第02版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合
 
标题导航
| 山南网首页 |
2018年9月26日 星期
下一篇 4 放大 缩小 默认
སློབ་གསོའི་སྲིད་བཟང་འོད་ཟེར་སློབ་ལ་བརྩོན་པའི་སློབ་མར་འཕྲོས་
ངེད་གྲོང་ཁྱེར་གྱི་ལོ་སྟོད་ཀྱི་སློབ་གསོའི་ལས་དོན་སྐོར་གྱི་སྒྲིལ་གླེང་།
 

ལོ་བརྒྱའི་ཇུས་ཆེན་སློབ་གསོར་ཐུག་ཡོད། འདི་ལོ་ཚུན་དུ། ངེད་གྲོང་ཁྱེར་སློབ་གསོ་ཅུས་ཀྱིས“ཁ་ཕྱོགས་སྟངས་འཛིན་དང་། དོ་དམ་དམ་འཛིན། སྤུས་ཚད་མཐོར་གཏོང”བཅས་ཀྱི་ལས་ཀའི་བསམ་ཕྱོགས་ལ་གཞིགས་ནས་སློབ་གསོའི་སྒྱུར་བཅོས་ཟབ་གཏོང་གི་ཅན་བཞིའི་འདུ་འགོད་19ཡིས་སྤྱི་འདོམས་སུ་བྱས་ནས་གཙོ་གནད་དམ་འཛིན་གྱིས་སློབ་གསོའི་ལས་དོན་ལ་སྐུལ་འདེད་བཏང་བ་རེད།

ཏང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་སློབ་གྲྭའི་བདེ་འཇགས་སྲུང་སྐྱོང་བྱས་པ།

ལོ་སྟོད་དུ། ངེད་གྲོང་ཁྱེར་སློབ་གསོ་ཅུས་ཀྱིས་སློབ་གསོའི་ཁོངས་གཏོགས་སུ་ཏང་འཛུགས་སྐྱོང་གི་སྤུས་ཚད་ལོའི་བྱེད་སྒོ་གཏིང་ཟབ་སྤེལ་ནས《2018ལོའི་ལོ་འཁོར་གྱི་གཞི་རིམ་ཏང་འཛུགས་སྐྱོང་གི་ལས་ཀའི་གཙོ་གནད》དང《2018ལོའི་ལོ་འཁོར་གྱི་ཏང་སྲོལ་སྤྱོད་གཙང་འཛུགས་སྐྱོང་ལས་དོན་གྱི་གཙོ་གནད》བཟོས་པ་དང་འབྲེལ། རིམ་པ་བཞིན་དམིགས་ཚད་འགན་འཁྲིའི་ཡི་གེར་མིང་རྟགས་བཀོད་པ་རེད། “འདུ་ཤེས་བཞི”ཟབ་ཏུ་བཏང་ནས་ཡིག་རྒྱུགས་སློབ་བསྡུའི“ཉི་འོད་འདུ་འགོད”ལག་བསྟར་བྱས་པ་དང“འགན་གཙང་གསུམ”གྱི་དངོས་ཟོག་གཅིག་སྡུད་ཉོ་སྒྲུབ་དང་སྐྱེལ་བའི་ལམ་ལུགས་ཁྱབ་གདལ་བཏང་བ་རེད། དེ་དང་ཆབས་ཅིག ཅུས་དེས་ད་དུང་གཞི་རིམ་ཏང་རྩ་འཛུགས་ཀྱི་རིགས་དབྱེ་རིམ་གཏན་གྱི་ལས་དོན་སྒྲིག་འཛུགས་བྱས་ནས་སྤེལ་ཏེ་ནོར་དོན་ལས་དོན་གྱི་ནང་ངོས་ཚོད་འཛིན་ལམ་ལུགས་དང་རྩིས་ཞུའི་བརྒྱུད་རིམ་སྔར་བས་ཚད་ལྡན་དུ་བཏང་བ་རེད།

