ཀྲུང་གོ་མི་དམངས་དངུལ་ཁང་གིས་གོམ་སྟབས་རྗེས་མར་ཚོད་ལྟའི་ཉམས་མྱོང་ཕྱོགས་སྡོམ་དང་ཆབས་ཅིག དྲ་འབྲེལ་ཞིབ་བསྡུར་ལས་སྒོའི་ཁྱབ་ཁོངས་རྒྱུན་ཆད་མེད་པར་ཆེ་རུ་དང་མ་ལག་འཁོར་རྒྱུག་གི་ནུས་པ་ཆེ་རུ་བཏང་ནས། རྒྱལ་ཡོངས་སུ་རིམ་བཞིན་ཚོད་ལྟའི་ངང་ཁྱབ་གདལ་གཏོང་རྩིས་འདུག
གལ་སྲིད་མི་སྒེར་གྱིས་སྨན་པ་བསྟེན་པ་སོགས་རྫ་དྲག་གི་གནས་ཚུལ་འོག་གྲོང་མིའི་ཐོབ་ཐང་ལག་ཁྱེར་རྙིང་པ་སྤྱད་ནས་མི་སྒེར་གྱི་དངུལ་ཁང་གི་རྩིས་ཐོའི་ལས་སྒོ་གཉེར་དགོས་ཚེ། དངུལ་ཁང་གིས་འབྲེལ་ཡོད་མི་སྒེར་གྱི་གྲོང་མིའི་ཐོབ་ཐང་ལག་ཁྱེར་ཡིན་མིན་གསལ་པོ་བཟོ་དགོས་པ་དང་། ད་དུང་དོ་བདག་གིས་དངུལ་ཁང་གི་ལས་གཉེར་ཁང་དུ་ལས་སྒོ་གཉེར་དགོས་པ། གྲོང་མིའི་ཐོབ་ཐང་ལག་ཁྱེར་ལ་བཀོད་པའི་མིང་དང་། སྤྱི་དམངས་ཀྱི་ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས་དང་དྲ་འབྲེལ་ཞིབ་བསྡུར་མ་ལག་གི་ཆ་འཕྲིན་གཅིག་པ་ཡིན་དགོས། ལག་ཁྱེར་ངོ་མ་ཡིན་པ་དང་ད་དུང་གོ་ཆོད་དུས་ཚོད་ཡོལ་མེད་ཚེ་དངུལ་ཁང་གིས་ལས་སྒོ་སྒྲུབ་ཀྱི་ཡོད། འོན་ཀྱང་མི་སྒེར་གྱིས་ཟླ་བ་གཅིག་ནང་ཚུན་དུ་དངུལ་ཁང་ལ་གོ་ཆོད་ཐོབ་ཐང་ལག་ཁྱེར་གསར་པ་མཁོ་འདོན་བྱེད་དགོས།