第01版:头版 4下一版
 
版面导航

第01版
头版

第02版
综合新闻

第03版
综合
 
标题导航
| 山南网首页 |
2018年11月16日 星期
3 上一篇  下一篇 4 放大 缩小 默认
དེ་སྔའི་བྱེ་ཐང་དེང་གི་ནོར་གཞོང་ལ་འགྱུར་བ།
ངེད་གྲོང་ཁྱེར་གྱིས་ས་ཁོངས་ནང་ཁུལ་གྱི་སྐྱེ་ཁམས་ཐོན་ལས་ལ་བརྟེན་ནས་དབུལ་སྒྲོལ་ལ་སྐུལ་སྤེལ་བཏང་བ།
 

རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ལས་ཀྱང་ལྷག གངས་རི་འཁྱགས་རོམ་ཡང་གསེར་རི་དངུལ་རི་ཡིན། སྣོད་བཅུད་ལེགས་བཅོས་དང་རྣམ་གྲངས་སྲུང་སྐྱོང་ལག་བསྟར་བྱས་ནས་སྣོད་བཅུད་ཐོན་ལས་འཕེལ་རྒྱས་དང་། གནམ་སྔོ་ཆུ་དྭངས་སྲུང་སྐྱོབ་ཡག་པོ་བྱེད་རྒྱུ་ནི་ངེད་གྲོང་ཁྱེར་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལག་བསྟར་མཐར་ཕྱིན་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན།

2016ལོ་ཚུན་དུ། ངེད་གྲོང་ཁྱེར་གྱིས་གཙང་པོའི་བྱང་རྒྱུད་ས་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་ཕུགས་ཕན་ལེགས་བཅོས་བྱེད་རྒྱུར་དམིགས་ཏེ། སྐྱེ་ཁམས་ཐོན་ལས་འཕེལ་རྒྱས་གཏོང་བ་དང་ཆབས་ཅིག་ས་ཆ་དེ་གའི་དབུལ་པོའི་མང་ཚོགས་ཀྱིས་ལས་དོན་དེའི་ནང་ཐེ་ཞུགས་བྱེད་རྒྱུར་འཁྲིད་སྟོན་ཧུར་ཐག་བྱས་ཐོག་སྐྱེ་ཁམས་ལ་བརྟེན་ནས་དབུལ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། སྐྱེ་ཁམས་གོང་འཕེལ་དང་དབུལ་སྒྲོལ་ཟུང་འབྲེལ་གྱི་ལམ་བུའི་ཐོག་བསྐྱོད་ཐབས་བྱས་པར་དཀའ་ངལ་ཡོད་པའི་མང་ཚོགས་མི་ཉུང་བ་ཞིག་ཐོན་ལས་འཕེལ་རྒྱས་ཁྲོད་ཡུན་རིང་བརྟན་པོའི་སྒོ་ནས་དབུལ་སྒྲོལ་ཐུབ་པ་བྱུང་བ་རེད།

སྐྱེ་ཁམས་ཐོན་ལས་སྟོབས་ཆེར་བཏང་ནས་མང་ཚོགས་ལ་འབབ་འཕར་ཡོང་རྒྱུར་སྣེ་ཁྲིད་བྱས་པ།

གཙང་པོའི་བྱང་རྒྱུད་དུ་བསྐྱོད་སྐབས། རྒྱ་ཆེ་ལ་བདེ་བགྲོད་ཐུབ་པའི་ཨར་འདམ་ལམ་མང་པོ་ཞིག་ཕན་ཚུན་དམ་པོར་སྦྲེལ་ཞིང་། ལོ་འདབ་ཕྱོགས་བཞིར་རྒྱས་པའི་ལྕང་སོན་མི་ཉུང་བ་ཞིག་ཤང་ཤང་དུ་རྒྱུག་པོའི་ཡར་ཀླུང་གཙང་པོའི་བཞའ་ཚན་འོག་སྐྱེ་འཚར་གང་ལེགས་བྱུང་བཞིན་ཡོད་ལ། སྐྱེ་ཁམས་ཐོན་ལས་ཀྱི་དབུལ་སྐྱོར་རྣམ་གྲངས་རེ་རེ་ཚ་ཚ་འུར་འུར་ངང་འཛུགས་སྐྲུན་བྱེད་བཞིན་ཡོད་པས། གང་སར་སྐྱེ་སྟོབས་ཀྱིས་དཔལ་འབར་བའི་ཐོན་སྐྱེད་འཛུགས་སྐྲུན་གྱི་ (པར་ངོས་གསུམ་པར་གཟིགས)

འདི་ནི་རྣམ་གྲངས་ཁུལ་གྱི་མང་ཚོགས་ཚོས་ཞོར་ལས་ཡོང་འབབ་ལས་ཀར་ཞུགས་པ།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合
   第04版:摄影
ལྗོངས་ཡོངས་ཀྱི་མི་དམངས་འཐུས་ཚོགས་ལས་ཀའི་བཞུགས་མོལ་ ཚོགས་འདུ་རྩེད་ཐང་དུ་འཚོགས་པ།
དེ་སྔའི་བྱེ་ཐང་དེང་གི་ནོར་གཞོང་ལ་འགྱུར་བ།
ངེད་གྲོང་ཁྱེར་གྱིས་རྒྱལ་ཡོངས་དང་གོམ་སྟབས་
ཐོན་ལས་དགེ་མཚན་འདོན་སྤེལ་བྱས་པ་ཡིས། ཕ་ཡུལ་མང་ཚོགས་ཕྱུག་པོའི་ལམ་དུ་འཁྲིད།