第02版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合
 
标题导航
གོང་དཀར་རྫོང་གིས།
ཕྱོགས་བསྡུས་གསར་འགྱུར།
གསུམ། ཧྥེང་ཆའོ་ཡི་ཉམས་མྱོང་ཞེས་པ་གང་ཡིན་ནམ།
དཔྱིད་རྨོད་དཔྱིད་འདེབས་ཀྱི་ཞིང་ཟོག་སྤྲོད་པའི་ལས་དོན་ལེགས་གྲུབ་ཟིན་པ།
ངེད་གྲོང་ཁྱེར་གྱིས་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་པ།
སྣང་ཆེན་བཞི་དང་དགའ་ཞེན་བཞིའི་རྐང་འཛིན་སྒྲོག་འགྲེལ་པའི་གསོ་སྦྱོང་གཉེར་བ།
| 山南网首页 |
2019年4月29日 星期
3 上一篇  下一篇 4 放大 缩小 默认
གོང་དཀར་རྫོང་གིས།
ལྟེ་བའི་རིན་ཐང་ལྟ་བ་ལག་བསྟར་བྱས་ནས་སྣང་ཆེན་བཞི་དང་དགའ་ཞེན་བཞི་བྱེད་མཁན་གཞོན་ནུ་ལོ་ཆུང་ཡག་པོ་ཧུར་ཐག་བྱེད་པའི་བྱེད་སྒོ་སྤེལ་བ།
 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། གཞོན་ནུ་ལོ་ཆུང་གི་མི་ཚེའི་གོམ་པ་དང་པོ་ཡག་པོ་སྤོ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་སློབ་གྲྭར་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་བསྟར་བྱེད་པའི་བླང་བྱ་དོན་འཁྱོལ་གཏིང་ཟབ་བྱ་ཆེད། འདི་ལོ་ནས་བཟུང་གོང་དཀར་རྫོང་གིས་སློབ་གྲྭ་འབྲིང་ཆུང་ཁག་ཏུ་ལྟེ་བའི་རིན་ཐང་ལྟ་བ་ལག་བསྟར་བྱས་ནས་སྣང་ཆེན་བཞི་དང་དགའ་ཞེན་བཞི་བྱེད་མཁན་གཞོན་ནུ་ལོ་ཆུང་ཡག་པོ་ཧུར་ཐག་བྱེད་པའི་བྱེད་སྒོ་གཏིང་ཟབ་སྤེལ་བ་རེད།

གོང་དཀར་རྫོང་གིས་སློབ་གྲྭ་འབྲིང་ཆུང་ཁག་ཏུ་བརྗོད་དོན་གཙོ་བོའི་འཆད་ཁྲིད་བྱེད་སྒོ་སྤེལ་བ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ཞི་ཅིན་ཕིང་གིས་བོད་ལྗོངས་མི་རིགས་སློབ་ཆེན་བཙུགས་ནས་ལོ་60འཁོར་བར་སྤྲིངས་གནང་བའི་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན། ཏང་གི་དམངས་ཕན་སློབ་ཕན་གྱི་སྲིད་ཇུས་སོགས་དྲིལ་བསྒྲགས་བྱས་པ་བརྒྱུད་རྒྱ་ཆེའི་དགེ་སློབ་ཚོའི་རྒྱལ་གཅེས་ཀྱི་བརྩེ་སེམས་དང་། འགན་འཁྲིའི་འདུ་ཤེས། དྲིན་ཚོར་གྱི་བསམ་པ་བཅས་སྔར་བས་ཟབ་ཏུ་ཕྱིན་ཡོད།

ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་སྤྱོད་བཟང་རྒྱུན་འཛིན་དང་དར་སྤེལ་གཏོང་ཆེད། གོང་དཀར་རྫོང་གིས་བརྗོད་དོན་གཙོ་བོའི་སྒྲོག་འགྲེལ་ཧུར་ཐག་བྱས་པ་དང་། དགེ་རྒན་གྱིས་དྲི་བ་འདོན་པ་དང་གཏམ་རྒྱུད་བརྗོད་པ་སོགས་བྱེད་ཐབས་སྣ་ཚོགས་བརྒྱུད་སློབ་མས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་ནང་དོན་དང་གལ་ཆེའི་རང་བཞིན་ཁོང་དུ་གཏིང་ཟབ་ཆུད་པ་བྱས་པ་དང་། སློབ་མས་ད་ལྟ་ནས་འགོ་འཛུགས་པ་དང་དུས་རྒྱུན་གྱི་བྱ་བ་ཆུང་ཙག་ནས་འགོ་བཙུགས་ཏེ་ཀུན་སྤྱོད་དང་བྱ་སྤྱོད་ཚད་ལྡན་ཞིག་འཇགས་ཐབས་བྱས་པ་དང་སྦྲགས་བྱ་སྤྱོད་དངོས་ལ་བརྟེན་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་བསྟར་བྱས་ཡོད།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合
   第04版:生活常识
གོང་དཀར་རྫོང་གིས།
ཕྱོགས་བསྡུས་གསར་འགྱུར།
གསུམ། ཧྥེང་ཆའོ་ཡི་ཉམས་མྱོང་ཞེས་པ་གང་ཡིན་ནམ།
དཔྱིད་རྨོད་དཔྱིད་འདེབས་ཀྱི་ཞིང་ཟོག་སྤྲོད་པའི་ལས་དོན་ལེགས་གྲུབ་ཟིན་པ།
ངེད་གྲོང་ཁྱེར་གྱིས་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་པ།
སྣང་ཆེན་བཞི་དང་དགའ་ཞེན་བཞིའི་རྐང་འཛིན་སྒྲོག་འགྲེལ་པའི་གསོ་སྦྱོང་གཉེར་བ།