ཉེ་ཆར། ཡར་འབྲོག་གཡུ་མཚོའི་ཨར་བསྐྲུན་ཚོགས་པའི་གཱ་སྦྱར་རོགས་སྐྱོར་བྱ་ཡུལ་སྣ་དཀར་རྩེ་རྫོང་ལྷུན་པོ་ཞོལ་ཤང་དབུལ་པོའི་ཁྱིམ་དུད་ཀྱི་སྡོད་ཁང་སྒྱུར་བཀོད་ལས་གྲྭའི་འགོ་ཚུགས་མཛད་སྒོ་འདི་གསུམ་འགག་གྲོང་ཚོར་གཉེར་བ་རེད།ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་སྡོད་ཁང་སྒྱུར་བཀོད་དེས་དབུལ་པོའི་ཁྱིམ་དུད་སྒོ་གྲངས་34དང་མི་གྲངས་116ཕན་པ་ཐོབ་རྒྱུ་ཡིན་ཞིང་། སྡོད་ཁང་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་5118.57ཡོད་པ་དང་།ལེ་ལག་སྒྲིག་བཀོད་དང་སྒོ་ཕྱུགས་ར་བ། གྱང་།གཟན་རྩྭ་ཉར་ཚགས་ཁང་སོགས་ཀྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་2500ཙམ་ཡོད། རྣམ་གྲངས་དེར་ཁྱོན་མ་འཇོག་སྒོར་ཁྲི་1483བྱས་ཡོད་ཅིང་། དེའི་ནང་ཡར་འབྲོག་གཡུ་མཚོའི་ཨར་བསྐྲུན་ཚོགས་པའི་རོགས་སྐྱོར་མ་དངུལ་སྒོར་ཁྲི་1340བྱས་ཡོད་པ་དང་། རྫོང་སྲིད་གཞུང་གི་ལེ་ལག་མ་དངུལ་སྒོར་ཁྲི་85བཏང་ཡོད་པ།དབུལ་པོའི་ཁྱིམ་དུད་ཀྱི་གྲབས་གསོག་མ་དངུལ་སྒོར་ཁྲི་58བཅས་ཚུད་ཡོད།
འདི་ནི་དབུལ་པོའི་ཁྱིམ་དུད་ཀྱི་སྡོད་ཁང་སྒྱུར་བཀོད་ཁུལ་གྱི་འཆར་འགོད་པར་རིས་ཡིན་པ།