ངེད་གྲོང་ཁྱེར་སློབ་གསོ་ཅུས་ཀྱིས་སློབ་གྲྭའི་བདེ་འཇགས་སྲུང་སྐྱོང་བྱ་རྒྱུ་དེ་འགན་འཁྲི་ཨང་དང་པོར་བརྩིས་ཏེ་ཕྱོགས་གཅིག་ནས་གཙོ་གནད་མཚམས་ཚིག་གི་བདེ་འཇགས་བརྟན་ལྷིང་ལས་དོན་དམ་འཛིན་ནན་པོ་བྱས་ཏེ་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་ཇུས་གཞི་དང་འཕྲལ་སྡོམ་སྔོན་ཇུས་བཟོས་པ་དང་འབྲེལ། སློབ་གྲྭ་མ་ཚུགས་གོང་གི་བདེ་འཇགས་ཀྱི་ཆེད་དོན་ཞིབ་བཤེར་དང་སློབ་གྲྭའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་གི་ཆེད་དོན་བྱ་སྤྱོད་སྤེལ་བ་དང་། གཅིག་ཤོས་ནས་སློབ་མ་ཕ་ཡུལ་དུ་ཕྱིར་ལོག་དང་སློབ་གྲྭར་ཕྱིར་ལོག་བྱེད་སྐབས་སྲུང་སྐྱེལ་ལམ་ལུགས་ལག་བསྟར་ནན་པོ་བྱས་པ་དང་སློབ་གྲྭའི་མེ་ཟོན་དང་། བཟའ་བཅའ། སློབ་གྲྭའི་དྲ་བ་སོགས་ཀྱི་བདེ་འཇགས་ལ་སྲུང་སྐྱོང་བྱེད་ཐབས་ལག་བསྟར་བྱས་ཡོད། དེ་དང་ཆབས་ཅིག ཡིག་རྒྱུགས་ཁག་གི་དོ་དམ་ལས་དོན་ཕྱོགས་ཡོངས་ནས་ཡག་པོ་བསྒྲུབས་ཏེ་བདེ་འཇགས་དང་ཕུན་སུམ་ཚོགས་པོའི་སྒོ་ནས་མཐོ་རྒྱུགས་དང་། འབྲིང་རྒྱུགས། སློབ་ཆུང་གི་ནང་སའི་འཛིན་གྲྭའི་ཡིག་རྒྱུགས། མཐོ་རིམ་ལས་རིགས་ཡིག་རྒྱུགས་བཅས་ཀྱི་སྒྲིག་འཛུགས་ལས་དོན་ལེགས་སྒྲུབ་བྱས་ཡོད།

དཔུང་ཁག་འཛུཌ་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་སློབ་གཉེར་ཆ་རྐྱེན་ལེཌ་སུ་བཏང་བ།

ལོ་སྟོད་དུ། ངེད་གྲོང་ཁྱེར་སློབ་གསོ་ཅུས་ཀྱིས《དགེ་རྒན་གྱི་ཀུན་སྤྱོད་དང་སྤྱོད་ཚུལ་འཛུགས་སྐྱོང་གི་ཕུགས་ཕན་ལམ་སྲོལ་གྱི་ལག་བསྟར་བསམ་འཆར》དང《དགེ་རྒན་གྱི་ཀུན་སྤྱོད་དང་སྤྱོད་ཚུལ་འཛུགས་སྐྱོང་དཔྱད་ཞིབ་བྱེད་ཐབས》《བོད་སྐྱོར་དང་ཤིན་སྐྱོར་གྱི་དགེ་རྒན་ཁྲི་ཡི་སློབ་སྐྱོར་འཆར་གཞིའི་ལག་བསྟར་ཇུས་གཞི》བཅས་བཏོན་ནས་དགེ་རྒན་གྱི་དཔྱིད་དུས་གསོ་སྦྱོང་ལས་དོན་སྤེལ་བ་རེད། ཆེད་བསྐོས་དགེ་རྒན་4459སྒྲིག་འཛུགས་བྱས་ཏེ་དགེ་རྒན་གྱི་སློབ་ཁྲིད་རྩལ་ནུས་སྦྱོང་བརྡར་ཆེ་མོའི་བྱེད་སྒོར་ཞུགས་པ་དང་། སློབ་སྤྱི་དང་རྐང་འཛིན་དགེ་རྒན་243རྒྱལ་ཁབ་ཀྱི་གསོ་སྦྱོང་འཆར་གཞིར་ཞུགས་པ། དགེ་རྒན་5864དྲ་བའི་རྒྱང་ཁྲིད་ཀྱི་རྒྱལ་ཁབ་ཀྱི་གསོ་སྦྱོང་ལ་ཞུགས་པ་རེད།

དེ་དང་ཆབས་ཅིག རྐང་འཛིན་དགེ་རྒན་60སྒྲིག་འཛུགས་བྱས་ཏེ་དུས་ཐེངས་གཉིས་པའི་རྒྱལ་ཁབ་ཀྱི་གསོ་སྦྱོང་འཆར་གཞིའི་སློབ་གསོ་གཤམ་སྤེལ་གྱི་བྱེད་སྒོ་སྤེལ་བ་དང་། སློབ་ཞིབ་དགེ་རྒན་21ལྷ་ས་དང་། གཞིས་རྩེ། ནག་ཆུ་བཅས་གྲོང་ཁྱེར་གསུམ་དུ་རྟོག་ཞིབ་དང་སློབ་སྦྱོང་ལ་བཏང་བ་རེད། དགེ་རྒན“གཉིས་བབས་གཉིས་འཛེག”གི་སློབ་སྐྱོར་སྤེལ་རེས་དང་ཧུའུ་ནན་ཞིང་ཆེན་གྱི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་དགེ་རྒན་བརྗེ་རེས་ལས་དོན་ནན་ཏན་ངང་ཡག་པོ་བསྒྲུབས་ནས་ཧུའུ་པེ་དང་ཨན་ཧུའེ་ཞིང་ཆེན་གཉིས་ནས་ཆེད་ལས་ཤེས་ལྡན་མི་སྣ་31གདན་ཞུ་བྱས་ཡོད།

