第03版:综合 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合
 
标题导航
| 山南网首页 |
2018年9月28日 星期
3 上一篇 放大 缩小 默认
གྲོང་ཨུད་ཀྱིས་རྣམ་གྲངས་འཛུགས་སྐྲུན་ལས་ཀའི་ཆེད་དོན་ ཞིབ་འཇུག་ཚོགས་འདུ་འཚོགས་པ།
 

(པར་ངོས་དང་པོར་མཐུད) ལམ་ལུགས་བསྟར་ནས་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་། རྣམ་གྲངས་གཞིས་ཆགས་ལག་བསྟར་ཡོང་བ་བྱེད་དགོས། རྣམ་གྲངས་འཛུགས་སྐྲུན་གྱི་ལས་དོན་དེ་ཉིད་ལོ་མཇུག་གི་དཔྱད་དཔོག་ནང་བཅུག་ནས་བྱ་དགའ་ཆད་གཅོད་ཡོད་པ་བྱེད་དགོས།

གསུམ་ནས་བཀོད་སྒྲིག་ལ་ཤུགས་སྣོན་རྒྱག་དགོས། གཅིག་གྱུར་བཀོད་སྒྲིག་དང་གཙོ་གནད་དམ་འཛིན། ལས་ཡུན་ལྡོག་སྒྲིག རིས་བལྟས་ལས་སྒྲུབ། ཟླ་རེར་བརྡ་ཁྱབ། དུས་ཚིགས་རེར་སྐུལ་འདེད། རྗེས་འདེད་ལྟ་བཤེར། ཕྱོགས་སྡོམ་གཟེངས་བསྟོད། དཔེ་མཚོན་གྱིས་དཔེ་སྟོན་བཅས་བྱེད་པའི་ལས་ཀའི་བླང་བྱ་གཞིར་བཟུང་། རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་སྤེལ་གཏོང་དགོས་པ་དང་། རྣམ་གྲངས་གཙོ་འགན་ཚན་པའི་འགན་འཁུར་མི་སྣས་རྣམ་གྲངས་ཀྱི་བཀོད་སྒྲིག་ལ་ཤུགས་སྣོན་བརྒྱབ་ནས་རྒྱུན་གཏན་ནས་སྙན་ཞུ་ཉན་པ་དང་། རྟག་ཏུ་ས་ཡུལ་དངོས་ལ་ཟབ་འཇུག་བྱས་ཏེ་གནད་དོན་ལ་ཞིབ་འཇུག་ཐག་གཅོད་དང་། མ་དངུལ་འགན་ལེན་ལ་ཤུགས་སྣོན་རྒྱག་པ། འཛུགས་སྐྲུན་མྱུར་ཚད་མགྱོགས་སུ་གཏོང་བ་བཅས་བྱས་ནས་མ་འཇོག་གང་མང་གི་དངོས་རྒྱུ་འགྲུབ་པ་བྱེད་དགོས།

