第02版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合
 
标题导航
| 山南网首页 |
2018年6月27日 星期
下一篇 4 放大 缩小 默认
གཞི་རིམ་ཁྱིམ་ལ་བརྩི་ དམངས་འཚོ་སེམས་ལ་བཞག་
འདི་ལོའི་ལྷོ་ཁ་གྲོང་ཁྱེར་རྨང་བརྟན་དམངས་ཕན་གྱི་གྲོང་སྡོད་ལས་དོན་སྐོར་བཀོད་པ།
 

ས་ཕྱོགས་གང་སར་ཞིང་ཁྱིམ་དུ་བསྐྱོད་ནས་ཞིང་འབྲོག་མང་ཚོགས་དང་མཉམ་བཟའ་དང་མཉམ་སྡོད།མཉམ་དུ་ངལ་རྩོལ་བཅས་བྱེད་མཁན་དང་།རྟག་ཏུ་མང་ཚོགས་ལ་བསམ་བློ་བཏང་ནས་མང་ཚོགས་ལ་དངོས་དོན་སྒྲུབ་རོགས་དང་མང་ཚོགས་ཀྱི་དཀའ་གནད་སེལ་རོགས།མང་ཚོགས་ལ་བྱ་བཟང་སྒྲུབ་རོགས་བཅས་བྱེད་མཁན་གྱི་མི་ཚོགས་ཤིག་མཐོང་རྒྱུ་ཡོད་ཅིང་།ཁོ་ཚོས་བྱས་པའི་ལས་དོན་ཁག་ལ་མང་ཚོགས་ཀྱི་རྒྱབ་སྐྱོར་དང་གདེང་འཇོག་བཟང་པོ་ཐོབ་ཡོད་པ་རེད།ཁོ་ཚོ་ནི་རང་སྐྱོང་ལྗོངས་ཀྱི་སྔོན་གཏོད་ལེགས་བརྩོན་དམངས་བརྟན་དམངས་ཕན་བྱེད་སྒོའི་གྲོང་སྡོད་ལས་དོན་རུ་ཁག་ཡིན་པ་རེད།

འདི་ལོ་ཚུན་དུ།ལྷོ་ཁ་གྲོང་ཁྱེར་གྱི་རྒྱ་ཆེའི་གྲོང་སྡོད་ལས་བྱེད་པ་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུའི་དགོངས་དོན་ལག་བསྟར་དང་།དུས་རབས་གསར་པའི་གྲོང་སྡོད་ལས་ཀའི་གཙོ་གནད་འགན་འཁྲི་ཁག་ལ་དམིགས་ནས་ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་པ།དམངས་ལ་ཞབས་འདེགས་ཞུ་བ་བཅས་བྱས་ཐོག་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་དང་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཕྱིར་ལེགས་སྐྱེས་ཆེན་པོ་འབུལ་ཡོད་པ་རེད།

དམངས་ཀྱི་བདེ་སྡུག་ལ་སེམས་ཁུར་བྱས་ནས་དྲོ་སྐྱིད་སྦྱིན།

གསར་བཟོ་བྱས་ཚར་གྲབས་ཡིན་པའི་ཁང་པ་མདུན་ཕྱོགས་སུ་ལངས་ནས་བསྡད་པའི་རྨོ་བོ་ཆོས་འཛོམས་ལགས་ཀྱི་ངོ་གདོང་ནས་དགའ་སྤྲོའི་འཛུམ་མདངས་འཕྱུར་བཞིན་ཡོད་པ་རེད། ཁོང་ནི་རྒྱ་ཚྭ་རྫོང་གླིང་མདའ་ཤང་ཀུན་ཁམས་གྲོང་ཚོའི་གྲོང་མི་ཡིན་ཞིང་།ཁོང་གིས་གྲོང་སྡོད་ལས་དོན་རུ་ཁག་གིས་ང་ཚོར་རོགས་པ་བྱས་ནས་ཁང་པ་གསར་པའི་ནང་སྤོ་རོགས་བྱས་པ་དང་ད་དུང་ང་ཚོ་དང་མཉམ་བཟའ་མཉམ་སྡོད་བྱས་ནས་འཚོ་བའི་ནང་གི་དཀའ་ངལ་མང་པོ་སེལ་རོགས་བྱས་པས། ང་ཚོས་སེམས་གཏིང་ནས་ཐུགས་བརྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད།

