འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་དུས། གསར་འགོད་པས་གྲོང་ཁྱེར་བཟོ་ཚོང་ཅུད་ནས་ཤེས་རྟོགས་བྱུང་བར། ངེད་གྲོང་ཁྱེར་གྱིས་ཟླ་11ཚེས་10ནས་བཟུང་རྒྱལ་ཡོངས་དང་གོམ་སྟབས་མཉམ་མཚུངས་ཀྱིས་འཁྲོལ་འཛིན་དང་ལག་ཁྱེར་ལོགས་དབྱེའི་སྒྱུར་བཅོས་ལག་བསྟར་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་འཁྲོལ་འཛིན་དང་ལག་ཁྱེར་ལོགས་དབྱེའི་སྒྱུར་བཅོས་ནང་ངེད་གྲོང་ཁྱེར་གྱིས་ཚན་པ་12དང་དོན་ཚན་38གཏན་འཁེལ་བྱས་ཡོད་པའི་ནང་། ཁས་ལེན་གསལ་བསྒྲགས་ཁག་6དང་། ཞབས་ཞུའི་ཁོངས་སུ་ལེགས་རྒྱུའི་དོན་ཚན་32ལེགས་བཅོས་བྱེད་རྒྱུ་ཡིན་པ་དེ་དག་ལྗོངས་བཟོ་ཚོང་ཅུད་ཀྱིས་ལྟ་སྡོམ་གར་སྟེགས་དང་ལྷན་དུ་ཚན་པ་ཁག་གིས་སྲིད་དོན་ཕྱི་ཡུལ་དྲ་བ་དང་། ཕན་ཚུན་དྲ་འབྲེལ་སོགས་ཀྱི་བྱེད་ཐབས་བརྒྱུད་ཚེས་10གོང་བཟོ་ཚོང་ཚན་པའི་ཆ་འཕྲིན་དང་འབྲེལ་མཐུད་བྱས་ཐོག་རྒྱལ་ཁབ་ཁེ་ལས་ཡིད་རྟོན་ཆ་འཕྲིན་ཡོངས་བསྒྲགས་ཁྱབ་ཁོངས་ཐོག་ཡོངས་བསྒྲགས་བྱེད་རྒྱུ་རེད།