བཞི་ནས་མཐུན་སྦྱོར་མཉམ་སྒུལ་བྱེད་དགོས་པ་སྟེ། རིམ་ཁག་ཚན་པ་ཁག་གིས་སྤྱི་ཡོངས་ལ་དམིགས་པའི་འདུ་ཤེས་བརྟན་པོ་བཙུགས་ནས་རྣམ་གྲངས་འཛུགས་སྐྲུན་ལ་ཞབས་ཞུ་གང་ལེགས་མཁོ་འདོན་བྱེད་དགོས། ལྷག་དོན་དུ་ཞིབ་དཔྱད་ཆོག་མཆན་གྱི་ལྷུ་ཚིགས་ནང་ཚན་པའི་ཁེ་ཕན་ལ་མ་བལྟོས་པར་འགག་སྒོ་དམ་སྒྲོལ་དང་རང་འགུལ་ཞབས་ཞུ་བསྒྲུབས་ནས་ཁེ་ལས་ཀྱིས་ཞིབ་མཆན་འགྲོ་ལུགས་ཁག་གཉེར་སྒྲུབ་བྱེད་པར་རོགས་རམ་བྱེད་དགོས། གློད་སྡོམ་ཞབས་གསུམ་གྱི་སྒྱུར་བཅོས་གཏིང་ཟབ་སྤེལ་དགོས་པ་དང་། འཕེལ་རྒྱས་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་བཏང་ནས་རྣམ་གྲངས་འཛུགས་སྐྲུན་ལ་འགན་ལེན་གང་ལེགས་ཡོང་བ་བྱེད་དགོས། མཉམ་ལས་གང་ཟབ་དང་འབྲེལ་གཏུགས་ཧུར་ཐག་བྱས་ཏེ་མཉམ་དུ་རྣམ་གྲངས་བརྩོན་ལེན་བྱེད་དགོས། སྡོམ་རྩིས་ཚན་པས་དངོས་ཐོག་བདེན་འཚོལ་གྱིས་རྣམ་གྲངས་སྡོམ་རྩིས་དང་མཛོད་འཇུག་ལས་ཀར་ཤུགས་སྣོན་རྒྱག་དགོས།

ལྔ་ནས་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་དགོས་པ་སྟེ། དཔལ་འབྱོར་ཚན་པ་ཁག་གིས་ལས་ཡུལ་མདུན་མར་བསྐྱོད་དེ་རྣམ་གྲངས་འཛུགས་སྐྲུན་བྱ་ཡུལ་གྱི་ས་ཡུལ་དངོས་སུ་ཟབ་འཇུག་བྱས་ནས་ལྟ་སྐུལ་ཞིབ་བཤེར་བྱེད་དགོས་ལ་གནད་དོན་ཡོད་ན་ཐག་གཅོད་བྱས་ཏེ་འཕེལ་རིམ་དང་མགྱོགས་ཚད་འགན་ལེན་ཐུབ་པ་བྱེད་དགོས།

དྲུག་ནས་སྲིད་ཇུས་ལ་སློབ་སྦྱོང་དང་ཞིབ་འཇུག་བྱེད་དགོས་པ་སྟེ། རིམ་ཁག་འགོ་ཁྲིད་ལས་བྱེད་པས་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱིས་བཏོན་པའི་སྲིད་ཇུས་གསར་པ་དང་བླང་བྱ་གསར་པ་སློབ་སྦྱོང་དང་ཞིབ་འཇུག་བྱས་ནས་སྲིད་ཇུས་ཁོང་དུ་ཆུད་པ་བྱེད་པའི་ཚོར་རྐྱེན་རང་བཞིན་དང་དབྱེ་འབྱེད་ནུས་པ་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། རྫོང་ངམ་ཆུས་ཁག་དང་ཚན་པ་ཁག་གིས་རྒྱལ་ཁབ་ཀྱིས་ཕན་འབྲས་ལེགས་པའི་མ་འཇོག་བྱེད་ཤུགས་མཐོ་རུ་གཏོང་བའི་གོ་སྐབས་དང་། ཀྲུང་དབྱང་གིས་བོད་ལ་གནང་བའི་དམིགས་བསལ་གྱི་གཟིགས་སྐྱོང་སྲིད་ཇུས་གོ་སྐབས། ཙུང་ལི་ལི་ཁེ་ཆང་དང་ཀྲུའུ་ཞི་དབང་ཡང་རྣམ་གཉིས་ཀྱིས་བོད་ཀྱི་ལས་དོན་ལ་ལྟ་སྐོར་མཛུབ་སྟོན་གནང་སྐབས་ཀྱི་རྒྱབ་སྐྱོར་དང་གོ་སྐབས་ཆེ་གྲས་རབ་དང་རིམ་པ་དམ་འཛིན། ལྗོངས་ཏང་ཨུད་ཀྱིས་མཐའ་མཚམས་ས་ཁུལ་གྱི་གཙོ་གནད་རྣམ་གྲངས་འཛུགས་ལ་ཤུགས་སྣོན་རྒྱག་རྒྱུའི་གོ་སྐབས་བཅས་དམ་བཟུང་བྱས་ཐོག་གང་མགྱོགས་སྲིད་ཇུས་ཁོང་དུ་ཆུད་པ་བྱེད་རྒྱུར་ཞིབ་འཇུག་བྱས་ནས་རྣམ་གྲངས་ཁག་ཅིག་གྲ་སྒྲིག་བྱ་རྒྱུར་འཆར་འགོད་བྱེད་དགོས་པ་དང་། སྙན་ཞུ་བརྩོན་ལེན་ལ་ཤུགས་སྣོན་བརྒྱབ་ནས་ངེད་གྲོང་ཁྱེར་གྱི་རྣམ་གྲངས་བང་མཛོད་རྒྱ་ཆེར་གཏོང་དགོས།

