第04版:国际国内 上一版3
 
版面导航

第01版
头版

第02版
综合新闻

第03版
综合
 
标题导航
རིམས་འགོག་སྨན་ཁབ་རྫུན་མ་རང་ལྗོངས་སུ་གྱར་མེད་པ།
ཕྱི་དངུལ་སྒྲིག་འགལ་ཐད་ཀྱི་དཔེ་མཚོན་གྱོད་དོན་ ཕྱི་ཕྱོགས་ལ་བརྡ་ཁྱབ་བཏང་བ།
རྒྱལ་ཡོངས་ཀྱི་སྐབས18པའི་བོད་ཡིག་སྨྱན་སྦྱོར་ཚོཊ་འདུ་ལྷ་སར་འཚོཊ་པ།
ལོ་སྟོད་དུ་རྒྱལ་ཡོངས་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ མི་ཁྲི་24ལ་ཆད་པ་བཅད་པ།
ལོ་སྟོད་དུ་རང་ལྗོངས་ཀྱིས་ཡུལ་སྐོར་བ་མི་ཐེངས་ ཁྲི་1115.61ལ་སྣེ་ལེན་ཞུས་པ།
བོད་ཀྱི་དངུལ་རྩའི་སྒྲིག་གཞིའི་དངུལ་བུན་འཕར་ཚད་ རྒྱལ་ཡོངས་ལས་བརྒྱ་ཆ་12.1མཐོ་བ་ཡོད་པ།
| 山南网首页 |
2018年7月30日 星期
3 上一篇  下一篇 4 放大 缩小 默认
རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུས་ཀྱིས།
ཕྱི་དངུལ་སྒྲིག་འགལ་ཐད་ཀྱི་དཔེ་མཚོན་གྱོད་དོན་ ཕྱི་ཕྱོགས་ལ་བརྡ་ཁྱབ་བཏང་བ།
 
མི་དམངས་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན།ཉེ་བའི་ལོ་འགའི་རིང་ལ་རྩད་ཆོད་པའི་ཕྱི་དངུལ་སྒྲིག་འགལ་ཐད་ཀྱི་དཔེ་མཚོན་གྱོད་དོན་27ཕྱི་ཕྱོགས་ལ་བརྡ་ཁྱབ་བཏང་ཡོད་པར་མ་ཟད། ད་དུང་སླར་ཡང་ཕྱི་དངུལ་ཚོང་རའི་སྒྲིག་ལམ་བཟང་པོ་སྲུང་སྐྱོང་ནན་པོ་བྱ་དགོས་པ་ནན་བཤད་བྱས་པ་རེད།

དཔེ་མཚོན་གྱོད་དོན་འདི་རིགས་ཀྱི་སྒྲིག་འགལ་བྱེད་མཁན་གཙོ་བོའི་ནང་དུ་དངུལ་ཁང་དང་། ཕྱོགས་གསུམ་པའི་གཏོང་སྤྲོད་ལས་ཁུངས། ཕྱིར་གཏོང་ནང་འདྲེན་བྱེད་མཁན་ཚོང་པ། དེ་བཞིན་རང་བྱུང་མི་སོགས་འདུས་ཡོད་པ་དང་། དེའི་ཁྲོད་དུ་གཏོང་སྤྲོད་ནོར་མཛོད་(ཀྲི་ཧྥུའུ་པའོ)དང་ནོར་སྤྲོད་ཀུན་སྤྱོད་(ཚའེ་ཧྥུའུ་པའོ)ཀྱང་ཚུད་ཡོད།

ད་ལོ་ནས་བཟུང་། རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུས་ཀྱིས་གཏིང་ཟབ་པའི་ངང་ཕྱི་དངུལ་དོ་དམ་སྒྱུར་བཅོས་སྒོ་དབྱེ་ཟབ་སྤེལ་དང་། དངོས་ཡོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པའི་དུས་མཚུངས་སུ་ཕྱི་དངུལ་ཁྲོམ་རའི་སྒྲིག་ལམ་ཡག་པོ་སྲུང་སྐྱོང་བྱས་ནས། དངུལ་ཁང་དང་ཕྱོགས་གསུམ་པའི་གཏོང་སྤྲོད་ལས་ཁུངས། ཁེ་ལས་བརྒྱུད་སྤྲོད་ཉོ་ཚོང་སོགས་བྱེད་པོ་དང་ལས་སྒོ་གཙོ་བོར་དམིགས་ཏེ་ཆེད་དོན་ཞིབ་བཤེར་བྱས་ཤིང་། ཕྱི་དངུལ་ཐད་སྒྲིག་འགལ་ལུགས་འགལ་གྱི་བྱ་སྤྱོད་སྣ་ཚོགས་ལ་རྡུང་རྡེག་དྲག་པོ་བཏང་བ་རེད།

ད་ལོའི་ལོ་སྟོད་དུ་རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུས་ཀྱིས་ཕྱི་དངུལ་སྒྲིག་འགལ་གྱོད་དོན་1354རྩད་བཅད་པ་དང་། མི་དམངས་ཤོག་སྒོར་དུང་ཕྱུར3.54ཆད་པ་བཅད་པ་དང་གཞུང་བཞེས་བཏང་ཞིང་། ལོ་གོང་མའི་དུས་མཉམ་དང་བསྡུར་ན་སོ་སོར་བརྒྱ་ཆ་19.7དང་བརྒྱ་ཆ་59.5འཕར་ཡོད། དེའི་ནང་དུ་དངུལ་རྩའི་ལས་ཁུངས་ཀྱི་སྒྲིག་འགལ་གྱོད་དོན་455དང་། ཁེ་ལས་ཀྱིས་སྒྲིག་འགལ་གྱོད་དོན་340 མི་སྒེར་གྱི་སྒྲིག་འགལ་གྱོད་དོན་559བཅས་ཞིབ་གཅོད་བྱས་ཡོད།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合
   第04版:国际国内