ཉིན་རེར་ཁྱེད་ཀྱིས་ཁ་པར་ལ་གློག་ཐེངས་ཁ་ཤས་གསོག་དགོས་ཀྱི་འདུག་གམ། གཞུང་ལས་ཁང་དང་། ཉལ་ཁང་། འཁྲུ་ཁང་སོགས་ཀྱི་བསྒར་མིག་ལ་གློག་གསོག་ཆས་མུ་མཐུད་བཙུགས་ནས་གློག་གསོག་ཆོག་ཆོག་བཟོ་ཡི་ཡོད་དམ། དོན་དངོས་ཐོག་ཁ་པར་ལ་གློག་ཁེངས་རྗེས། དུས་ཐོག་ཏུ་གློག་གསོག་ཆས་དགོག་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད།
གློག་གསོག་ཆས་མ་བཀོག་པར་བཞག་ཚེ་གློག་སྔར་བཞིན་འགྲོ་ཡི་ཡོད་པས། བཞག་ཡུན་རིང་དྲགས་ན་མེ་སྐྱོན་ཐོན་པའི་ཉེན་ཁ་ཆེན་པོ་ཡོད། དེ་དང་འདི་འདྲ་བའི་གནས་ཚུལ་མང་པོ་ང་ཚོའི་འགྲམ་ལ་ཐོན་དང་ཐོན་བཞིན་ཡོད།
གློག་གསོག་ཆས་ཀྱིས་མེ་སྐྱོན་བཟོས་ཚེ་ཇི་ལྟར་བྱེད་དགོས་སམ།
དང་ཐོག་གློག་ཁུངས་བཀག་དགོས་པ་དང་ཡག་ཤོས་བྱུང་ན་སྤྱིའི་གློག་ཁུངས་བཀག་དགོས།
ཆུར་གློག་འཁྱུད་སླ་བས་ཆུས་མེ་གསོད་མི་རུང་།
མེ་ཤོར་ཡུལ་ལ་མེ་གསོད་ཡོ་ཆས་ཀྱིས་མེ་གསོད་དགོས། གལ་སྲིད་མེ་གསོད་ཡོ་ཆས་མེད་ན་ཉལ་གོས་རློན་པ་སོགས་བཀབ་ནས་སྦུབ་བཀག་གཏོང་དགོས།
ཐབས་ཤེས་ཡག་ཤོས་ནི་ལམ་སེང་119ལ་ཁ་པར་རྒྱག་རྒྱུ་དེ་རེད།