(པར་ངོས་དང་པོར་མཐུད) གནས་བབ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་པ་དང་།ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་གྱུར་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས།གཉིས་ནས་ལྟེ་བར་མཐའ་སྐོར་ཏེ་སྤྱི་ཡོངས་ལ་ཞབས་ཞུ་བསྒྲུབ་ནས་འགན་འཁྲི་ལེགས་གྲུབ་དང་འགན་འཁུར་དགོས།མི་དམངས་འཐུས་ཚོགས་ཏང་ཙུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་བསམ་བློས་མཛུབ་སྟོན་དུ་བྱེད་པ་དང་།ཏང་གི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་དམངས་གཙོའི་ཆབ་སྲིད་དང་ཁྲིམས་བཞིན་རྒྱལ་སྐྱོང་ཟུང་འབྲེལ་བྱས་ཐོག་ཁྲིམས་འཛུགས་དང་ལྟ་སྐུལ་དོ་དམ།གཏན་འབེབས།གོ་གནས་བསྐོ་འཐེན་བཅས་ཀྱི་འགན་འཁྲི་བཞི་ལག་བསྟར་ཡག་པོ་བྱེད་དགོས།གྲོང་ཁྱེར་ཡོངས་ཀྱི་ལས་ཀའི་གཙོ་གནད་ལ་མཐའ་སྐོར་ཏེ་ཁྲིམས་བཞིན་གྲོང་ཁྱེར་སྐྱོང་བ་དང་ལྟ་སྐུལ་དོ་དམ་དོན་འཁྱོལ།དེང་རབས་ཅན་གྱི་བཅོས་སྒྲིག་མ་ལག་ཐད་ལ་བྱ་སྤྱོད་ཡོད་པ་བཅས་ལ་སྐུལ་འདེད་གཏོང་དགོས།སྲིད་གཞུང་ཏང་ཙུའུ་ཡིས་དེང་རབས་ཅན་དཔལ་འབྱོར་མ་ལག་འཛུགས་སྐྱོང་དང་འཕེལ་རྒྱས་ཀྱི་འདུ་ཤེས་ཆེན་པོ་ལྔ་དོན་འཁྱོལ།སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་གཙོ་གནད་དུ་བྱེད་པ།སྒོ་དབྱེ་གསར་གཏོད་དང་དམ་པ་དོན་གཉེར།སེམས་ནུས་ཡོད་རྒུས་ལས་དོན་ཁག་དོན་འཁྱོལ་ཏན་ཏིག་བྱེད་དགོས།དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ཐད་ཤུགས་སྣོན་བརྒྱབ་སྟེ་ལོ་འཁོར་གྱིས་གཏན་འཁེལ་བྱས་པའི་གཏན་འཇགས་རྒྱུ་ནོར་མ་འཇོག་དང་།རྒྱལ་ནང་དཔལ་འབྱོར་འཕར་ཚད།ནོར་སྲིད་ཡོང་འབབ།ཚོང་འགུག་མ་འདྲེན་དམིགས་ཚད་བཅས་བྱ་སྤྱོད་གང་མགྱོགས་སྤེལ་ཏེ་མི་དམངས་འཐུས་མིར་ཁས་ལེན་བྱས་པ་དོན་འཁྱོལ་བྱེད་དགོས།སྒོ་དབྱེ་འཕེལ་རྒྱས་དང་སྔོ་ལྗང་འཕེལ་རྒྱས།འཕེལ་རྒྱས་དངོས་གཟུགས་དཔལ་འབྱོར་བཅས་ཀྱི་ཐད་ལ་འབད་བརྩོན་ལྷོད་མེད་བྱེད་དགོས།རྒྱ་ཆེའི་ཆོས་ལུགས་ལས་རིགས་མི་སྣ་དང་དད་