(པར་ངོས་དང་པོར་མཐུད) གནས་ཚུལ་ཤེས་རྟོགས་དང་སྦྲགས་དམངས་ཀྱི་དགོས་མཁོ་ཅི་ཡོད་དང་ཇུས་འདོན་ཐབས་འབུལ་ལ་བློ་འདྲི་གནང་ཡོད་པ་རེད། དེ་མུར། ཝང་ཏེ་ཝུན་དང་། བག་བྲོ། ཁྲེན་ཀྲེང་ཞཱང་། སྐལ་བཟང་། དེ་བཞིན་གྲོང་ཁྱེར་འགོ་ཁྲིད་གཞན་ཚོས་ཀྱང་རང་འཁྲིའི་ལས་དོན་ཁྱབ་ཁོངས་ཀྱི་དོན་དངོས་དང་ཟུང་འབྲེལ་སྒོས་གཞི་རིམ་འཐབ་ས་མདུན་མར་གཅིག་རྗེས་གཉིས་མཐུད་ངང་འཇུག་སྟེ། བརྟན་ལྷིང་སྲུང་སྐྱོང་དང་། དཔལ་འབྱོར་འཕེལ་རྒྱས། དབུལ་གྲོལ་འགག་གཏོར། སྣོད་བཅུད་སྲུང་སྐྱོབ། གཞི་རིམ་ཏང་འཛུགས་སྐྱོང་། འདུ་ཤེས་ཁྱབ་ཁོངས་། མཐའ་མཚམས་འབྱོར་འབྲིང་འཛུགས་སྐྱོང་། རྨང་བརྟན་དམངས་ཕན། སྣང་ཆེན་བཞི་དང་དགའ་ཞེན་བཞི་སོགས་ལས་དོན་ལ་རྟོག་ཞིབ་སྤེལ་གནང་ཡོད་པ་རེད།
གྲོང་ཁྱེར་འགོ་ཁྲིད་རྣམ་པས་གཞི་རིམ་གྱི་མང་ཚོགས་རང་གི་སྤུན་ལྟ་བུར་བརྩིས་ཏེ། ཁོང་ཚོར་ཐུགས་ཁུར་དང་བྱམས་བརྩེ། མཉམ་ཟ་མཉམ་སྡོད་དང་ཅི་གྲོས་མོས་གྲོས་བཅས་བརྒྱུད་གཞི་རིམ་མང་ཚོགས་ཀྱི་བསམ་འདུན་གསན་པ་དང་ཐོན་སྐྱེད་འཚོ་བའི་འཕེལ་རྒྱས་གླེང་། མི་རྣམས་ཀྱིས་ཀྱང་གྲོང་ཨུད་ཀྱིས་ཏང་ནན་པོས་སྐྱོང་བ་དང་སྤྱོད་ཚུལ་ནན་པོས་སྐྱོང་བའི་ཆོད་སེམས་བརྟན་པོ་མཐོང་བ་མ་ཟད། གུང་ཁྲན་ཏང་ཡོན་གྱི་དངོས་ཐོག་བདེན་འཚོལ་དང་རང་བཤེར་རང་རྟོགས་ཀྱི་སྤྱོད་བཟང་ཡང་མཐོང་ཐུབ།
ས་བབ་རྒྱ་མཚོའི་ངོས་ལས་སྨི་4500ཡན་ཟིན་པའི་ཐག་རིང་ས་ཁུལ་གྱི་མང་ཚོགས་དང་མཉམ་ཟ་མཉམ་སྡོད་དང་། གདོང་དང་གདོང་ཐུག་ནས་གླེང་མོ་བརྒྱུད་གྲོང་ཁྱེར་འགོ་ཁྲིད་ཚོར་མྱོང་བ་ཟབ་མོ་བྱུང་བ་སྟེ། འགོ་ཁྲིད་ཚོས་མང་ཚོགས་ཁྲོད་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བའི་འཛད་མཐའ་མེད་པའི་སྟོབས་ཤུགས་དང་བློ་རིག་ཚོར་ཐུབ་ཡོད་པ་མ་ཟད། མང་ཚོགས་ཚོས་ཏང་ལ་བཅངས་པའི་ལྷག་བསམ་དང་ཕྱུག་འགྱུར་བྱེད་པའི་རེ་ལྟོས་སེམས་ཀྱང་ཚོར་ཐུབ་པ་བྱུང་ཡོད། ཚང་མས་ངོས་འཛིན་གཅིག་གྱུར་བྱུང་བ་ནི།འཐབ་ས་མདུན་མའི་ལས་དོན་སྒྲུབ་ཐབས་དར་སྤེལ་ཤུགས་ཆེན་གཏོང་དགོས། གཞི་རིམ་དུ་མང་ཙམ་ཟབ་འཇུག་བྱས་ནས་རྟོག་ཞིབ་བྱེད་རྒྱུ་ནི། འགོ་ཁྲིད་ལས་བྱེད་པས་དམངས་འཚོའི་གནས་ཚུལ་འདྲི་བ་དང་། དམངས་ཀྱི་བསམ་འདུན་ཉན་པ། དངོས་ཡོད་གནས་ཚུལ་དང་ལེན་བཅས་ཀྱི་ཐབས་ལམ་གལ་ཆེན་ཞིག་རེད། དེར་བརྟེན། འགོ་ཁྲིད་ལས་བྱེད་པས་དཔེ་སྟོན