第04版:国际国内 上一版3
 
版面导航

第01版
头版

第02版
综合新闻

第03版
综合
 
标题导航
| 山南网首页 |
2018年9月28日 星期
3 上一篇  下一篇 4 放大 缩小 默认
རང་རྒྱལ་གྱིས་རྒྱལ་ཁབ་ཀྱི་ཚལ་སོན་ཐོན་ཁུངས་ཁྲི་3.6ལྷག་ཉར་ཡོད་པའི་དུས་འབྲིང་མཛོད་དང་ཐོན་ཁུངས་
 

མི་དམངས་དྲ་བའི་ཐོག་གནས་ཚུལ་སྤེལ་གསལ། ཉིན་ཤས་གོང་གཉེར་བའི“སྔོ་ཚལ་དང་མེ་ཏོག་གི་ཚན་རྩལ་དང་ཐོན་ལས་འཕེལ་རྒྱས་འཐབ་ཇུས་ཀྱི་བགྲོ་གླེང་ཚོགས་འདུའི”ཐོག་ནས་གསར་འགོད་པར་ཤེས་རྟོགས་བྱུང་བར། རང་རྒྱལ་གྱིས་རྒྱལ་ཁབ་ཀྱི་ཚལ་སོན་ཐོན་ཁུངས་ཁྲི་3.6ལྷག་ཉར་བའི་དུས་འབྲིང་མཛོད་དང་ཐོན་ཁུངས་ལྡུམ་ར་བསྐྲུན་ནས་ཤ་ཚལ་སྒོང་གསུམ་གྱི་བདེ་འཇགས་རྨང་རྡོ་བརྟན་པོ་བཏིང་ཡོད་པ་རེད། སྔོ་ཚལ་ཚན་ཞིབ་བྱེད་མཁན་རྒྱལ་ཁབ་རུ་ཁག་ཡིན་པའི་ཀྲུང་གོ་ཞིང་ལས་ཚན་རིག་ཁང་སྔོ་ཚལ་དང་མེ་ཏོག་ཞིབ་འཇུག་སུའོ་བཙུགས་ནས་ལོ་60སོང་རིང་། རང་བརྟེན་སྐྱེད་སྲིང་བྱས་པའི་སྔོ་ཚལ་དང་མེ་ཏོག་གི་སྣ་ཁ་གསར་པ་300ལྷག་ཙམ་ཁྱབ་སྤེལ་ཤུགས་ཆེན་བཏང་ཡོད་པ་རེད།

ཀྲུང་གོ་ཞིང་ལས་ཚན་རིག་ཁང་སྔོ་ཚལ་དང་མེ་ཏོག་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་སུན་རི་ཧྥེ་ཡིས། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40སོང་རིང་། རང་རྒྱལ་གྱི་སྔོ་ཚལ་དང་མེ་ཏོག་ཐོན་ལས་ལ་འཕེལ་རྒྱས་ཆེན་པོ་བྱུང་ནས། གྲངས་འབོར་མཁོ་འདོན་འདང་ངེས་དང་སྣ་ཁ་མང་པོ་ཡོད་པས། ཚན་རྩལ་གྱིས་ཐོན་ལས་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་པ་གལ་ཆེན་ཐོན་ཡོད་ཅེས་བརྗོད་པ་རེད།

དུས་རབས་གོང་མའི་ལོ་རབས་70པ་ནས་བཟུང་། ཀྲུང་གོ་ཞིང་ལས་ཚན་རིག་ཁང་སྔོ་ཚལ་དང་མེ་ཏོག་ཞིབ་འཇུག་སུའོ་ཡིས་རང་རྒྱལ་གྱི་སྔོ་ཚལ་དང་མེ་ཏོག་ཐོན་ལས་དང་རིག་ཚན་འཕེལ་རྒྱས་ཀྱི་དགོས་མཁོ་གཙོ་བོར་དམ་པོར་དམིགས་ནས། “རྒྱལ་ཡོངས་ཀྱི་སྔོ་ཚལ་ཚན་ཞིབ་རོགས་ལས་ཚོགས་འདུ”སྒྲིག་འཛུགས་ཐེངས་མང་བྱས་པའི་ཐོག་ཞིབ་འཇུག་བྱེད་ཕྱོགས་གསར་པ་བཏོན་པ་མ་ཟད་འགག་སྒྲོལ་རོགས་ལས་སྒྲིག་འཛུགས་བྱས་པ་དང་། “ལོ་ལྔ་ཚན་དྲུག་པ”ནས“ལོ་ལྔ་ཚན་དགུ་པའི”བར། རྒྱལ་ཡོངས་ཀྱི་སྔོ་ཚལ་ཆེད་དོན་ཞིབ་འཇུག་སྒྲིག་འཛུགས་མཐུན་སྦྱོར་བྱས་པ་རེད། རྒྱལ་ཁབ་ཚན་རྩལ་དང་ཐོན་ལས་འཕེལ་རྒྱས་ཀྱི་འཆར་འགོད་བཟོ་བའི་ནང་ཞུགས་པ་མ་ཟད། ད་དུང་རྒྱལ་ཡོངས་རང་བཞིན་གྱི་ཚན་ཞིབ་དཔྱད་གཞི་གལ་ཆེན་ཁག་གཅིག་གི་རོགས་ལས་འགག་སྒྲོལ་བྱེད་འགན་འཁུར་ནས། རྒྱལ་ཁབ་ཕྱི་ནང་དུ་རིག་གཞུང་སྤེལ་རེས་དང་གསོ་སྦྱོང་རྒྱ་ཁྱབ་བྱས་པ་རེད། ཞིབ་འཇུག་སུའོ་དེས་རྒྱལ་ཡོངས་ཀྱི་སྟོབས་ཤུགས་སྒྲིག་འཛུགས་བྱས་ནས་རྒྱལ་ཁབ་ཀྱི་ཚལ་སོན་ཐོན་ཁུངས་ཁྲི་3.6ལྷག་ཉར་བའི་དུས་འབྲིང་མཛོད་དང་ཐོན་ཁུངས་ལྡུམ་ར་བསྐྲུན་ཏེ་ཚན་པ་250ལྷག་ལ་ཐོན་ཁུངས་ཐེངས་ཁྲི་2.8མཁོ་འདོན་བྱས་པ་རེད། རྒྱལ་ཡོངས་ཀྱི་ལས་རིགས་གཅིག་པ་ཚོའི་ཐུན་མོང་གི་འབད་འཐབ་འོག་རང་རྒྱལ་གྱི་སྔོ་ཚལ་དང་མེ་ཏོག་གི་ཚན་རིག་ཞིབ་འཇུག་གི་རྣམ་པ་གསར་པ་ཞིག་བཏོད་ཡོད་པ་རེད།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合
   第04版:国际国内
རང་རྒྱལ་གྱིས་རྒྱལ་ཁབ་ཀྱི་ཚལ་སོན་ཐོན་ཁུངས་ཁྲི་3.6ལྷག་ཉར་ཡོད་པའི་དུས་འབྲིང་མཛོད་དང་ཐོན་ཁུངས་
ཀྲུང་ཨའི་དཔལ་འབྱོར་ཉོ་ཚོང་རྩོད་གཞིའི་སྐོར་གྱི་དོན་དངོས་དང་ཀྲུང་གོ་ཕྱོགས་ཀྱི་