ལྡན་སེར་སྐྱ་མང་ཚོགས་དང་མཐུན་སྒྲིལ་བྱས་ཏེ་མཉམ་དུ་ལྷོ་ཁའི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་སྐུལ་འདེད་གཏོང་དགོས།ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་ལྷག་དོན་དུ་སྤྱི་ཁྱབ་ཧྲུའུ་ཅིའི་མཐའ་བརྟན་བོད་སྐྱོང་གི་འཐབ་ཇུས་གལ་ཆེན་དགོངས་པས་མཛུབ་སྟོན་དུ་བྱས་ཏེ་བཅའ་ཁྲིམས་དང་ཁྲིམས་ལུགས་ཀྱིས་སྤྲས་པའི་འགན་འཁྲི་ལག་བསྟར་དོན་འཁྱོལ་བྱས་ཏེ་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་།རྒྱལ་ཁབ་ཀྱི་བདག་དབང་སྲུང་སྐྱོང་།སྤྱི་ཚོགས་དྲང་སྙོམས་དྲང་བདེན་ལ་སྲུང་སྐྱོང་བཅས་བྱེད་དགོས། གསུམ་ནས་ཁྱོན་ཡོངས་ནས་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་སྤྱོད་ཚུལ་ལ་འགྱུར་ལྡོག་བཏང་ཐོག་ལྷོ་ཁའི་ལས་དོན་ཁག་ཕྱོགས་ཡོངས་ནས་ཡར་ཐོན་ཡོང་རྒྱུར་སྐུལ་འདེད་གཏོང་དགོས།རིམ་ཁག་ཏང་ཨུད་དང་ཏང་ཙུའུ་ཡིས་ཆབ་སྲིད་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས་བརྟན་པོ་བཙུགས་ཏེ་ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་གཙོ་བོའི་འགན་འཁྲི་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས།ཏང་ཨུད་དང་ཏང་ཙུའུ་ཧྲུའུ་ཅིས་ལས་གནས་གཅིག་གི་འགན་འཁྲི་གཉིས་ལག་བསྟར་ཡག་པོ་བྱེད་དགོས་པ་དང་།སྤྱི་ཡོངས་ཀྱི་ཁ་ཕྱོགས་ལ་དམ་འཛིན་བྱེད་དགོས།དོ་དམ་ནན་པོ་དང་གཅེས་སྐྱོང་གཉིས་ཟུང་འབྲེལ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་རུ་ཁག་ཡག་པོ་སྣེ་ཁྲིད་དགོས།ལས་བྱེད་ལ་དོ་ཁུར་དང་སྤྱོད་ཚུལ་འཛུགས་སྐྱོང་ལ་དམ་འཛིན།འགན་འཁྲི་འདུ་ཤེས་ལ་ཤུགས་སྣོན་བཅས་རྒྱག་དགོས།ཏང་གི་འགོ་ཁྲིད་དང་ལས་སྒོའི་གསོ་སྦྱོང་།རང་ངོས་འཛུགས་སྐྱོང་བཅས་ལ་ཤུགས་སྣོན་དང་།རང་འགུལ་ངང་འགན་འཁུར་ཕོད་པ་དང་འགོ་ཁྲིད་ནུས་པ་དང་ལས་སྒོའི་ཆུ་ཚད་ཟམ་མི་ཆད་པར་མཐོར་གཏོང་ཡོང་བ་བྱས་ཏེ་དུས་རབས་གསར་པས་སྤྲས་པའི་འགན་འཁྲི་གསར་པ་འཁུར་ཏེ་ལྷོ་ཁའི་བྱ་གཞག་ཁྱོན་ཡོངས་ནས་ཡར་ཐོན་ཡོང་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས་པའི་ནན་བཤད་བྱས་ཡོད་པ་རེད།
