▶ཉེ་དུས། གྲོང་ཁྱེར་ཡོངས་ཀྱི་ཆོས་ལུགས་ཁྱབ་ཁོངས་ཀྱི་ཚད་གཞི་བཞི་དང་།སྣང་ཆེན་བཞི་དང་དགའ་ཞེན་བཞིའི་མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་ལས་ཀའི་སྐུལ་འདེད་ཚོགས་འདུ་འཚོགས་ནས་དུས་རིམ་གོང་མའི་ལས་དོན་ཁག་ལ་ཕྱོགས་བསྡོམས་དང་འདི་ལོའི་སློབ་གསོ་ལག་ལེན་བྱེད་སྒོར་བཀོད་སྒྲིག་བྱས་པ་རེད།
▶ཉེ་དུས། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཞིང་ལས་དང་གྲོང་གསེབ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བསྟན་པ་ཆོས་བཟང་གིས་སྣེ་འཁྲིད་གནང་བའི་རང་སྐྱོང་ལྗོངས་སྲིད་གྲོས་འབྲོག་ལས་དཔལ་འབྱོར་ཆེད་དོན་རྟོག་ཞིབ་ཚོ་ཆུང་གིས་ངེད་གྲོང་ཁྱེར་དུ་རྟོག་ཞིབ་བྱས་པ་དང་བཞུགས་མོལ་འཚོགས་པ་རེད།
▶ཉེ་དུས། ངེད་གྲོང་ཁྱེར་གྱིས་2019ལོའི་སློབ་གསོ་ལུས་རྩལ་དང་སློབ་སྡུའི་ལས་དོན་ཚོགས་འདུ་འཚོགས་ཏེ། ན་ནིང་ལོའི་སློབ་གསོ་དང་ཡིག་རྒྱུགས་སློབ་སྡུའི་ལས་དོན་ཁག་ལེགས་གྲུབ་གནས་ཚུལ་བརྡ་ཁྱབ་བཏང་བ་དང་། འདི་ལོའི་སློབ་གསོའི་ལས་དོན་ཁག་ལ་བཀོད་སྒྲིག་བྱས་པ་རེད།
▶ཉེ་དུས། ཐེངས་བརྒྱད་པའི་ཏང་ཡོན་ཆབ་སྲིད་སློབ་གསོའི་ཆེད་དོན་ཞིབ་བསྡུར་འཛིན་གྲྭའི་སློབ་མ་ཚོས་གྲོང་ཁྱེར་ཞིབ་དཔྱོད་ཁང་གི་ཐོག་མའི་བསམ་འདུན་སློབ་གསོའི་བཤམས་སྟོན་ཁང་ལ་ལྟ་སྐོར་བྱས་པ་རེད།
▶ཉེ་དུས། ངེད་གྲོང་ཁྱེར་གྱིས་བཟོ་ཨུད་ཞབས་ཞུ་གཞི་རིམ་དུ་སྤེལ་ཞེས་པའི་བྱེད་སྒོ་སྣེ་གདོང་ཆུས་ཀྱི་སྡོད་ཁང་སྐྱོ་ཁུལ་ཉམས་བཟོའི་ཨར་བསྐྲུན་ས་ཚིགས་སུ་སྤེལ་བ་རེད།
▶ཉེ་དུས། གྲོང་ཁྱེར་སྤྱི་བདེ་ཅུད་ཀྱིས་ཟངས་རི་རྫོང་དུ་སློབ་གསོ་གཤམ་སྤེལ་གྱི་གསོ་སྦྱོང་བྱེད་སྒོ་སྤེལ་བ་རེད།
▶ཉེ་དུས། གོང་དཀར་རྫོང་གིས་གྲོང་གསེབ་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་པའི་མཛད་སྒོ་ཚུགས་པ་དང་། ད་ཐེངས། འགྲུལ་སྐྱེལ་རླངས་འཁོར་15གསར་པ་ཉོས་པ་དང་།འགྲིམ་འགྲུལ་ལམ་ཐིག་15བཟོ་བཅོས་བྱས་པའི་ནང་།གྲོང་གསེབ་ཀྱི་འགྲིམ་འགྲུལ་ལམ་ཐིག་5གསར་གཏོང་བྱས་ཡོད་པ་རེད།