མིའི་ལུས་པོའི་པགས་པ་ལོ་25ནས་རིམ་བཞིན་ཉམས་འགྲོ་གི་ཡོད།
ལུས་ཀྱི་པགས་པའི་གྲུབ་ཆའི་སྐྱེས་ནུས་རྦད་དེ་རྫོགས་པའི་དུས་ཚོད་དེ་སྤྱིར་ན་ལོ་25རེད། དེ་རྗེས་རིམ་བཞིན་པགས་པ་རྩུབ་ཏུ་འགྲོ་བ་དང་ཚི་རྒྱུས(纤维)ཇེ་སྦོམ་དུ་འགྲོ་བ་མ་ཟད། ལོ་40ནས་50བར་པགས་པའི་མདངས་མངོན་གསལ་དོད་པོས་ཉམས་འགྲོ་གི་ཡོད། ཡིན་ནའང་། མི་དང་མི་ཕན་ཚུན་འདྲ་ཡི་མེད།
◆ གཟུགས་པོ་བཀྲུས་རྗེས་ཨ་ཅོར་གྱིས་ལུས་པོའི་ཆུ་ག་ལེར་ཕྱིས་རྗེས་ཆུ་ཅུང་མང་བའི་བྱུག་རྫས་དབྱུག་དགོས་པ་དང་། རྒྱུན་དུ་ནས་ཆུ་མང་པོ་ལྡན་པའི་ཤིང་ཏོག་ཟ་དགོས།
◆ ཕྱིར་ཐོན་སྐབས་ངེས་པར་དུ་མིག་ཤེལ་དང་ཞྭ་མོ་གྱོན་དགོས་པ་མ་ཟད། ཉི་འགོག་བྱུག་རྫས་དབྱུག་དགོས། གང་ཡིན་ཟེར་ན། སྨུག་ཕྱིའི་འོད་ཀྱིས་པགས་པའི་སྤྲི་དཀར་ལ་གནོད་འཚེ་ཆེན་པོ་སྐྱེལ་གྱི་ཡོད།
◆ སྔོ་ཚལ་དང་། ཤིང་ཏོག འཚོ་བཅུད་Cལྡན་པའི་ཟས་རིགས་མང་ཙམ་བཟས་ན་ཕན་ཐོགས་ཆེན་པོ་ཡོད།
◆ སེམས་པ་སྐྱིད་པོ་ཡོད་ན་ངོ་གདོང་གི་པགས་ནད་ཁག་གཅིག་རིམ་གྱིས་ཡལ་འགྲོ་བ་མ་ཟད། པགས་པའི་ནད་རིགས་ཁག་གཅིག་ཕྱིར་ཐོན་རྒྱུར་སྔོན་འགོག་ཐུབ་ཀྱི་ཡོད།
མི་མང་ཆེ་བའི་རུས་ཚིགས་ལོ་30ནས་རིམ་བཞིན་ཉམས་འགྲོ་གི་ཡོད།
◆ མི་མང་ཆེ་བའི་རུས་ཚིགས་སྤྱིར་ན་ལོ་30ནས་35བར་རིམ་བཞིན་ཉམས་འགྲོ་བ་དང་། ཟླ་མཚན་ཆད་པའི་བུད་མེད་ཀྱི་རུས་ཚིགས་ཉམས་ཚད་དེ་བས་མགྱོགས་པ་ཡོད། ཐ་མག་འཐེན་པ་དང་། ཆང་རག་འཐུང་བ། ལུས་སྦྱོང་མི་བྱེད་པ། ཉི་མ་མི་སྲོ་བ། ཟས་ལ་བདམས་ཁ་བྱེད་པ་བཅས་འཚོ་བའི་གོམས་གཤིས་ངན་པོ་དག་ལྡན་མཁན་གྱི་རུས་ཚིགས་དེ་བས་ཉམས་མགྱོགས་པ་ཡོད་ཅིང་། སྨན་བཅོས་སྐབས་ལོ་30ཡིན་ནའང་གཟུགས་པོ་ཧ་ཅང་གིས་ཞན་པའི་ནད་པ་བྱུང་མྱོང་ཡོད།
འགོག་ཐབས།
◆ ཟས་ལ་བདམས་ཁ་མི་བྱེད་པ།
◆ ཉི་མ་མང་ཙམ་སྲོ་དགོས་པ།
◆ རྟག་ཏུ་ལུས་སྦྱོང་འོས་འཚམས་བྱེད་དགོས་པ་མ་ཟད། འཚོ་བཅུད་ལྡན་པའི་ཟས་རིགས་མང་ཙམ་ཟ་དགོས།