བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་དུས། ཁྲང་ཁྲུན་ཁྲང་ཧྲེང་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སིས་ཐོན་སྐྱེད་བྱས་པའི་གནད་དོན་ཡོད་པའི་ཁྱི་སྨྱོན་ནད་ཀྱི་རིམས་འགོག་སྨན་ཁབ་དང་། ཁྲང་ཁྲུན་ཁྲང་ཧྲེང་དང་ཝུའུ་ཧན་སྐྱེ་དངོས་ཐོན་རྫས་ཞིབ་འཇུག་སུའོ་ཚད་ཡོད་འགན་འཁྲི་ཀུང་སིས་ཐོན་སྐྱེད་བྱས་པའི་ཕྲ་ཕུང་མེད་པའི་བརྒྱ་གློ་དང་། གག་པ། འཛུམ་བུ་ལྟག་དགྱེ་བཅས་ཀྱི་རིམས་འགོག་སྨན་ཁབ་དོན་རྐྱེན་གྱི་སྐོར་གླེང་མང་བའི་སྐབས་འདིར། བོད་རང་སྐྱོང་ལྗོངས་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་དོན་རྐྱེན་དེར་ཚད་མཐོའི་མཐོང་ཆེན་བྱས་ནས་ཆེད་མངགས་མི་སྣ་བཀོད་སྒྲིག་བྱས་ཏེ་རིམས་འགོག་སྨན་ཁབ་ཉོ་སྒྲུབ་དང་། མཁོ་འདོན། ཉར་ཚགས་སོགས་ཀྱི་གནས་ཚུལ་ལ་གྲལ་བཤེར་ནན་པོ་བྱས་པ་རེད།
བོད་རང་སྐྱོང་ལྗོངས་ཀྱིས་ཁྲང་ཁྲུན་ཁྲང་ཧྲེང་ཀུང་སི་ནས་ཐོན་སྐྱེད་བྱས་པའི་ཁྱི་སྨྱོན་ནད་ཀྱི་མིར་སྤྱོད་པའི་རིམས་འགོག་སྨན་ཁབ་དང་ཕྲ་ཕུང་མེད་པའི་བརྒྱ་གློ་དང་། གག་པ། འཛུམ་བུ་ལྟག་དགྱེ་བཅས་ཀྱི་རིམས་འགོག་སྨན་ཁབ་རྩ་བ་ཉིད་ནས་ཉོ་མྱོང་མེད་པ་བསྐྱར་དུ་གཏན་འཁེལ་བྱུང་ཡོད་ལ། ཝུའུ་ཧན་སྐྱེ་དངོས་ཐོན་རྫས་ཞིབ་འཇུག་སུའོ་ཚད་ཡོད་ཀུང་སིས་ཐོན་སྐྱེད་བྱས་པའི་ཨང་རྟགས་201607050-2ཀྱི་ཕྲ་ཕུང་མེད་པའི་བརྒྱ་གློ་དང་། གག་པ། འཛུམ་བུ་ལྟག་དགྱེ་བཅས་ཀྱི་རིམས་འགོག་སྨན་ཁབ(རྒྱལ་ཁབ་སྨན་རྫས་ལྟ་སྐུལ་ཅུས་ཀྱིས་ཡོངས་བསྒྲགས་བྱས་པའི་ཆ་འཕྲིན་ལ་གཞིགས་ན། གནད་དོན་ཡོད་པའི་རིམས་འགོག་སྨན་ཁབ་ཁག་ཐེངས་གཉིས་པོ་དེ་དག་ཚོང་ཡུལ་གཙོ་བོ་ཧྲན་ཏུང་དང་། ཁྲུང་ཆིང་། ཧོ་པེ་སོགས་སུ་རེད)ཉོ་མྱོང་མེད་པའི་གཏན་འཁེལ་ཡང་བྱུང་ཡོད་པ་རེད།
དམིགས་སུ་གསལ་བཤད་ཞུ་རྒྱུར། རྒྱ་ཆེའི་བོད་ཀྱི་གྲོང་མི་རྣམས་ཀྱིས་ཐུགས་བློ་བདེ་པོའི་ངང་རིམས་འགོག་སྨན་ཁབ་བརྒྱབ་ན་འགྲིག་གི་ཡོད་པ་རེད།