① ཉེ་སྔོན། ཉིའུ་ཡོའུ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་ལྟེ་གནས་སུ་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་གྱི་སྤྱིར་བཏང་རང་བཞིན་གྱི་རྩོད་གླེང་ཐོག་གཏམ་བཤད་སྤེལ་བ་རེད། ཉིན་དེར། ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་73གྱི་སྤྱིར་བཏང་རང་བཞིན་གྱི་རྩོད་གླེང་ཐོག་གཏམ་བཤད་སྤེལ་སྐབས། རང་ཉིད་ཀྱིས་ཙུང་ཐུང་གི་འགན་འཁུར་ཚུན་ལག་ལེན་བསྟར་བའི“ཨ་རི་དམིགས་བཀར”གྱི་སྲིད་ཇུས་ལ་བཤེར་རྩོད་བྱས་པ་དང་འབྲེལ་གོ་ལ་ཧྲིལ་པོའི་རིང་ལུགས་ཀྱི་འདུ་ཤེས་ལ་ངོ་རྒོལ་བྱས་ཡོད།
རང་སྐྱོང་ལྗོངས་ཀྱི་མཁའ་འགྲུལ་ལས་སྒོའི་འབོར་ཚད་མགྱོགས་མྱུར་མང་དུ་སོང་བའི་དགོས་མཁོ་ནུས་ལྡན་ངང་སྐོང་ཆེད། ལྷ་ས་གོང་དཀར་གནམ་ཐང་གི་གནམ་ཐང་བབས་ཚུགས་ཁུལ་བསྐྱར་སྐྲུན་རྒྱས་སྐྲུན་ལས་གྲྭ་2016ལོར་ཕྱོགས་ཡོངས་ནས་འགོ་ཚུགས་ཤིང་། ཐེངས་འདིའི་བསྐྱར་སྐྲུན་རྒྱས་སྐྲུན་ལས་གྲྭར་རགས་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་39.07བཏང་ཡོད། 2025ལོར་སླེབས་སྐབས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་900 དང་ཚོང་ཟོག་དང་སྦྲག་ཐོག་བསྐུར་བྱ་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི་8ལོན་པ་བྱ་རྒྱུའི་འཆར་འགོད་ཇུས་གཞི་གཞིར་བཟུང་། གནམ་གྲུ་འཇོག་ས་21བསྐྲུན་རྒྱུ་དང་། སྨི་ངོས་གྲུ་ཁྲི་8.8ཟིན་པའིT3གནམ་ཐང་བབས་ཚུགས་དང་སྨི་ངོས་གྲུ་ཁྲི་5.6ཟིན་པའི་རླངས་འཁོར་འཇོག་ཐང་གསར་སྐྲུན་བྱ་རྒྱུ་རེད། འདི་ནི་གོང་དཀར་གནམ་ཐང་གི་གནམ་ཐང་བབས་ཚུགས་ཁུལ་བསྐྱར་སྐྲུན་རྒྱས་སྐྲུན་ལས་གྲྭ་འཛུགས་སྐྲུན་བྱ་ཡུལ་ཡིན་པ།
ཉེ་ཆར། ཤིན་ཅང་དམག་ཁུལ་ཁང་གི་སྒྱོགས་དམག་ཐོན་ཞིག་གིས་བརྟེན་གཞི་ཞིག་ཏུ་བསྐྱོད་ནས་སྒྱོགས་དམག་ཚོགས་སྒྲིག་གི་སྒྱོགས་མདེལ་དངོས་ཀྱི་འཐབ་རྩལ་ནང་སྦྱོང་བྱས་ཡོད་ཅིང་། ནང་སྦྱོང་དངོས་ནང་མཉམ་འབྲེལ་དམག་འཐབ་སྦྱངས་བ་དང་། ཆ་རྐྱེན་སྡུག་པོའི་འོག་ཚ་ཁ་ལྟ་བ། རྙོག་འཛིང་ཆེ་བའི་ས་ཁོངས་ནང་འགན་སྲུང་ཡོང་བའི་སྦྱོང་བརྡར་བྱས་པ། དཀའ་ཚེགས་ཆེ་བའི་ཁོར་ཡུག་ནང་ཀུན་སྤྱོད་ལ་སྦྱོང་བརྡར་བཅས་བྱས་པས“ཚ་ཁ་ལྟ་བ”ནས“དམག་རྒྱག་པ”དང་། “རྒྱུགས་སྤྲོད་པ”ནས“དམག་དང་ལེན་བྱེད་པའི”ཕྱོགས་སུ་སྒྱུར་ཐུབ་ནས་མེ་སྒྱོགས་ཀྱི་ཕར་རྒོལ་ནུས་པར་ཚད་བརྒལ་གསར་པ་བྱུང་ཡོད།
④ ཟླ་9ཚེས་23ནས་ཚེས་26ཉིན་བར་ཀན་སུའུ་ཞིང་ཆེན་ཕིང་ལེང་གྲོང་ཁྱེར་གྱིས་ལིའུ་ཧུའུ་དེབ་ཁང་དུ“ཟླ་མཆོད་བསུ་བ་དང་རྒྱལ་སྟོན་ལ་རྟེན་འབྲེལ་ཞུ་བའི”མི་སེར་གྱི་གར་སྟེགས་ཆེ་མོའི་རིག་རྩལ་འཁྲབ་སྟོན་གྱི་བྱེད་སྒོ་སྤེལ་ནས་མི་རྣམས་ཀྱིས་དགའ་འབོད་ཀྱི་སྒྲའི་ཁྲོད་དུས་ཆེན་དགའ་གཏོང་བྱེད་ཅིང་། འདི་ནི་ཟླ་9ཚེས་24ཉིན་ཀན་སུའུ་ཞིང་ཆེན་ཕིང་ལེང་གྲོང་ཁྱེར་ལིའུ་ཧུའུ་དེབ་ཁང་དུ་འཁྲབ་སྟོན་པས་ཆིན་ཆང་ཟློས་གར་འཁྲབ་སྟོན་བྱེད་པའི་གནས་ཚུལ་ཡིན་པ།
①
②
③
④