ཉེ་བའི་ལོ་ཤས་ཚུན།ཆུ་གསུམ་རྫོང་ཤག་ལྷོ་གྲོང་ཚོའི་ཁོར་ཡུག་ལ་ལེགས་བཅོས་བྱུང་ནས་ཐོན་ལས་སྟོབས་ཆེར་ཕྱིན་པ་དང་།གྲོང་མི་ཚོའི་འཚོ་བ་ཡང་གྲོང་ཁྱེར་ནང་གི་འཚོ་བའི་ཆུ་ཚད་དང་གཉིས་སུ་མ་མཆིས།
ཆུ་གསུམ་རྫོང་གྲོང་ནས་ལྷོ་ཕྱོགས་སུ་སྤྱི་ལེ་གསུམ་ཙམ་བསྐྱོད་ན་ཤག་ལྷོ་གྲོང་ཚོར་སླེབས་པ་དང་།གྲོང་ཚོ་ནས་རྒྱང་ལྟ་བྱེད་སྐབས་འགྱིང་ངེར་གནས་པའི་ལྷ་རྒྱ་རིའི་ཕོ་བྲང་གནའ་ཤུལ་མཐོང་ཐུབ།2013ལོར་གྲོང་ཚོ་དེ་བོད་རང་སྐྱོང་ལྗོངས་ཀྱི་སྣོད་བཅུད་གྲོང་ཚོར་བདམས་ཐོན་བྱུང་ཡོད།
མཛེས་ཤིང་ཡིད་དུ་འོང་བའི་འདམ་རར་སྲུང་སྐྱོབ་ཐུབ་པ།
ཤག་ལྷོ་གྲོང་ཚོར་སྐད་གྲགས་ཆོད་པའི་འདམ་ར་ཞིག་ཡོད་པ་དེ་ནི་ཤག་ལྷོ་འདམ་ར་ཡིན་པ་དང་།འདམ་ར་དེ་ཆུ་གསུམ་རྫོང་སྡེའི་ནང་ཁུལ་དུ་རྒྱུག་པའི་གསེར་ཆུ་ཨ་མ་ཆུ་བོ་དང་འབྲེལ་ཡོད་པས་འདམ་རའི་རྒྱ་ཁྱོན་ལ་སྤྱི་ཆིང་4600ལྷག་ཙམ་ཡོད་པ་དང་།འདམ་རའི་ནང་ཁུལ་གྱི་རྩྭ་ཆུ་ཕུན་སུམ་ཚོགས་པོ་ཡོད་ལ་བྱ་རིགས་ཁག་87ཙམ་དང་རི་སྐྱེས་འོ་འཐུང་སྲོག་ཆགས་རིགས་25ཙམ་འདི་གར་ཞི་བདེར་རོལ་ཞིག་ཡོད།2009ལོར།གྲོང་ཚོས་འདམ་རར་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་ཐོག་གཞུང་ལམ་གྱི་ཕྱོགས་སུ་གྱང་བསྐོར་བ་དང་།གྲོང་ཚོའི་ཕྱོགས་སུ་ལྕགས་ར་བསྐོར་བ།(པར་ངོས་གཉིས་པར་གཟིགས)
འདི་ནི་སྣོད་བཅུད་བཟང་བའི་གདོང་དཀར་གྲོང་ཚོའི་སྐྱ་བ་ཞོལ་འདམ་ར་ཡིན་པ།