ད་ནས་བཟུང་། ཐོབ་ཐང་ལག་ཁྱེར་བརླགས་ནའང་སེམས་ཁྲལ་བྱེད་དགོས་མི་འདུག གང་ལགས་ཤེ་ན། ཀྲུང་གོ་མི་དམངས་དངུལ་ཁང་གིས་ཐབས་ཤེས་ཡག་པོ་ཞིག་བཏོན་འདུག ཉིན་ཤས་གོང་། ཀྲུང་གོ་མི་དམངས་དངུལ་ཁང་གིས་གོ་མི་ཆོད་པའི་གྲོང་མིའི་ཐོབ་ཐང་ལག་ཁྱེར་དང་ཐོབ་ཐང་ལག་ཁྱེར་མིན་པའི་ཆ་འཕྲིན་ཞིབ་བསྡུར་བྱེད་འགོ་བཙུགས་ཡོད་ཅེས་ཁྱབ་བསྒྲགས་བྱས་འདུག མ་ཟད་དེ་རིང་ནས་བཟུང་། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་ཁག་གི་དངུལ་ཁང་ཆེ་གྲས་ཁག་གིས་གྲོང་མིའི་ལག་ཁྱེར་གྱི་ཆ་འཕྲིན་ཞིབ་བསྡུར་ཚོད་ལྟའི་ལས་དོན་སྤེལ་མཁན་རེད་འདུག