第01版:头版 4下一版
 
版面导航

第01版
头版

第02版
综合新闻

第03版
综合
 
标题导航
| 山南网首页 |
2019年4月29日 星期
3 上一篇  下一篇 4 放大 缩小 默认
ཤང་གྲོང་སློབ་གསོའི་བྱ་གཞག་གི་འཐབ་ས་སྲུང་མཁན།
ཆུ་གསུམ་རྫོང་ཆུ་མདོ་རྒྱང་ཤང་རྫོང་ཞོལ་གྲོང་ཚོའི་ཚབ་འཁྲིད་དགེ་རྒན་བསོད་ནམས་རྡོ་རྗེའི་སྐོར།
བསོད་ནམས་དོན་གྲུབ་ཀྱིས་བསྒྱུར།
 

ཡངས་ཤིང་རྒྱ་ཆེ་བའི་ཨེ་ཆུ་མདོ་རྒྱང་གི་རི་འདབས་ཀྱི་གངས་ད་དུང་བཞུར་འཕྲོ་ལུས།

ཟླ་4པའི་ཚེས་14ཉིན་ནི་གཟའ་ཟླ་བ་རེད། ཆུ་གསུམ་རྫོང་ཆུ་མདོ་རྒྱང་ཤང་རྫོང་ཞོལ་གྲོང་ཚོའི་ཚབ་འཁྲིད་དགེ་རྒན་བསོད་ནམས་རྡོ་རྗེས་ཉིན་དེའི་ཞོགས་པ་སྔ་མོ་ནས་སྦག་སྦག་བཞོན་པའི་གཟུགས་བརྙན་དེ་སླར་ཡང་ཤང་གྲོང་དེའི་ལམ་སྟེང་དུ་མངོན། ལམ་བར་ཁོང་གིས་སློབ་གྲྭའི་ནང་ལས་ཀ་མང་དག་བྱེད་རྒྱུར་ལུས་པ་དྲན་དུས་རང་འགུལ་ངང་སྦག་སྦག་གི་མྱུར་ཚད་མགྱོགས་སུ་བཏང་།

གཟའ་མཇུག་སླེབས་རིམ་བཞིན་བསོད་ནམས་རྡོ་རྗེས་རྒྱང་ཐང་གྲོང་ཚོར་གནས་པའི་ཁྱིམ་ནས་རྫོང་ཞོལ་གྲོང་ཚོར་འགྲོ་འོང་ཐེངས་གཅིག་བྱེད་དགོས་ཤིང་། དུས་ཡུན་ཆུ་ཚོད་གཉིས་ཡས་མས་འགོར་གྱི་ཡོད་པའི་ལམ་དེའི་སྟེང་ཁོ་པས་ཐེངས་ག་ཚོད་བསྐྱོད་མྱོང་མི་དྲན།

ལོ་ངོ་23ཚུན། བསོད་ནམས་རྡོ་རྗེས་གཞི་རིམ་དུ་གཞི་རྐང་ཚུགས་ཏེ། ཨེ་ཆུ་མདོ་རྒྱང་གི་སློབ་འཁྲིད་ཚིགས་མང་པོར་ཚབ་འཁྲིད་དགེ་རྒན་གྱི་ལས་འགན་དང་དུ་བླངས་ཡོད་པ་དང་། ལས་གནས་དཀྱུས་མ་དེའི་སྟེང་བློ་གཅིག་སེམས་གཅིག་གིས་དེ་ཁུལ་བུ་ཕྲུག་མང་དག་ཅིག་གསོ་སྐྱོང་བྱས་ཡོད་པ་རེད།

རྫོང་ཞོལ་སློབ་འཁྲིད་ས་ཚིགས་སུ་བསྐྱོད་སྐབས། རོལ་རྩེད་བྱེད་བཞིན་པའི་བུ་ཕྲུག་ཚོས་ལམ་སེང་གསར་འགོད་པར་མ་གྲོས་གཅིག་མཐུན་སྒོ་ནས་འཚམས་འདྲི་བྱེད་བཞིན་འདུག

སྒོ་ར་ཆུང་ཆུང་ཞིག་དང་སློབ་ཁང་དཀྱུས་གཅིག་ལ་བརྩེགས་པའི་ནང་། བུ་ཕྲུག་ཚོས་དུས་རྒྱུན་འདི་གར་སློབ་ཚན་ཉན་པ་དང་། ཁ་ལག་ཟོས་པ། རྩེད་མོ་རྩེ་བ་བཅས་ཀྱིས་གནས། ད་ལྟའི་ཆར། རྫོང་ཞོལ་སློབ་འཁྲིད་ས་ཚིགས་སུ་བུ་ཕྲུག་ཁྱོན་9ཡོད་ཅིང་། ཁོང་ཚོའི་ན་སོ་ལོ་4ནས་ལོ་8ཀྱི་བར་ཡིན་པ་རེད།

ཁོང་ཚོའི་དགེ་རྒན་བསོད་ནམས་རྡོ་རྗེའི་གཟུགས་ཚད་རིང་ཞིང་ཤ་རིད་པ། ངོ་གདོང་སྨུག་ནག་ཅན་ཞིག་དང་། འདི་ལོ་ལོ་ན་52ལ་གསོན་པའི་ཁོང་ནི་དུས་རྒྱུན་སྨྲ་བ་ཉུང་ཡང་གཞན་ལ་གུས་ཞབས་ཆེས་ཆེར་ལྡན་པ་ཞིག་རེད། (པར་ངོས་གསུམ་པར་གཟིགས)

བསོད་ནམས་རྡོ་རྗེས་སློབ་གསོའི་ལས་གནས་ཐོག་མི་གསར་སྐྱོང་བའི་ཟུར་ཞིག

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合
   第04版:生活常识
ཝུའུ་དབྱིང་ཅེས་ལྗོངས་ཡོངས་ཀྱི་དབུལ་ཞྭ་འཕུད་རྩིས་ཡོད་པའི་རྫོང(ཆུས)19ཡི་དབུལ་སྒྲོལ་འགག་སྒྲོལ་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ།
ཤང་གྲོང་སློབ་གསོའི་བྱ་གཞག་གི་འཐབ་ས་སྲུང་མཁན།
ཕུར་བུ་དོན་གྲུབ་ཀྱིས་རྩེད་ཐང་གྲོང་ཁུལ་དུ་བརྟག་ཞིབ་གནང་སྐབས།