↑ཉེ་དུས། མཚོ་སྣ་རྫོང་གིས་འབྲེལ་ཡོད་ཚན་པ་སྒྲིག་འཛུགས་བྱས་ནས། སྤྱི་དམངས་ཀུན་སྤྱོད་དྲིལ་བསྒྲགས་ཉིན་མོ་དང་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་བ་རེད།
འདི་ནི་ལས་དོན་མི་སྣས་འགྲོ་འོང་བྱེད་མཁན་གྱི་མང་ཚོགས་ལ་དྲིལ་བསྒྲགས་དཔྱད་གཞི་སྤྲད་པ་དང་འབྲེལ་ཡོད་ཤེས་བྱ་གསལ་འགྲེལ་བྱེད་བཞིན་པ།