ལྷོ་ཁ་གྲོང་ཁྱེར་གྱི་གྲོང་སྡོད་ལས་དོན་རུ་ཁག་ཚོས་གྲོང་ཚོར་བསྐྱོད་པ་ནས་བཟུང་།རྒྱ་ཆེའི་ཞིང་པ་མང་ཚོགས་ཚོས་དོ་ཁུར་ཆེ་ཤོས་དང་།མང་ཚོགས་དང་ཐད་ཀར་འབྲེལ་བ་ཡོད་པ།ཁ་ཚ་དགོས་གཏུགས་བཅས་ཀྱི་གནད་དོན་ཁག་ལ་དམིགས་ཏེ་མང་ཚོགས་ལ་བདེ་འཇགས་ཐོན་སྐྱེད་དང་འགྲིམ་འགྲུལ་གཞུང་ལམ།གློག་འཕྲིན་ཤར་གཏོང་སོགས་ཀྱི་འབུར་ཐོན་གནད་དོན་ཐག་གཅོད་བྱེད་རོགས་བྱས་ནས་ཏང་གི་དྲོ་སྐྱིད་ཁྱིམ་ཚང་ཁྲི་ཚོར་སྐྱེལ་ཐོག མང་ཚོགས་ཚོའི་དགའ་བསུ་ཚད་མེད་ཐོབ་པ་དང་གདེང་འཇོག་བཟང་པོ་ཐོབ་ཡོད་པ་རེད།

རྒྱ་ཚྭ་རྫོང་གླིང་མདའ་ཤང་ཀུན་ཁམས་གྲོང་ཚོར་བཅའ་སྡོད་རྫོང་དེའི་དབུལ་སྐྱོར་གཞུང་ལས་ཁང་དང་ཞིང་འབྲོག་ཅུད་ཀྱི་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི་ཚོས་བཅའ་སྡོད་ཀྱི་ཉིན་དང་པོར་གྲོང་ཚོའི་དབུལ་པོའི་ཁྱིམ་དུད་ཀྱི་ཁྱིམ་དུ་བསྐྱོད་ནས་མར་དང་འབྲས་སོགས་ཀྱི་འཚོ་བའི་དངོས་པོ་སྤྲད་པ་དང་།ཁོ་ཚོའི་འཚོ་བའི་ཐོག་ཀྱི་གནས་ཚུས་ཤེས་རྟོགས་བྱས་པ་རེད།ཁོ་ཚོས་དངུལ་གྲབས་གསོག་བྱས་ཏེ་མང་ཚོགས་ཀྱི་འཚོ་བའི་ཐད་ཀྱི་དཀའ་ངལ་སེལ་རོགས་བྱས་པ་དང་། ཆུ་འགོ་ཞིབ་ཤེར་དང་ཆུ་ཡུར་བཟོ་བཅོས་བརྒྱབ་རོགས་བྱས་པ་རེད། གཞན་ཡང་། ཁོ་ཚོས་ཆུ་གྲོན་ཆུང་བྱ་རྒྱུའི་གལ་ཆེའི་རང་བཞིན་དྲིལ་བསྒྲགས་ཤུགས་ཆེན་བྱས་ནས་བདེ་ཐང་ཤེས་དཔལ་གྱི་འཚོ་བའི་གོམས་གཤིས་དར་སྤེལ་བཏང་ཡོད་པ་རེད།

མང་ཚོགས་ལ་ཉེ་བཅར་བྱས་ནས་དངོས་དོན་སྒྲུབ་པ།

གཞི་རིམ་དུ་བསྐྱོད་རྒྱུ་དམིགས་ཡུལ་མ་ཡིན་པར།གཙོ་བོ་གཞི་རིམ་གྱི་གནད་དོན་ཤེས་རྟོགས་དང་གནད་དོན་ཐག་གཅོད་བྱ་རྒྱུར་རག་ལུས་ཡོད་ཅིང་།མང་ཚོགས་ཀྱི་རེ་བ་ཆེ་ཤོས་ཀྱི་ལས་ཀར་དམ་འཛིན་དང་མང་ཚོགས་ཀྱི་དགོས་མཁོ་ཆེ་ཤོས་ཀྱི་ཕྱོགས་ནས་ལས་དོན་སྤེལ་བ།མང་ཚོགས་བློ་ཡིད་མི་ཚིམས་པའི་གནད་དོན་ཐག་གཅོད་བཅས་བྱ་དགོས་པ་རེད།གྲོང་སྡོད་ལས་དོན་རུ་ཁག་སླེབས་པ་ནས་བཟུང་།དཔྱིད་རླུང་ལྡང་པ་ལྟར་ཏང་དང་སྲིད་གཞུང་གི་དོ་ཁུར་ཡར་ཀླུང་ས་གཞིའི་ཁྱི་མ་ཚང་ཁྲི་ཚོར་སྐྱེལ་བ་དང་དམངས་སེམས་གཅིག་སྒྲིལ་བྱས་ནས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་བཏང་ཡོད་པ་རེད།

