསམ་བློ་གཏོང་སྟངས་དང་ལས་དོན་སྒྲུབ་སྟངས་གཞི་རིམ་ནས་གསོན་ཉམས་དོད་པོས་མངོན་པ་ཞིག་བཅས་ཡིན།