འདི་ལོའི་ཚུན་དུ། རྒྱ་ཆེའི་གྲོང་སྡོད་ལས་བྱེད་པས་སྔར་རྒྱུན་ལྟར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ནན་ཏན་ངང་ལག་བསྟར་དོན་འཁྱོལ་བྱས་ཤིང་། དམངས་ལ་རྒྱུན་དུ་གཅེས་སེམས་འཆང་བ་དང་། དམངས་ལ་ཕན་པ་འདོགས་པའི་འགན་འཁྲི་ནན་གྱིས་སྒྲུབ་ལ། དམངས་ལ་ཞབས་འདེགས་ཞུ་བའི་འདུ་ཤེས་རྟག་ཏུ་བཅངས་ཏེ། དུས་རབས་གསར་པའི་ལས་བྱེད་པའི་གྲོང་སྡོད་ལས་དོན་གྱི“ལས་འགན་གལ་ཆེན་བདུན”ལ་དམ་པོར་དམིགས་ནས། འཐབ་ཕྱོགས་དང་པོར་འབད་འཐབ་དང་། གཞི་རིམ་དུ་རྩ་བ་འཛུགས་པ། རང་འགན་གཙང་མར་སྒྲུབ་པ། ལས་ཀ་ཧུར་ཐག་བྱེད་པ། ལང་ཚོ་དང་རྔུལ་ཆུ་འདོན་པ་བཅས་ཀྱི་ཐོག་ནས་མི་རིགས་ཁག་གི་མང་ཚོགས་ལ་བཅངས་པའི་བརྩེ་བ་ཟབ་མོ་མཚོན་པ་བྱས་ཡོད་ལ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་ཕྱིར་ལེགས་སྐྱེས་གལ་ཆེན་ཕུལ་བ་རེད།
འདི་ནི་ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་དཔེ་གདགས་ཤང་ཏོག་གཉིས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་གྲོང་མིའི་སྣེ་ཁྲིད་ནས་རི་ཉིལ་ཁུལ་གྱི་འགྲོ་ལམ་གཤོང་བཞིན་པ།
འདི་ནི་ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་ལ་རྒྱབ་ཤང་ལ་རྒྱབ་གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་འཇིགས་རྒོལ་སྤྱི་ཁྱབ་རུ་ཁག་གི་ལས་དོན་རུ་ཁག་གིས་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་ཏང་ཡོན་མང་ཚོགས་དང་མཉམ་དུ་གངས་གསོག་བཤངས་ནས་འགྲིམ་འགྲུལ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སེལ་བཞིན་པ།