་འཛུགས་སྐྱོང་སྒོས་ཤང་གྲོང་དུ་མང་ཙམ་བསྐྱོད་དེ་ཞིང་འབྲོག་ཁུལ་གྱི་གནས་ཚུལ་རྒྱུས་མངའ་མང་ཙམ་བྱེད་དགོས། མང་ཚོགས་དང་མཉམ་ཟ་མཉམ་སྡོད་བྱས་ནས་དཔེ་སྟོན་ཡག་པོ་ཞིག་འཛུགས་སྐྱོང་བྱེད་དགོས། ད་དུང་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་གསར་གཏོད་རང་བཞིན་སྐུལ་སློང་ཡག་པོ་བྱས་ཏེ་ཕྱོགས་ཁག་གི་བློ་རིག་དང་སྟོབས་ཤུགས་གཅིག་སྒྲིལ་སྒོས་ལས་དོན་ཁག་དམ་པ་དོན་གཉེར་ཁྲོད་ནར་འགྱངས་མེད་པར་སྒྲུབ་དགོས་པ་དང་འཕེལ་རྒྱས་ལ་སྐུལ་སྤེལ་གྱིས་དམངས་འཚོ་ལེགས་བཅོས་དང་ཞི་མཐུན་སྐུལ་འདེད་བྱེད་དགོས།
ཁ་བཤད་ཆུ་ཡི་ལྦུ་བ། ལག་ལེན་གསེར་གྱི་ཐིགས་པ། གྲོང་ཁྱེར་འགོ་ཁྲིད་ཀྱིས་རང་ནས་འགོ་བཙུགས་ཏེ་གཞི་རིམ་དུ་བསྐྱོད་དེ་གཞི་རིམ་ལས་བྱེད་མང་ཚོགས་ཚོར་ལས་ཀའི་བསམ་གཞི་དང་ཁ་ཕྱོགས་གསལ་དུ་གཏོང་རོགས་དང་སྦྲགས་སྤྱོད་ཚུལ་སྒྱུར་རྒྱུར་མིག་དཔེ་བཟང་པོ་བཏོད་ཡོད་པས་གྲོང་ཁྱེར་ཡོངས་སུ་དམ་པ་དོན་གཉེར་དང་རང་དཔེ་གཞན་སྟོན་བྱེད་པའི་སྤྱོད་ཚུལ་སྒྱུར་བའི་ཁོར་ཡུག་བཟངཔོ་ཞིག་བསྐྲུན་ཡོད་པ་རེད། རྫོང་ངམ་ཆུས་དང་ལས་ཁུངས་ཚན་པ་ཁག་གི་འགོ་ཁྲིད་ལས་བྱེད་པ་མང་པོས་བརྗོད་དོན། གྲོང་ཁྱེར་འགོ་ཁྲིད་ཀྱིས་རང་དཔེ་གཞན་སྟོན་མཛད་པས་ང་ཚོས་ཀྱང་མིག་ལྟོས་ཀྱིས་ལས་བཀུར་ལས་བརྩོན་དང་དམ་པ་དོན་གཉེར་མཐའ་འཁྱོངས་སྒོས་གཟེར་རྒྱག་སྙིང་སྟོབས་བཅངས་ནས་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་པ་བྱེད་ཀྱི་ཡིན་ཞེས་བཤད།
གྲོང་ཁྱེར་འགོ་ཁྲིད་རྣམས་ཀྱིས་དཔོན་ཉམས་བཞག་སྟེ་ཤང་གྲོང་དུ་ཟབ་འཇུག་གནང་བ་དང་ལྷག་དོན་མང་ཚོགས་དང་སེམས་པ་བརྗེ་རེས་གནང་བས་སྤྱི་ཚོགས་བྱ་གཞག་ཁག་གི་སྐུལ་སྤེལ་ལ་འབད་འཐབ་བྱེད་པའི་ཧུར་སེམས་ཆེ་རུ་ཕྱིན་སོང་། ཁོང་རྣམ་པས་ང་ཚོའི་ཁྱིམ་གྱི་ཧ་ཡང་ཁེབས་གཅོད་ཕྱེ་ནས་ཟས་ཀྱི་བྲོ་བཅུད་གང་འདྲ་ཡོད་མེད་གཟིགས་པ་དང་། མལ་ཆས་ལ་ཕྱག་གི་རེག་ནས་དྲོད་སྲུང་ཐུབ་མིན་ལ་གཟིགས། འབྲུ་སྣོད་སྒྱེ་མོ་ཁ་ཕྱེ་ནས་བཟའ་འབྲུ་གྱ་ནོམ་པ་ཡོད་མེད་ལ་གཟིགས། ང་ཚོར་ཕྱག་བཏང་ནས་སེམས་གཏམ་ལྷུག་པོར་གླེང་། ད་དུང་ང་ཚོའི་དབུལ་ས་ཕོངས་ས་ག་པར་ཡོད་པ་དང་ཕྱུག་འགྱུར་གང་འདྲ་བྱེད་དགོས་པ་གསུངས་པས། ང་ཚོ་མང་ཚོགས་ཀྱི་སེམས་ལ་ཧ་ཅང་ཟུག་པོ་བྱུང་ཞེས་མང་ཚོཊ་ཀྱིས་སེམས་འཁོལ་ཆེན་པོའི་སྒོ་ནས་བརྗོད་དོན།