མཚོ་སྨད་རྫོང་གྲི་གུ་གྲོང་རྡལ་སྒྲུབ་སྡེ་གྲོང་ཚོར་བཅའ་སྡོད་ལྷོ་ཁ་གྲོང་ཁྱེར་ཞིང་འབྲོག་ཅུད་ཀྱི་གྲོང་སྡོད་ལས་དོན་རུ་ཁག་གྲོང་ཚོར་བཅའ་སྡོད་བྱས་པ་ནས་བཟུང་།ལས་ཡུལ་དངོས་ལ་རྟོག་ཞིབ་བྱས་ནས་འདི་ལོའི་སྤུ་གསར་སྐྱེ་གསོའི་ལས་དོན་ལ་དམ་འཛིན་བྱས་ཡོད་པ་རེད། མིག་སྔའི་བར། གྲོང་སྡོད་ལས་དོན་རུ་ཁག་གི་རོགས་རམ་འོག སྒྲུབ་སྡེ་གྲོང་ཚོས་ལུག་མགོ་གྲངས་762དང་ར་མགོ་གྲངས་34ལ་སྐྱེས་གསོ་བྱས་པ་དང་།གསོན་ཚད་བརྒྱ་ཆ་96.5ཟིན་ཡོད་པས་གྲོང་ཚོའི་འབྲོག་ལས་འཕེལ་རྒྱས་གཏོང་རྒྱུར་རྨང་གཞི་བརྟན་པོ་གཏིང་ཡོད་པ་རེད།སྣ་དཀར་རྩེ་རྫོང་འདབ་ལུང་ཡུལ་ལྷན་དུ་བཅའ་སྡོད་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུས་སྒོར་ཁྲི་38.8བརྩོན་ལེན་བྱས་ནས་ཡར་འབྲོག་སྣོད་བཅུད་འབྲོག་ར་བཙུགས་པ་དང་མ་རྐང་ཁག་གཅིག་དབུལ་པོའི་ཁྱིམ་དུད་ལ་བགོ་འགྲེམས་བརྒྱབ་ནས་མང་ཚོགས་ལ་འབབ་འཕར་ཡོང་བ་བྱས་ཡོད་པ་རེད།

མང་ཚོགས་ཚོས་གྲོང་སྡོད་ལས་དོན་རུ་ཁག་གི་རོགས་རམ་བྱས་ནས་བཟོས་པའི་ལམ་བུ་དང་ཟམ།ཁྲོན་པ་སོགས་ལ་དམངས་གཅེས་ལམ་དང་སེམས་ཁྲལ་ཟམ་པ།བདེ་སྐྱིད་འབྱུང་རྩ་སོགས་མིང་རྟགས་ཡོད་པ་རེད།

གྲི་གུ་གྲོང་རྡལ་སྒྲུབ་སྡེ་གྲོང་ཚོའི་གྲོང་མི་དབང་ཕྱུག་གིས་ང་ཚོ་མང་ཚོགས་ཀྱི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཐག་གཅོད་བྱེད་མཁན་གྱི་གྲོང་སྡོད་ལས་དོན་རུ་ཁག་འདི་ལྟ་བུར་ང་ཚོས་བརྩི་བཀུར་མ་ཞུས་པ་ག་ལ་སྲིད་ཅེས་བཤད།

དམངས་ལ་དོ་ཁུར་བྱས་ནས་དམངས་འཚོ་འཕེལ་རྒྱས་ལ་བསམ་གཞིགས་བྱས་པ།

ལྷོ་ཁ་གྲོང་ཁྱེར་གྱི་རིམ་ཁག་གྲོང་སྡོད་ལས་དོན་རུ་ཁག་ཚོས་གྲོང་ཚོར་བཅའ་སྡོད་བྱས་པ་ནས་བཟུང་།མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་ཀྱི་འབབ་འཕར་གནད་དོན་ནས་འགོ་བཙུགས་ནས་མང་ཚོགས་ལ་ཇུས་གཞི་བཏོན་རོགས་དང་ཐབས་ཤེས་བཏང་རོགས། དབྱེ་ཞིབ་བྱེད་རོགས། ཕྱུག་འགྱུར་ལམ་བུ་འཚོལ་རོགས་བཅས་བྱས་ནས་མང་ཚོགས་ལ་འབབ་འཕར་ལམ་བུ་གཏོད་ཡོད་པ་རེད།