ཚོགས་འདུས་ཡར་ཀླུང་གཙང་པོའི་དབུས་རྒྱུད་ས་ཁུལ་དེ་རྒྱལ་ཡོངས་ཀྱི་གཙོ་ནུས་ཐོན་ཁུལ་གྱི་འཆར་འགོད་ནང་གཏན་འཁེལ་བྱས་པའི་གཙོ་གནད་གསར་སྤེལ་ཁུལ་ཞིག་དང་།ལྷ་ས་དང་ལྷོ་ཁའི་དཔལ་འབྱོར་གཞི་གཅིག་ཅན་འཕེལ་རྒྱས།ལྷ་ས་དང་ལྷོ་ཁ།གཞིས་རྩེ་བཅས་ཀྱི་ལྟེ་བའི་དཔལ་འབྱོར་ཁུལ་འཛུགས་སྐྲུན་བྱེད་པའི་གཙོ་གནད་ས་ཁོངས་ཤིག་དང་།ལྗོངས་ཡོངས་ཀྱི་དབུལ་སྐྱོར་གནས་སྤོས་བྱེད་སའི་ས་ཁོངས་གཙོ་བོ་ཞིག་ཀྱང་ཡིན།གཙང་པོའི་ཁུལ་གསར་འཛུགས་སྐྲུན་དང་ལྷོ་ཁའི་མ་འོངས་འཕེལ་རྒྱས་དང་འབྲེལ་བའི་དོན་ཆེན་ཞིག་ཀྱང་དེ་བས་ཡིན་པས་གཙང་པོའི་དབུས་རྒྱུད་སྣོད་བཅུད་ཕྱོགས་བསྡུས་བཅོས་སྒྲིག་ལས་གྲྭ་ལག་བསྟར་བྱེད་རྒྱུ་དེ་ཁ་ཚྭ་དགོས་གཏུགས་སུ་ཐུག་ཡོད།གྲོང་ཨུད་ཀྱིས་མཐོང་ཆེན་དང་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་དང་འབྲེལ་ཡོད་ཐིང་ཅུད་ཀྱིས་མཐོང་ཆེན་དོ་ཁུར་གནང་བ་དང་།འབྲེལ་ཡོད་ཚན་པ་ཁག་གིས་ཀྱང་ལས་དོན་འབོར་ཆེན་བསྒྲུབ་ཡོད།རིམ་ཁག་འབྲེལ་ཡོད་ཚན་པ་ཁག་གིས་ཡར་ཀླུང་གཙང་པོའི་དབུས་རྒྱུད་བཟོ་ནང་དྭགས་པོ་ནས་ཟངས་རིའི་ཆུ་བོ་རྒྱུག་ཁུལ་སྣོད་བཅུད་ཕྱོགས་བསྡུས་བཅོས་སྒྲིག་ལས་གྲྭའི་འཆར་འགོད་ལ་མཐོང་ཆེན་དང་།ཚད་གཞི་མཐོ་བའི་འཆར་འགོད་དང་ཚད་གཞི་མཐོ་བའི་ལག་བསྟར་མཐའ་འཁྱོངས་བྱས་ཏེ་ལྗོངས་ཡོངས་ཀྱི་ས་བབ་མཐོ་བའི་གནས་སྤོས་ས་ཚིགས་དང་གཙང་པོའི་བྱང་རྒྱུད་ཁུལ་གསར་འཛུགས་སྐྲུན་དང་ཡར་ཀླུང་གཙང་པོའི་ངོགས་གཉིས་ཀྱི་མ་འོངས་འཕེལ་རྒྱས།དེ་བཞིན་འཐུང་ཆུ།ཆུ་ལོག་ལས་གྲྭ།རྩེད་ཐང་གྲོང་ཁུལ་གྱི་མ་འོངས་ཆུ་བེད་སྤྱོད་སོགས་ཀྱི་དོན་དངོས་དགོས་མཁོར་བསམ་གཞིགས་བྱས་ཏེ་ཚད་གཞི་མཐོ་བའི་ཡར་ཀླུང་གཙང་པོའི་དབུས་རྒྱུད་འཐུང་ཆུ་མཁོ་སྤྲོད་དང་ཞིང་ཆུ་འདྲེན་པ།ཆུ་ལོག་སྔོན་འགོག་མ་ལག་སོགས་ཀྱི་འབྲེལ་ཡོད་ལས་དོན་ཁག་ལ་འཆར་འགོད་ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།