第02版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合
 
标题导航
| 山南网首页 |
2018年6月27日 星期
3 上一篇 放大 缩小 默认
གོང་དཀར་རྫོང་སྤྱི་བདེ་ཅུད་ཀྱིས།
སྤྱི་ཚོགས་ཀྱི་སྒྲིག་ལམ་དཀྲུགས་པའི་གྱོད་གཞི་ཞིག་རྩད་ཆོད་པ།
 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་དུས།གོང་དཀར་རྫོང་སྤྱི་བདེ་ཅུད་ནག་སེལ་གཞུང་ལས་ཁང་གིས་གོང་དཀར་རྫོང་སྐྱིད་གཤོངས་གྲོང་རྡལ་གྱི་བཀྲ་ཆེ་གེ་མོ་དང་ཚེ་ཆེ་གེ་མོས་ཁྲིམས་འགལ་ངང་རྡོ་བཀོག་ནས་འཚོང་བ་དང་། གཡོ་ཇུས་ལ་བརྟེན་ནས་མཉམ་སྡེབ་ཀྱི་རྩྭ་རའི་ཐོག་ཕྱུགས་ཟོག་འཚོས་ཏེ་ཁེ་བཟང་རག་ཐབས་བྱེད་པའི་ནག་ཚོགས་དང་འབྲེལ་བ་ཡོད་པའི་སྤྱི་ཚོགས་ཀྱི་སྒྲིག་ལམ་དཀྲུགས་པའི་གྱོད་གཞི་ཞིག་རྩད་ཆོད་པ་རེད།

2018ལོའི་ཟླ་5ཚེས་1ཉིན། གོང་དཀར་རྫོང་སྐྱིད་གཤོངས་གྲོང་རྡལ་མངགས་གཏོང་ཁང་ལ་མང་ཚོགས་ཀྱིས་སྐྱིད་གཤོངས་གྲོང་རྡལ་གྱི་གྲོང་མི་བཀྲ་ཆེ་གེ་མོ་དང་ཚེ་ཆེ་གེ་མོས་རང་དགར་རྡོ་བཀོག་ནས་འཚོང་གི་འདུག་ཅེས་ཐེར་འདོན་གོང་ཞུ་འབྱོར་མ་ཐག གོང་དཀར་རྫོང་སྤྱི་བདེ་ཅུད་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ནས་ནག་ཚོགས་དང་འབྲེལ་བ་ཡོད་པའི་ཁུངས་སྣེར་བརྩིས་ཏེ་བརྟག་དཔྱད་གསལ་པོ་བྱས་པ་རེད།

བརྟག་དཔྱད་བྱེད་རིང་། བཀྲ་ཆེ་གེ་མོ་དང་ཚེ་ཆེ་གེ་མོས་སྐྱིད་གཤོངས་གྲོང་ལྷན་ཁོངས་གཏོགས་ཀྱི་རི་ཐོག་ནས་ཁྲིམས་འགལ་ངང་རྡོ་བཀོག་པ་མ་ཟད། ཕྱིར་བཙོངས་ནས་ཁྲིམས་འགལ་ཡོང་འབབ་སྒོར་ཁྲི་གཅིག་ལྷག་ཙམ་བསགས་པ་ཤེས། དེ་དང་ཆབས་ཅིག་ཉེན་རྟོག་པས་2017ལོ་ཚུན་བཀྲ་ཆེ་གེ་མོ་དང་ཚེ་ཆེ་གེ་མོས་ལྐོག་ཏུ་ཚོང་བརྒྱབ་ནས་སླེའུ་ཆུང་གྲོང་ཚོའི་བཀྲ་ཆེ་གེ་མོའི་ཕྱུགས་ཟོག་ཚེ་ཆེ་གེ་མོའི་མིང་ཐོག་ནས་སྐྱིད་གཤོངས་གྲོང་ལྷན་གྱི་མཉམ་སྡེབ་རྩྭ་རའི་ཐོག་གློད་པ་དང་ཚེ་ཆེ་གེ་མོས“རྔན་པ”སྒོར་ལྔ་སྟོང་བླངས་པ་ཤེས། གོང་གསལ་གྱི་མཉམ་སྡེབ་ཐོན་ཁུངས་བཙན་བཟུང་དང་སྣོད་བཅུད་ཁོར་ཡུག་ལ་གཏོར་བཤིག་བཏང་བའི་དོན་དག་ཐོན་རིང་བཀྲ་ཆེ་གེ་མོ་དང་ཚེ་ཆེ་གེ་མོས་གཞི་རིམ་རྩ་འཛུགས་ཀྱི་ཁ་ཏ་བསླབ་བྱ་རྣ་རྒྱབ་ཀྱི་རླུང་བུར་བརྩིས་ཏེ་རང་སྣང་གང་ཤར་བྱས་པས། མང་ཚོགས་ཁྲོད་ཤུགས་རྐྱེན་ངན་པ་ཆགས་ནས་མི་སེར་ཚོའི་སེམས་ནང་གི་གཞི་རིམ་རྩ་འཛུགས་ཀྱི་མཚན་སྙན་གྲགས་ལ་གནོད་འཚེ་ཚབས་ཆེན་བཟོས་ཡོད་པ་རེད།

དེས་ན་གོང་དཀར་རྫོང་སྤྱི་བདེ་ཅུས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བདེ་འཇགས་བཅོས་སྒྲིག་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན་ཉེར་གསུམ་པའི་ནང་གསེས་དང་པོའི་གཏན་འབེབས་གཞིར་བཟུང་། གྱོད་གཞི་འདི་དང་དེ་བཞིན་བཀྲ་ཆེ་གེ་མོ་དང་ཚེ་ཆེ་གེ་མོའི་ཁྲིམས་ཆད་ཁུར་བའི་རྣམ་འགྱུར་སོགས་ལ་གཞིགས་ཏེ་བཀྲ་ཆེ་གེ་མོ་སྲིད་འཛིན་བཀག་ཉར་ཉིན་བཅུ་དང་ཚེ་ཆེ་གེ་མོ་སྲིད་འཛིན་བཀག་ཉར་ཉིན་བདུན་བྱ་རྒྱུ་དང་ཁོ་གཉིས་ཀར་དངུལ་ཆད་སྒོར་ལྔ་བརྒྱ་གཏོང་རྒྱུ་མ་ཟད། ཁྲིམས་འགལ་གྱི་ཐོབ་ཆ་ཡོང་རྫོགས་གཞུང་བཞེས་གཏོང་རྒྱུའི་ཐག་བཅད་པ་རེད།

3 上一篇 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合
   第04版:藏区新闻
གཞི་རིམ་ཁྱིམ་ལ་བརྩི་ དམངས་འཚོ་སེམས་ལ་བཞག་
དབུལ་པོའི་ཁྱིམ་དུད་ཀྱི་སྡོད་ཁང་སྒྱུར་བཀོད་
སྤྱི་ཚོགས་ཀྱི་སྒྲིག་ལམ་དཀྲུགས་པའི་གྱོད་གཞི་ཞིག་རྩད་ཆོད་པ།