第02版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合
 
标题导航
| 山南网首页 |
2018年9月26日 星期
3 上一篇  下一篇 4 放大 缩小 默认
ངེད་གྲོང་ཁྱེར་གྱིས་གཙོ་གནད་ལས་དོན་ལ་རང་བཤེར་དཔྱད་དཔོག་བྱེད་སྒོ་སྤེལ་བ།
 

(པར་ངོས་དང་པོར་མཐུད) རྒྱུ་ནོར་གྱི་རིན་ཐང་འཕར་ཚད་ལ་འགན་སྲུང་དགོས་པ་དང་། ཕན་འབྲས་ཐོན་རྒྱུར་མཐོང་ཆེན་བྱས་ཏེ་ཚན་རྩལ་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ཡག་པོས་ལྷོ་ཁའི་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་དགོས་ཞེས་དང་། གཉལ་སྨད་སྙིང་སྟོབས་དྲན་གསོ་ཁང་དུ་གཉལ་སྨད་སྙིང་སྟོབས་དང་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དར་སྤེལ་ཡག་པོ་བཏང་སྟེ་གྲུབ་འབྲས་གསར་པ་སྔར་བས་ཆེ་བ་གཏོད་དགོས་ཞེས་དང་། མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་སྐྲུན་ཡུལ་དང་འབྲེལ་བའི་ལྷོ་བྲག་ལ་རྒྱབ་དང་། སྣ་དཀར་རྩེ་ས་ཁུང་གྲོང་ཚོ། མཚོ་སྣའི་སླད་མོན་པ་མི་རིགས་ཤང་བཅས་ཀྱིས་ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་རིགས་ཁག་གི་ཐོན་ཁུངས་དང་སྟོབས་ཤུགས་གཅིག་བསྡུས་བྱས་ཐོག་ཡུལ་བབ་དང་བསྟུན་ཏེ་མཐའ་མཚམས་འབྱོར་འབྲིང་གྲོང་ཚོའི་གཞི་རིམ་ལས་བྱེད་མང་ཚོགས་ཀྱི་སྡོད་ཁང་དང་རྨང་གཞིའི་ལེ་ལག་སྒྲིག་བཀོད་ཀྱི་འཛུགས་སྐྲུན་སྤུས་ཚད་ལ་འགན་སྲུང་ཡག་པོ་བྱེད་དགོས་ཞེས་དང་། མཚོ་སྨད་རྫོང་བྲག་རྩ་གྲོང་ཚོར་གྲོང་ཚོ་རིམ་པའི་རྩ་འཛུགས་བྱེད་སྒོ་ཁང་ཚད་ལྡན་ཅན་དུ་བཏང་སྟེ་བྱེད་སྒོ་ཁང་འདི་ཉིད་ཏང་ཡོན་སློབ་གསོ་དང་སྦྱོང་བརྡར་བྱེད་སའི་རྟེན་གཞིར་སྒྱུར་བ་བྱེད་དགོས་ཞེས་དང་། རྫོང་ངམ་ཆུས་ཁག་གིས་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་གི་བྱེད་པོ་གཙོ་བོའི་འགན་འཁུར་ཏེ་གཞི་རིམ་ཏང་ཡོན་ལ་སློབ་གསོ་ཡག་པོ་བཏང་ནས་གཞི་རྩ་འཛུགས་འདི་ཉིད་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་རྗེས་སུ་འབྲངས་པ། མཐུན་སྒྲིལ་བྱེད་རྒྱུར་མཁས་པ། འཕེལ་རྒྱས་གཏོང་ཐུབ་པ། ཕྱུག་འགྱུར་བྱེད་ཐུབ་པ། བརྟན་ལྷིང་སྲུང་སྐྱོང་ཐུབ་པ། འགག་རྩའི་དུས་ལ་ནུས་པ་འདོན་སྤེལ་ཐུབ་པ་བཅས་ལྡན་པའི་འཐབ་འཛིང་འཛིང་རག་བརྟན་པོ་ཞིག་འཛུགས་སྐྲུན་བྱེད་དགོས་ཞེས་དང་། ལྷོ་བྲག་རྫོང་ལྷོ་འབྲུག་ལས་ཞུགས་ཀུན་གཏོད་བར་ཁྱམས་སུ་རྟོག་ཞིབ་གནང་སྐབས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་གཉིས་གཏོད་ལས་དོན་གྱི་སྲིད་ཇུས་འདེགས་སྐྱོར་ལ་ཤུགས་སྣོན་སྒོས་ཁེ་ལས་ཀྱི་གཞི་ཁྱོན་རྒྱ་སྐྱེད་བྱས་ཐོག་ཤེས་བྱའི་ཐོན་ལས་བདག་དབང་སྲུང་སྐྱོབ་འདུ་ཤེས་འཛུགས་སྐྱོང་གིས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སྲོལ་རྒྱུན་རིག་གནས་དེ་དེང་རབས་དཔལ་འབྱོར་དང་དར་སྲོལ་གསར་པ་གཉིས་དང་ཟུང་འབྲེལ་བྱས་ཏེ་ས་གནས་དེ་གའི་འཕེལ་རྒྱས་བརྟན་ལྷིང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་དགོས་པ་བཅས་ཀྱི་ནན་བཤད་གནང་།

