སྣོད་བཅུད་ཁོར་ཡུག་ཞན་པ་དང་རང་བྱུང་ཆ་རྐྱེན་སྐྱོ་སར་སྡོད་མཁན་མི་འབོར་དབུལ་པོའི་འཕེལ་རྒྱས་ཀྱི་གནད་དོན་གཞི་རྩ་ནས་ཐག་གཅོད་དང་དབུལ་སྐྱོར་གསར་སྤེལ་གྱི་འཕེལ་རིམ་མགྱོགས་སུ་གཏོང་ཆེད། ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་གནས་སྤོས་དབུལ་སྒྲོལ་གྱི་ལས་ཀའི་བླང་བྱ་གཞིར་བཟུང་། མང་ཚོགས་ཀྱི་འདོད་འདུན་མཐའ་འཁྱོངས་བྱེད་པ་དང་། ཡུལ་བབ་དང་བསྟུན་རྒྱུར་གཙིགས་ཆེན་བྱེད་པ། ཚན་རིག་དང་མཐུན་པའི་འཆར་འགོད་ཡག་པོ་བྱེད་པ། རྗེས་མཐུད་ཀྱི་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ་བཅས་ཀྱི་སྒོ་ནས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་ལས་གྲྭ་ལག་ལེན་ཤུགས་ཆེན་བསྟར་བས་ཕན་འབྲས་བཟང་པོ་ཐོན་ཞིང་།
འདི་ནི་སྐྲུན་ཟིན་གྲབས་ཡོད་པའི་ཚེ་མཆོག་གླིང་རིག་གནས་གསར་གཏོད་གླིང་ཁུལ་གྱི་བཀོད་སྒྲིག་ས་ཚིགས་ཡིན་པ།