第04版:社会焦点 上一版3
 
版面导航

第01版
头版

第02版
综合新闻

第03版
综合
 
标题导航
| 山南网首页 |
2018年11月21日 星期
3 上一篇  下一篇 4 放大 缩小 默认
སློབ་གསོ་པུའུ་ཡིས།
རྒྱལ་ཁབ་རིམ་པའི་སྦྱངས་འབྲས་ལེགས་ཐོན་གྱི་ བྱ་དགའི་མིང་ཐོ་ཡོངས་བསྒྲགས་བྱས།
 

མི་དམངས་དྲ་བའི་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་11ཚེས་14ཉིན། སློབ་གསོ་པུའུ་ཡིས་ཡོངས་བསྒྲགས་བྱས་དོན། 2017ལོ་ནས་2018ལོའི་ལོ་འཁོར་གྱི་དངོས་གཞི་དང་ཆེད་སྦྱངས་ཚན་ཁག་གི་རྒྱལ་ཡོངས་ཀྱི་སློབ་མ་49978ལ་རྒྱལ་ཁབ་རིམ་པའི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའ་ཐོབ་པ་དང་། མི་རེ་ལ་བྱ་དགའ་སྒོར་8000ཡོད།

ལོ་7རིང་ལ་རྒྱལ་ཁབ་རིམ་པའི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་མིང་ཐོ་ཞིབ་དཔྱད་རིགས་གཅིག་མཁས་པ་སྟེ། ཀྲུང་གོའི་གཏེར་ལས་སློབ་ཆེན་ཏང་ཨུའི་སློབ་མའི་ལས་དོན་པུའུ་ཡི་པུའུ་ཀྲང་ཧོང་ཅུང་ལི་ཡིས། "ཕུལ་བྱུང་ནང་ནས་ཕུལ་བྱུང་འདེམས་པ་ནི་རྒྱལ་ཁབ་རིམ་པའི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའ་ཐོབ་མཁན་གྱི་ཚད་གཞི་གཅིག་པུ་རེད" ཅེས་བརྗོད། ཀྲུང་གོའི་གཏེར་ལས་སློབ་ཆེན་ལ་དཔེར་བླངས་ན། 2017ལོ་ནས་2018ལོའི་ལོ་འཁོར་གྱི་དངོས་གཞི་དང་ཆེད་སྦྱངས་ཚན་ཁག་གི་རྒྱལ་ཁབ་རིམ་པའི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའ་དཔྱད་འདེམས་ནང་དུ། སློབ་གྲྭ་ཡོངས་ཀྱི་དངོས་གཞིའི་སློབ་མ་17658ནང་དུ་སློབ་མ་218ཙམ་ལ་མཚན་སྙན་འདི་ཐོབ་པ་རེད།

མཚན་སྙན་འདི་ཐོབ་པ་ལ། "འགག་སྒོ་བརྒྱད"བརྒྱུད་དགོས་པ་སྟེ། སྔོན་གྱི་འགག་སྒོ་ལྔ་ནི་མཐོ་རིམ་སློབ་གྲྭའི་ནང་དུ"སློབ་མའི་རེ་ཞུ་དང་། ལོ་རིམ(ཆེད་ལས)འོས་སྦྱོར་དཔྱད་འདེམས། སློབ་གླིང་དང་ཚན་ཁག་གི་འོས་སྦྱོར། སློབ་གྲྭས་ཞིབ་བཤེར་དང་། སློབ་གྲྭའི་ནང་དུ་སྤྱི་བསྒྲགས"བཅས་བྱེད་དགོས།

སློབ་གྲྭའི་ནང་གི་འགག་སྒོ་རིམ་པ་སོ་སོ་ནི་ལས་སླ་པོ་ཞིག་མ་རེད། པེ་ཅིང་རྫས་འགྱུར་བཟོ་ལས་སློབ་ཆེན་གྱི་ཏང་ཨུ་ཧྲུའུ་ཅི་གཞོན་པ་སུང་ལའེ་ཞི་ཡིས། རྒྱལ་ཁབ་ཀྱི་ཚད་གཞི་ཕུད། པེ་ཅིང་རྫས་འགྱུར་བཟོ་ལས་སློབ་ཆེན་གྱིས་སློབ་གྲྭ་རང་གིས་འགག་སྒོ་གཅིག་བསྣན་ཡོད་པ་སྟེ། ལོ་རིམ(ཆེད་ལས)དཔྱད་འདེམས་འོས་སྦྱོར་ལ་གྲོས་འཆམ་བྱུང་རྗེས། སློབ་གླིང་སོ་སོས་འོས་མི་ལ་ཡོངས་བསྒྲགས་ངང་དགག་ལན་འདེབས་པར་བཅུག་མཐར། སློབ་གླིང་དང་ཚན་ཁག་གི་འོས་སྦྱོར་སློབ་མ་གཏན་འཁེལ་བྱེད་རྒྱུ་རེད་ཅེས་བཤད།

འགག་སྒོ་རིམ་པ་དྲུག་པ་སྟེ། ཀྲུང་དབྱང་གཙོ་གཉེར་སྡེ་ཁག་དང་ཞིང་ཆེན་རིམ་པའི་སློབ་གསོ་སྡེ་ཁག་སོ་སོས་ཀྲུང་དབྱང་པུའུ་ཡི་ཁོངས་གཏོགས་ཀྱི་མཐོ་རིམ་སློབ་གྲྭ་དང་ས་གནས་ཀྱི་མཐོ་རིམ་སློབ་གྲྭས་ཡར་སྤྲད་པའི་དཔྱད་འདེམས་ཡིག་ཆ་ལ་ཞིབ་བཤེར་གྲོས་འཆམ་བྱུང་རྗེས། ད་གཟོད་འགག་སྒོ་རིམ་པ་བདུན་པར་འགྲིམ་རྒྱུ་སྟེ། རྒྱལ་ཁབ་རིམ་པའི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་མིང་ཐོ་དཔྱད་ཞིབ་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཁབ་རིམ་པའི་སྦྱངས་འབྲས་ལེགས་ཐོན་འོས་སྦྱོར་སློབ་མ་ཁྲི་5ཙམ་གྱི་རེ་ཞུའི་དཔྱད་གཞི་ལ་དཔྱད་ཞིབ་བྱེད་པ་རེད།

ཆེས་མཐའ་མའི་འགག་སྒོ་སྟེ། དཔྱད་ཞིབ་ཐོག་མའི་མིང་ཐོ་ནི་རྒྱལ་ཁབ་རིམ་པའི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་མིང་ཐོ་དཔྱད་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གྱིས་ཞིབ་བཤེར་བྱས་ནས་མིང་རྟགས་བཀོད་རྗེས། ཆེས་མཐའ་མའི་བྱ་དགའ་ཐོབ་པའི་མིང་ཐོ་བྱུང་བ་རེད།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合
   第04版:社会焦点
སྐྱིད་གྲོང“འགག་སྒོ”ནས་ཨེ་ཤེ་ཡ་ལྷོ་མའི་སྐམ་ས་ཆེ་མོར་ཤར་གཏོང་ཐུབ་པ།
ཁྲོན་བོད་ལྕགས་ལམ་གྱི་ཤར་སྣེར་འགུལ་སྐྱོད་ཞིབ་བཤེར་ཚོད་ལྟ་བྱེད་འགོ་ཚུགས་པ།
རྒྱལ་ཁབ་རིམ་པའི་སྦྱངས་འབྲས་ལེགས་ཐོན་གྱི་ བྱ་དགའི་མིང་ཐོ་ཡོངས་བསྒྲགས་བྱས།