དེ་དང་ཆབས་ཅིག་སློབ་གསོ་ཆ་འཕྲིན་ཅན་འཛུགས་སྐྲུན་གྱི་གོམ་སྟབས་མགྱོགས་སུ་གཏོང་ཆེད། ངེད་གྲོང་ཁྱེར་གྱི་སློབ་གསོའི་གྲོང་ཁོངས་དྲ་བ་དང་། སློབ་གསོ་ཅུས་ཀྱི་གྲངས་གཞིའི་ལྟེ་གནས་དཔེ་དབྱིབས་ཅན་གྱི་འཕྲུལ་ཁང་། རིམ་པ་གསུམ་པའི་སྲུང་སྐྱོང་དཔྱད་འདེམས་ཚད་ལེན་འཛུགས་སྐྲུན་རྣམ་གྲངས། གོང་དཀར་རྫོང་སློབ་འབྲིང་། ཆུ་གསུམ་རྫོང་ཆུ་གསུམ་གྲོང་རྡལ་ཆ་ཚང་སློབ་ཆུང་། གྲ་ནང་རྫོང་རྔ་སྒྲ་ཤང་སློབ་ཆུང་བཅས་ཀྱི་གྲངས་འཛིན་ཅན་གྱི་ཚོད་ལྟའི་སློབ་གྲྭའི་རྣམ་གྲངས་གསུམ་ལག་ལེན་བསྟར་ཡོད།

སློབ་གྲྭ་དོ་དམ་ཚད་ལྡན་དུ་བཏང་སྟེ་དམངས་ཕན་སྲིད་ཇུས་དོན་འཁྱོལ་བྱས་པ།

སློབ་གསོའི་དམངས་ཕན་ལས་དོན་དེ་དམངས་འཚོ་དང་འབྲེལ་བ་ཡོད། ལོ་སྟོད་དུ་ངེད་གྲོང་ཁྱེར་གྱིས“འགན་ལེན་གསུམ”དང་། ལོ་15ཡི་སློབ་ཡོན་མི་དགོས་པའི་སློབ་གསོ། སློབ་མའི་འཚོ་བཅུད་ལེགས་གཏོང་གི་འཆར་གཞི་སོགས་དམངས་ཕན་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཡོད། མིག་སྔར། ངེད་གྲོང་ཁྱེར་གྱི་2014ལོ་ནས་2018ལོའི་བར་གྱི་སློབ་གྲྭར་ཡོད་མུས་ཀྱི་སློབ་ཆེན་སློབ་མར་མ་དངུལ་རོགས་རམ་བྱེད་པའི་ལས་དོན་ལེགས་སྒྲུབ་ཟིན་པར་མ་དངུལ་སྒོར་ཁྲི་4979.9དོན་འཁྱོལ་བྱས་པ་དང་སློབ་གྲྭར་ཡོད་མུས་ཀྱི་སློབ་ཆེན་སློབ་མ་6680ལ་རོགས་དངུལ་སྤྲད་ཡོད། དེ་དང་ཆབས་ཅིག ངེད་གྲོང་ཁྱེར་གྱིས་རོགས་དངུལ་སྤྲོད་པའི་སྲིད་ཇུས་དྲིལ་བསྒྲགས་རྒྱ་ཁྱབ་ངང་བྱས་པ་དང་རིམ་རྩིས་བརྒྱབ་ན་དྲིལ་བསྒྲགས་དེབ་ཁྲི་2སྤྲད་པར་མང་ཚོགས་ཀྱིས་སློབ་གསོའི་རོགས་དངུལ་སྲིད་ཇུས་ཤེས་རྟོགས་ཐུབ་ཚད་མཐོ་རུ་སོང་བ་རེད།

下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合
   第04版:社会焦点
ངེད་གྲོང་ཁྱེར་གྱིས་གཙོ་གནད་ལས་དོན་ལ་རང་བཤེར་དཔྱད་དཔོག་བྱེད་སྒོ་སྤེལ་བ།
སློབ་གསོའི་སྲིད་བཟང་འོད་ཟེར་སློབ་ལ་བརྩོན་པའི་སློབ་མར་འཕྲོས་