བདུན་ནས་ལོ་ལྔ་ཚན་བཅུ་བཞིའི་འཆར་གཞི་སྒྲིག་བཟོར་ཞིབ་འཇུག་བྱེད་དགོས་པ་སྟེ། སྟོབས་ཤུགས་ཡོད་ལ་ལས་སྒོ་བྱང་ཆུབ་པའི་ཆེད་ལས་འཆར་འགོད་བྱེད་པ་དང་། བློ་འདྲིའི་ལས་ཁུངས་གདན་ཞུ་བྱས་ནས་ལྷོ་ཁ་གྲོང་ཁྱེར་གྱི་ལོ་ལྔ་ཚན་བཅུ་བཞིའི་འཆར་འགོད་སྒྲིག་བཟོ་བྱེད་རོགས་བྱས་ནས་རང་སྐྱོང་ལྗོངས་ཀྱི་ལོ་ལྔ་ཚན་བཅུ་བཞིའི་འཆར་འགོད་འབོའི་ནང་ལྷོ་ཁའི་རྣམ་གྲངས་གང་མང་བླུགས་ཐུབ་པ་བྱེད་དགོས་ཤིང་། ལྷག་དོན་དུ་ཡར་ཀླུང་གཙང་པོའི་བར་རྒྱུད་ཀྱི་སྣོད་བཅུད་ཕྱོགས་བསྡུས་བཅོས་སྐྱོང་དང་ཆུ་གློག་ས་ཚིགས་འཛུགས་སྐྲུན། མཐའ་མཚམས་ལས་ཡུལ་མདུན་མའི་རྨང་གཞིའི་སྒྲིག་བཀོད་གཙོ་གནད་སོགས་རྣམ་གྲངས་ཀྱི་སྔོན་འགྲོའི་ལས་དོན་ཡག་པོ་བསྒྲུབས་ཐོག་ཕྱ་བ་གྲུ་འདེགས་ཀྱིས་རྣམ་གྲངས་ལས་དོན་ཁག་ཡག་པོ་བསྒྲུབས་དགོས་སོ།

3 上一篇 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合
   第04版:国际国内
གྲོང་ཨུད་རྒྱུན་ཨུའི་རྒྱ་ཆེའི་ཚོགས་འདུ་འཚོགས་ཏེ་གྲོང་ཁྱེར་མི་དམངས་འཐུས་ཚོགས་དང་སྲིད་གཞུང་།
སྤྱོད་ཚུལ་སྒྱུར་བར་རང་དཔེ་གཞན་སྟོན་གྱིས།གཞི་རིམ་མང་ཚོགས་བདེ་སྡུག་སེམས་ནང་བཞག
གྲོང་ཨུད་ཀྱིས་རྣམ་གྲངས་འཛུགས་སྐྲུན་ལས་ཀའི་ཆེད་དོན་ ཞིབ་འཇུག་ཚོགས་འདུ་འཚོགས་པ།