འདི་ལོ་ཚུན་དུ།ལྷོ་ཁའི་གྲོང་སྡོད་ལས་དོན་རུ་ཁག་ཚོས་དབུལ་སྐྱོར་བྱེད་པར་སྔོན་དུ་སེམས་ཤུགས་དགོས་པ་དང་དབུལ་པོ་སྐྱོང་བར་སྔོན་ལ་ཡིག་རྨོངས་སེལ་རྒྱུ་མཐའ་འཁྱོངས་དང་ཏང་གི་དྲིན་ཚོར་བ་དང་ དབུལ་སྒྲོལ་བྱས་ནས་འབྱོར་འབྲིང་སྤྱི་ཚོགས་ཀྱི་ལམ་བུར་བསྐྱོད་ཅེས་པའི་བྱེད་སྒོ་སྤེལ་བ། དབུལ་པོའི་ཁྱིམ་དུད་ཚང་མར་གསལ་རྟོགས་གཱ་བཟོས་པ།གསལ་རྟོགས་མི་སྣ་རེ་གསོ་སྐྱོང་བཅས་བྱས་ནས་དབུལ་པོའི་མང་ཚོགས་ལ་གསོན་ཤུགས་སྦྱིན་ཡོད་པ་དང་།དམངས་བརྟན་དམངས་ཕན་གྱི་ལས་དོན་གྱི་གྲོན་དངུལ་བེད་སྤྱད་དེ་བཅའ་སྡོད་ཁུལ་གྱི་གྲོང་ཚོའམ་ཡུལ་ལྷན་གྱི་ཕྱུག་འགྱུར་བསམ་བློ་ཇུས་འགོད་དང་།ཐོན་ལས་རྣམ་གྲངས་འཕེལ་རྒྱས་བཏང་བ་བཅས་བྱས་ཏེ་དབུལ་པོའི་མང་ཚོགས་དབུལ་སྒྲོལ་ཐུབ་པ་བྱུང་ཡོད་པ་རེད། འདི་ལོའི་ལོ་སྟོད་དུ།དབུལ་སྐྱོར་སྲིད་ཇུས་དྲིལ་བསྒྲགས་བྱེད་སྒོ་ཐེངས་4121བྱས་པ་དང་།དབུལ་སྒྲོལ་འཆར་གཞི་718བཟོས་པ།དབུལ་སྐྱོར་བྱ་ཐབས་2022དོན་འཁྱོལ་བྱས་པ།དངོས་ཡོད་དཀའ་ངལ་1794སེལ་རོགས་བཅས་བྱས་ཡོད་པ་རེད།

སྦྱོར་ར་གྲོང་ཚོར་བཅའ་སྡོད་མཚོ་སྣ་རྫོང་ཆུ་བེད་ཅུད་དང་སྲིད་གཞུང་གཞུང་ལས་ཁང་གི་གྲོང་སྡོད་ལས་དོན་རུ་ཁག་གིས་ཁྱིམ་དུད་ཁག་ཏུ་བསྐྱོད་ནས་ཁྱིམ་ཚང་གི་གནས་ཚུལ་ཤེས་རྟོགས་བྱས་པ་དང་།སླད་མོན་པ་མི་རིགས་ཁྱད་ལྡན་གྲོང་ཁྱེར་ཆུང་ངུའི་ཚོང་གཉེར་དམངས་ཕན་སྲིད་ཇུས་དྲིལ་བསྒྲགས་བྱས་ཐོག དབུལ་པོའི་མང་ཚོགས་ཁྱིམ་དུད་སྒོ་གྲངས་13སྐུལ་སློང་བྱས་ནས་རང་བརྟེན་ལས་གཏོད་ཐུབ་པ་བྱུང་ཡོད་པ་རེད།

མཚོ་སྣ་རྫོང་སྦྱོར་ར་ཤང་སྦྱོར་ར་གྲོང་ཚོའི་དབུལ་པོའི་མང་ཚོགས་རྒྱན་མཚན་གྱིས།ཏང་གི་དམངས་ཕན་སྲིད་ཇུས་དེ་འདྲ་ཡག་པོ་ཡོད་པས་རང་ཚོ་རང་བརྟེན་ལས་གཏོད་ཀྱི་ལམ་བུར་ཞུགས་ཐུབ་པ་བྱུང་སོང་།བྱས་ཙང་ངས་ཏང་གི་དམངས་ཕན་སྲིད་ཇུས་ལ་བརྟེན་ནས་དབུལ་པོའི་ཞྭ་མོ་ཕུད་ཐུབ་པ་བྱ་རྒྱུ་ཡིན་པས་ཏང་གི་དབུལ་པོའི་མང་ཚོགས་ལ་བཅངས་པའི་བརྩེ་སེམས་ལ་ཐུགས་བརྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད།

བདེ་སྐྱིད་དཔལ་སྒྲོན་གྱིས་བསྒྱུར།

下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合
   第04版:藏区新闻
གཞི་རིམ་ཁྱིམ་ལ་བརྩི་ དམངས་འཚོ་སེམས་ལ་བཞག་
དབུལ་པོའི་ཁྱིམ་དུད་ཀྱི་སྡོད་ཁང་སྒྱུར་བཀོད་
སྤྱི་ཚོགས་ཀྱི་སྒྲིག་ལམ་དཀྲུགས་པའི་གྱོད་གཞི་ཞིག་རྩད་ཆོད་པ།