第03版:综合 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合
 
标题导航
ཙེང་ཝན་མིང་གིས་གནས་ཁ་གྲོང་ཚོར་རྟོག་ཞིབ་གནང་སྐབས་ཆབ་སྲིད་བྱེད་ནུས་དང་རྩ་འཛུགས་
ལྷུན་རྩེའི་ཡུལ་སྨད་ཤང་གི་ཡུལ་མི་197ཟླ་10 ཚེས་1ལ་སྡོད་ཁང་གསར་པར་སྤོ་རྒྱུ་ཡིན་པ།
སྦྲང་རྩི་ཡག་ཉེས་དབྱེ་འབྱེད་ཁྱེད་ཀྱིས་ཤེས་སམ།
ཁྱེད་ཀྱིས་དབང་པོ་ཉམས་པའི་རྒྱུན་ཤེས་ཤེས་སམ།
ཁ་པར་ལ་གློག་ཁེངས་རྗེས། གློག་གསོག་ཆས་ མུ་མཐུད་བཙུགས་ནས་བཞག་ན་འགྲིག་གམ།
2018ཀྲུང་གོའི་བོད་ལྗོངས་ཡར་ཀླུང་རིག་གནས་ དུས་ཆེན་གྱི་སྤྱིའི་འཆར་ཟིན་དོན་འདུག
| 山南网首页 |
2018年7月30日 星期
3 上一篇 放大 缩小 默认
2018ཀྲུང་གོའི་བོད་ལྗོངས་ཡར་ཀླུང་རིག་གནས་ དུས་ཆེན་གྱི་སྤྱིའི་འཆར་ཟིན་དོན་འདུག
 

(པར་ངོས་དང་པོར་མཐུད་)འཁྲབ་སྟོན་འགྲེམས་སྟོན། ཞིང་ཆེན་གསུམ་གྱི་ཁེ་ལས་ཚན་པ་བརྒྱ་ཡིས་ལྷོ་ཁར་ཚོང་འགུག་མ་འདྲེན་བྱེད་པའི་ངོ་འཕྲད་གྲོས་མོལ་བྱེད་རྒྱུ། ལྷ་ས་གྲོང་ཁྱེར་ཞབས་གཞས་ཚོགས་པའི་ཆེད་དོན་འཁྲབ་སྟོན། ལྷོ་ཁ་གྲོང་ཁྱེར་གྱི་ཡར་ཀླུང་གླུ་རྒྱལ་ཞེས་པའི་དམངས་ཁྲོད་གླུ་པ་གླུ་མའི་འགྲན་བསྡུར་ཆེ་མོ། ལྷོ་ཁ་གྲོང་ཁྱེར་སྐབས་གསུམ་པའི་མང་ཚོགས་ཀྱི་ཐང་ཆེན་སྒོར་གཞས་ འཁྲབ་སྟོན། ལྷོ་ཁ་གྲོང་ཁྱེར་གྱི་དངོས་མིན་རིག་གནས་ཤུལ་བཞག་ཁོངས་ཀྱི་ཨ་ཅེ་ལྷ་མོའི་འགྲེམས་གཟིགས་འཁྲབ་སྟོན། ལྷོ་ཁ་གྲོང་ཁྱེར་སྐབས་གཉིས་པའི་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས། ལྷོ་ཁ་གྲོང་ཁྱེར་གྱི་བསྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་ངོ་40ཡི་གྲུབ་འབྲས་འགྲེམས་སྟོན། ལྷོ་ཁ་གྲོང་ཁྱེར་གྱི་ས་མཐོའི་ཁྱད་ལྡན་ཐོན་ཟོག་འགྲེམས་འཚོང་བྱེད་སྒོ། ལྷོ་ཁ་གྲོང་ཁྱེར་གྱི་ཟས་རིགས་གཡོས་སྦྱོར་ལག་རྩལ་འགྲན་བསྡུར། ཨན་ཧུའེ་ཡི་སྲོལ་ཉམས་ཞེས་པའི་ཨན་ཧུའེ་ཞིང་ཆེན་གྱི་རིག་རྩལ་གསར་གཏོད་བརྩམས་བྱ་འགྲེམས་སྟོན། བོད་ལྗོངས་དངོས་མིན་རིག་གནས་ཤུལ་བཞག་ཁོངས་ཀྱི་ཐང་ཁའི་སྒྱུ་རྩལ་ལྷོ་ཁར་འགྲེམས་སྟོན། རྐང་འཁོར་བཞོན་ནས་ཡར་འབྲོག་གཡུ་མཚོར་མཚོ་སྐོར་མྱོང་རོལ་སོགས་བྱེད་སྒོའི་ནང་དོན་ཚུད་ཡོད་པ་རེད།

