第01版:头版 4下一版
 
版面导航

第01版
头版

第02版
综合新闻

第03版
综合
 
标题导航
| 山南网首页 |
2019年4月29日 星期
3 上一篇  下一篇 4 放大 缩小 默认
ཕུར་བུ་དོན་གྲུབ་ཀྱིས་རྩེད་ཐང་གྲོང་ཁུལ་དུ་བརྟག་ཞིབ་གནང་སྐབས།
སྔར་བས་སྡོད་མལ་སྐྱིད་ཅིང་ལས་གཏོད་འཕྲོད་པའི་ཡིད་འོང་རྩེད་ཐང་གྲོང་ཁྱེར་ཅིག་བསྐྲུན་དགོས་པའི་ནན་བཤད་གནང་།
 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཨུད་ཧྲུའུ་ཅི་གཞོན་པ། གྲོང་སྤྱི་ཕུར་བུ་དོན་གྲུབ་ཀྱིས་རྩེད་ཐང་གྲོང་ཁུལ་དུ་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་༧༠འཁོར་བར་བསུ་བ་ཞུ་བའི་ཁོར་ཡུག་བཅོས་སྒྲིག་ལས་དོན་སྐུལ་སྤེལ་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད། ཁོང་གིས། དམིགས་ཚད་མཐོ་བའི་སྒོ་ནས་འཆར་འགོད་དང་། ཚད་གཞི་མཐོ་བའི་སྒོ་ནས་འཛུགས་སྐྲུན། དམ་ནན་སྒོ་ནས་སྐུལ་སྤེལ། ཕན་ནུས་ཆེ་བའི་སྒོ་ནས་དོ་དམ་བཅས་བྱས་ཐོག་གྲོང་ཁྱེར་འཆར་འགོད་ཀྱི་སྣེ་ཁྲིད་ནུས་པ་དང་གྲོང་ཁྱེར་གྱི་དམིགས་བསལ་གྱི་ས་བབ་ཁྱད་ཆོས་འབུར་ཐོན་ཡོང་བ་བྱེད་དགོས་པ་དང་། མུ་མཐུད་ནས་གྲོང་ཁྱེར་འཛུགས་སྐྲུན་དོ་དམ་གྱི་ཆུ་ཚད་མཐོར་འདེགས་སྒོས། དྲིལ་བསྒྲགས་སློབ་གསོ་དང་གླེང་ཕྱོགས་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་སྟེ། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་༧༠འཁོར་བར་བསུ་བ་ཞུ་ཆེད་ཁོར་ཡུག་གི་རྣམ་པ་བཟང་པོ་གཏོད་དགོས་པའི་ནན་བཤད་གནང་།

ཆེད་ལས་ཁྲོམ་རར། ཕུར་བུ་དོན་གྲུབ་ཀྱིས་ཁྲོམ་རའི་འཛུགས་སྐྱོང་དང་དོ་དམ། འཁོར་རྒྱུག་འཆར་གཞི་སོགས་ཀྱི་གནས་ཚུལ་རྒྱུས་མངའ་གནང་ཞིང་། ཁོང་གིས། མིག་སྔའི་རྩེད་ཐང་གྲོང་ཁུལ་གྱི་ལྕགས་རིགས་ཡོ་བྱད་དང་། ཤིང་ཆ། རྡོ་རྒྱུ་སོགས་ལས་སྣོན་བྱེད་སར་ཟང་ཟིང་གི་རྣམ་པ་མང་བས། རྩེད་ཐང་གྲོང་ཁུལ་གྱི་གཟུགས་བརྙན་གཏོད་རྒྱུར་ཤུགས་རྐྱེན་ཆེན་པོ་ཐེབས་པ་མ་ཟད། གྲོང་མི་ཚོའི་འགྲོ་འོང་ལའང་སྟབས་བདེ་མེད། དེའི་ཐད་བཅོས་སྒྲིག་དགོས་པའི་རེ་འབོད་བྱེད་མཁན་མང་། གཅིག་བསྡུས་ཐོག་ལས་སྣོན་བྱེད་སར་བཅོས་སྒྲིག་ཚད་ལྡན་གཏོང་རྒྱུ་ནི་གྲོང་ཁྱེར་འཕེལ་རྒྱས་ཀྱི་དགོས་མཁོ་ཞིག་ཡིན་ལ། དམངས་ཀྱི་བསམ་འདུན་ཀྱང་ཡིན། ཞི་མཐུན་ལ་སྐུལ་འདེད་གཏོང་རྒྱུ་ཞིག་ཡིན་ལ། སྒྲིག་ཁྲིམས་ནན་བསྟར་དང་ཡིད་འོང་ལྷོ་ཁ་འཛུགས་གཏོད་ཀྱི་དགོས་མཁོ་ཡང་ཡིན་པས། འབྲེལ་ཡོད་ཚན་པས། གྲོང་མི་དང་ལས་སྣོན་ཚོང་དུད་ལ་འགན་འཁུར་བའི་སྒོ་ནས་ཁྲོམ་ར་གནས་སྤོའི་ལས་དོན་ལ་སྐུལ་འདེད་མགྱོགས་སུ་བཏང་སྟེ། རྩེད་ཐང་གྲོང་ཁུལ་དང་ལྷག་དོན་མགོན་པོ་ལམ་གྱི་བཙོག་ཟིང་ཞན་གསུམ་གྱི་སྣང་ཚུལ་ཐག་གཅོད་ལེགས་པོ་བྱེད་དགོས་པའི་མཛུབ་སྟོན་གནང་།

ཀླུ་ཆུང་ལམ་ཆེན་དང་སྐལ་བཟང་ལམ། དེ་བཞིན་མགོན་པོ་ལམ་བཅས་ཀྱི་མཐོར་འདེགས་ལས་གཞི་སོགས་ནི་གྲོང་སྲིད་ (པར་ངོས་གསུམ་པར་གཟིགས)

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合
   第04版:生活常识
ཝུའུ་དབྱིང་ཅེས་ལྗོངས་ཡོངས་ཀྱི་དབུལ་ཞྭ་འཕུད་རྩིས་ཡོད་པའི་རྫོང(ཆུས)19ཡི་དབུལ་སྒྲོལ་འགག་སྒྲོལ་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ།
ཤང་གྲོང་སློབ་གསོའི་བྱ་གཞག་གི་འཐབ་ས་སྲུང་མཁན།
ཕུར་བུ་དོན་གྲུབ་ཀྱིས་རྩེད་ཐང་གྲོང་ཁུལ་དུ་བརྟག་ཞིབ་གནང་སྐབས།