ཞུས་ཁྲེང་ཚང་དང་བཅས་པས་ད་དུང་ཆུ་གསུམ་ཆུ་མདོ་རྒྱང་ཤང་དང་། ལྷུན་རྩེའི་མདོ་ཡུལ་ལྷོ་པ་མི་རིགས་ཤང་། ལྷོ་བྲག་རྫོང་མི་དམངས་སྨན་ཁང་། སྣ་དཀར་རྩེ་ཞྭ་མདའ་ཡུལ་ལྷན་སོགས་སུ་ཕེབས་ཏེ་རྟོག་ཞིབ་དང་སྦྲགས་འབྲེལ་ཡོད་ལས་དོན་ལ་ས་ཡུལ་དངོས་ནས་དཔྱད་འཇོག་གནང་བ་རེད།

ཞུས་ཁྲེང་ཚང་གིས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ལྷག་དོན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་བརྟན་མཐའ་སྐྱོང་གི་གལ་ཆེའི་འཐབ་ཇུས་དགོངས་པའི་མཛུབ་སྟོན་འོག་སྒོ་ཀུན་ནས་ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་སྒོས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་འབུར་ཐོན་དང་ཐོག་མཐའ་བར་གསུམ་དུ་མཐའ་སྲུང་མཐའ་བརྟན་འདི་ཉིད་གཟི་བརྗིད་ལས་འགན་དུ་བརྩིས་ཏེ་མཐའ་མཚམས་སྲུང་སྐྱོང་ཡག་པོ་དང་བརྟན་ལྷིང་སྲུང་སྐྱོང་ཡག་པོས་འཕེལ་རྒྱས་ལ་སྐུལ་སྤེལ་དང་སྐྱེ་ཁམས་སྲུང་སྐྱོབ། དམངས་འཚོ་ལེགས་བཅོས་བཅས་བྱས་ནས་ཏང་གི་སྲིད་འཛིན་རྨང་གཞི་ཟམ་མི་ཆད་པར་བརྟན་གཏོང་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད། ལྗོངས་ཏང་ཨུད་རྩ་འཛུགས་པུའུ་ཡི་འབྲེལ་ཡོད་བློ་མཐུན་གྱིས་རང་བཤེར་དཔྱད་དཔོག་ལས་དོན་ལ་མཛུབ་ཁྲིད་གནང་ཞིང་། གྲོང་ཨུད་རྩ་འཛུགས་པུའུ་དང་། གྲོང་ཁྱེར་དབུལ་སྐྱོར་གཞུང་ལས་ཁང་གི་འགན་འཁུར་མི་སྣ། འབྲེལ་ཡོད་རྫོང་ཁག་གི་རྫོང་ཨུད་ཧྲུའུ་ཅི་དང་། རྩ་འཛུགས་པུའུ་ཀྲང་། དབུལ་སྒྲོལ་འགག་གཏོར་ལས་དོན་གྱི་ལས་གནས་འགན་འཁུར་གྱི་རྫོང་དཔོན་གཞོན་པ་སོགས་ལྷན་དུ་ཞུགས་པ་རེད།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合
   第04版:社会焦点
ངེད་གྲོང་ཁྱེར་གྱིས་གཙོ་གནད་ལས་དོན་ལ་རང་བཤེར་དཔྱད་དཔོག་བྱེད་སྒོ་སྤེལ་བ།
སློབ་གསོའི་སྲིད་བཟང་འོད་ཟེར་སློབ་ལ་བརྩོན་པའི་སློབ་མར་འཕྲོས་