སྤྱིའི་འཆར་ཟིན་ནང་གསལ་དོན། ཧན་ཧུའེ་ཡན་ལག་ཚོགས་རའི་བྱེད་སྒོའི་དུས་ཚོད་ནི། ཟླ་9པའི་ཚེས་1ཉིན་ནས་ཟླ་9པའི་ཚེས་30ཉིན་བར་ཡིན་ཞིང་། དེའི་རིང་། ལྷོ་ཁ་གྲོང་ཁྱེར་གྱི་ཐང་ག་དང་། པར་རིས། ཡིག་གཟུགས་བཅས་ཀྱི་བརྩམས་བྱ་དང་དེ་བཞིན་མི་རིགས་ལག་ཤེས་བཟོ་རྩལ་གྱི་འགྲེམས་སྟོན་དང་། ལྷོ་ཁ་གྲོང་ཁྱེར་གྱི་བསྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་ངོ་40ཡི་གྲུབ་འབྲས་འགྲེམས་སྟོན་ནང་གསེས་ཨན་ཧུའེ་ཞིང་ཆེན་གྱི་བོད་སྐྱོར་གྲུབ་འབྲས་འགྲེམས་སྟོན། ལྷོ་ཁ་གྲོང་ཁྱེར་གྱིས་ག་སྦྱར་རོགས་སྐྱོར་བྱེད་མཁན་ཨན་ཧུའེ་ཞིང་ཆེན་ ལ་ཐུགས་རྗེ་ལེགས་འབུལ་ཞུ་བའི་འཁྲབ་སྟོན། འཛམ་གླིང་ཡང་རྩེ་བོད་མིའི་འབྱུང་གནས་ལྷོ་ཁ་ཞེས་པའི་ལྷོ་ཁའི་ཡུལ་སྐོར་ཡུལ་སྐོར་འོས་སྦྱོར་འདུ་ཚོགས། ཨན་ཧུའེ་ཞིང་ཆེན་གྱི་ཨན་ཧུའེ་ཁེ་ལས་ཚན་པ་བརྒྱ་ལྷོ་ཁར་བསྐྱོད་ཅེས་པའི་ཁེ་ལས་རྣམ་གྲངས་ངོ་འཕྲད་གྲོས་མོལ་མཐུན་སྦྱོར་གྱི་མཆན་འགོད་བྱེད་སྒོ། བོད་ཀྱི་གླུ་གར་ཡར་ཀླུང་གཙང་པོ་ཞེས་པ་སྐོར་བསྐྱོད་འཁྲབ་སྟོན། ལྷོ་ཁ་གྲོང་ཁྱེར་གྱི་རིག་དངོས་འགྲེམས་སྟོན་སོགས་བྱེད་སྒོའི་ནང་དོན་ཁོངས་སུ་ཚུད་ཡོད་པ་རེད།

སྤྱིའི་འཆར་ཟིན་ནང་གསལ་དོན། འདི་ལོའི་ཡར་ཀླུང་རིག་གནས་དུས་ཆེན་དེ་མི་དམངས་ལྟེ་བར་བྱེད་རྒྱུའི་ལས་ཀའི་ཁྲིད་ཕྱོགས་མཐའ་འཁྱོངས་སྒོས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་ཤུགས་ཆེན་གཏོང་རྒྱུ་ཡིན་པ་དང་། རིག་གནས་ཀྱི་གདེང་ཚོད་བརྟན་གཏོང་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་གོང་འཕེལ་དར་རྒྱས་ལ་སྐུལ་འདེད་བཏང་ཐོག་བོད་འབྱུང་རིག་གནས་ཀྱི་ལན་པར་ཧུར་ཐག་གཏོད་རྒྱུ་དང་། ལྷོ་ཁ་དང་ཨན་ཧུའེ་ས་གནས་གཉིས་ཀྱི་རིག་གནས་སྤེལ་རེས་ལ་སྐུལ་འདེད་ཀྱིས་མཛེས་སྡུག་ལྡན་པའི་ལྷོ་ཁ་འཛུགས་སྐྲུན་བྱེད་རྒྱུར་བསམ་བློའི་སྙིང་སྟོབས་དང་རིག་གནས་ཀྱི་འདེགས་སྐྱོར་མངོན་འགྱུར་ཡོང་བ་བྱས་ནས་རིག་གནས་དུས་ཆེན་གྱི་རྣམ་པ་བཟང་པོས་བསྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་ངོ་40འཁོར་བར་ལེགས་སྐྱེས་འབུལ་རྒྱུ་ཡིན་པ་རེད།

3 上一篇 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合
   第04版:国际国内
ཙེང་ཝན་མིང་གིས་གནས་ཁ་གྲོང་ཚོར་རྟོག་ཞིབ་གནང་སྐབས་ཆབ་སྲིད་བྱེད་ནུས་དང་རྩ་འཛུགས་
ལྷུན་རྩེའི་ཡུལ་སྨད་ཤང་གི་ཡུལ་མི་197ཟླ་10 ཚེས་1ལ་སྡོད་ཁང་གསར་པར་སྤོ་རྒྱུ་ཡིན་པ།
སྦྲང་རྩི་ཡག་ཉེས་དབྱེ་འབྱེད་ཁྱེད་ཀྱིས་ཤེས་སམ།
ཁྱེད་ཀྱིས་དབང་པོ་ཉམས་པའི་རྒྱུན་ཤེས་ཤེས་སམ།
ཁ་པར་ལ་གློག་ཁེངས་རྗེས། གློག་གསོག་ཆས་ མུ་མཐུད་བཙུགས་ནས་བཞག་ན་འགྲིག་གམ།
2018ཀྲུང་གོའི་བོད་ལྗོངས་ཡར་ཀླུང་རིག་གནས་ དུས་ཆེན་གྱི་སྤྱིའི་འཆར་ཟིན་དོན་འདུག