བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་དུས། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་རང་སྐྱོང་ལྗོངས་དབུལ་སྐྱོར་གསར་སྤེལ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝུའུ་དབྱིང་ཅེས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས་ལྗོངས་ཡོངས་ཀྱི་དབུལ་ཞྭ་འཕུད་རྩིས་ཡོད་པའི་རྫོང(ཆུས)དབུལ་པོ་19ཡི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ཁྲོད་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཐད་ཆེད་དོན་ཞིབ་འཇུག་གནང་བ་རེད།
ཝུའུ་དབྱིང་ཅེས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་ང་ཚོར་སྤྲད་གནང་བའི་གཟི་བརྗིད་ཆེ་ལ་བླ་ན་མེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ལྕི་པོ་ཞིག་རེད། དེར་བརྟེན། ང་ཚོས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “དབུལ་སྐྱོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་ལྷག་དོན་དུ་ཁྲུང་ཆིང་དུ་འཚོགས་པའི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་གྱི་བཞུགས་མོལ་ཚོགས་འདུའི་ཐོག་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་།སྤྱི་ཁྱབ་ཧྲུའུ་ཅིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུ་དང་ཀྲུང་དབྱང་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པའི་ཐོག་གནང་བའི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་སྐོར་གྱི་བཀོད་སྒྲིག་བླང་བྱར་གཞིགས་པ། “སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་དམིགས་ཚད་ལ་དམ་པོར་གཞིགས་པ། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ། གནད་སྨིན་མཛད་ཇུས་མཐའ་འཁྱོངས་བྱེད་པ། འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ། དབུལ་སྒྲོལ་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་ལས་འགན་ཁག་གི་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བཅས་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་བྱ་སྤྱོད་དངོས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གི་གནས་བབ་ལ་སྲུང་སྐྱོང་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཚོཌ་འདུའི་ཐོག་དབུལ་ཞྭ་འཕུད་རྩིས་ཡོད་པའི་རྫོང(ཆུས)དབུལ་པོ་19ཡི་འགན་ཁུར་བློ་མཐུན་གྱིས་དབུལ་སྒྲོལ་འགག་སྒྲོལ་ལས་དོན་གྱི་འཕེལ་རིམ་གནས་ཚུལ་དང་། ཕྲད་པའི་གནད་དོན་དང་དཀའ་ངལ། དེ་བཞིན་གོམ་སྟབས་རྗེས་མའི་ལས་ཀའི་འཆར་གཞི་སྙན་སེང་ཞུས་པ་རེད།
ཕྱོགས་ཁག་གི་གཏམ་བཤད་གསན་རྗེས། ཝུའུ་དབྱིང་ཅེས་ཤིན་ཏུ་དབུལ་བའི་རྫོང(ཆུས)དབུལ་པོ་19ནི་དཔེ་མཚོན་གྱི་དཀའ་ངལ་ནང་གི་དཀའ་ངལ་དང་། དབུལ་པོའི་ནང་གི་དབུལ་པོ། འགག་སྒྲོལ་ནང་གི་འགག་སྒྲོལ་བཅས་ཡིན་པས་དབུལ་སྒྲོལ་ཁག་ཤོས་རེད། དེར་བརྟེན་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཡིད་ཆེས་དང་ཆོད་སེམས་བརྟན་དུ་བཏང་ནས་དམིགས་ཚད་མ་བསྒྲུབས་བར་ལས་མཚམས་མི་འཇོག་པའི་དཔའ་ཉམས་དང་། “གཞན་གྱིས་ནུས་ཤུགས་ཏིལ་འབྲུ་ཙམ་བཏོན་ན། རང་གིས་སྟོབས་ཤུགས་རི་ཙམ་འདོན་པའི”ངར་ཤུགས་ལ་བརྟེན་པ། བྱས་འབྲས་ཐོབ་པར་ངས་མི་རྩོད་པའི་བསམ་བློའི་འཁྱེར་སོ་དང་བྱས་རྗེས་འཇོག་པར་ང་ཡིས་འབད་པའི་འགན་འཁྲི་འཁུར་སེམས་ལ་བརྟེན་ནས་རང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་དེ་བྱིངས་ཀྱི་དབུལ་སྒྲོལ་ལས་དོན་ཁག་ཤོས་མཐའ་གཅིག་ཏུ་ཡག་པོ་བསྒྲུབས་ཏེ་རང་ལྗོངས་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཆེད་རྨང་གཞི་བརྟན་པོ་འདིང་དགོས།
གཅིག་ནས་གནད་སྨིན་མཛད་ཇུས་མཐའ་འཁྱོངས་བྱས་ཏེ་ (པར་ངོས་གསུམ་པར་གཟིགས)