第04版:社会要点 上一版3
 
版面导航

第01版
头版

第02版
综合新闻

第03版
综合
 
标题导航
| 山南网首页 |
2018年4月11日 星期
下一篇 4 放大 缩小 默认
རང་རྒྱལ་གྱི་གྲོང་གསེབ་ཀྱི་མཉམ་སྡེབ་རྒྱུ་ནོར་བདག་དབང་ལམ་ལུགས་
 

མི་དམངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན།ཞིང་ལས་དང་གྲོང་གསེབ་པུའུ་ནས་ཤེས་རྟོགས་བྱུང་བར། འདི་ལོ་གྲོང་གསེབ་ཀྱི་མཉམ་སྡེབ་རྒྱུ་ནོར་བདག་དབང་ལམ་ལུགས་སྒྱུར་བཅོས་ཀྱི་ཚོད་ལྟའི་ཁྱབ་ཁོངས་མུ་མཐུད་རྒྱ་ཆེར་གཏོང་རྒྱུ་ཡིན་ཞིང་། ཚོད་ལྟའི་ཚན་པ་300བར་རྒྱ་ཆེར་གཏོང་རྒྱུ་དང་ཆབས་ཅིག་ས་གནས་ལ་ཚོད་ལྟའི་རྒྱ་ཁྱོན་ཆེ་རུ་གཏོང་རྒྱུ་སྐུལ་མ་བཏང་ནས་2021ལོའི་ལོ་མཇུག་གོང་དུ་གཉེར་སྐྱོང་རང་བཞིན་གྱི་མ་རྩ་མ་རྐང་མཉམ་ལས་ལམ་ལུགས་ཀྱི་སྒྱུར་བཅོས་རྩ་བའི་ཆ་ནས་ལེགས་གྲུབ་ཡོང་བའི་འགན་ལེན་བྱ་རྒྱུ་རེད། གཞན་ཡང་། ཉིན་ཤས་གོང་འཚོགས་པའི་གྲོང་གསེབ་ཀྱི་མཉམ་སྡེབ་རྒྱུ་ནོར་གཙང་རྩིས་དང་མ་རྩ་རྩིས་བཤེར་ལས་དོན་ལ་སྐུལ་གཏོང་གི་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། གྲོང་གསེབ་ཀྱི་མཉམ་སྡེབ་རྒྱུ་ནོར་གཙང་རྩིས་དང་མ་རྩ་རྩིས་བཤེར་ལས་དོན་དེ“གོམ་སྟབས་གསུམ”ལ་དབྱེ་ནས་སྤེལ་རྒྱུ་དང་2019ལོའི་ཟླ་བཅུ་གཉིས་པའི་ཟླ་མཇུག་གོང་དུས་བཀག་ལྟར་ལེགས་གྲུབ་བྱ་རྒྱུ་རེད།

གོམ་སྟབས་དང་པོ་ནི་གྲ་སྒྲིག་དུས་མཚམས་ཡིན་ཞིང་། 2018ལོའི་ཟླ་བཞི་པའི་ཟླ་མཇུག་གོང་ལེགས་གྲུབ་བྱ་རྒྱུ་དང་གཙོ་གནད་ནི་ལས་ཀའི་ཞིབ་སྲོལ་སོགས་ཡིག་ཆ་ཆ་ཚང་བཟོ་རྒྱུ་དང་། གསོ་སྦྱོང་བྱ་རྒྱུ། རྨང་གཞི་བརྟན་དུ་གཏོང་རྒྱུ་བཅས་རེད། གོམ་སྟབས་གཉིས་པ་ནི་ལག་ལེན་དུས་མཚམས་ཡིན་ཞིང་། 2019ལོའི་ཟླ་དྲུག་པའི་ཟླ་མཇུག་གོང་ལེགས་གྲུབ་བྱ་རྒྱུ་དང་གཙོ་གནད་ནི་མ་རྩ་ཁྱོན་ཡོངས་ནས་གཙང་བཤེར་བྱ་རྒྱུ་དང་། ཐོ་བཀོད་རེའུ་མིག་འབྲི་རྒྱུ། རིམ་པ་བཞིན་ཞིབ་བཤེར་བྱས་ནས་གོང་ཞུ་བྱ་རྒྱུ་བཅས་རེད། གོམ་སྟབས་གསུམ་པ་ནི་ཕྱོགས་སྡོམ་དུས་མཚམས་ཡིན་ཞིང་། 2019ལོའི་ཟླ་བཅུ་གཉིས་པའི་ཟླ་མཇུག་གོང་ལེགས་གྲུབ་བྱ་རྒྱུ་དང་གཙོ་གནད་ནི་ལྟ་སྐུལ་ཞིབ་བཤེར་དང་གྲུབ་འབྲས་ཞིབ་བཤེར་རྩིས་ལེན་བྱ་རྒྱུ་བཅས་རེད།

下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合
   第04版:社会要点
རང་རྒྱལ་གྱི་གྲོང་གསེབ་ཀྱི་མཉམ་སྡེབ་རྒྱུ་ནོར་བདག་དབང་ལམ་ལུགས་
ཐོབ་ཐང་ལག་ཁྱེར་བརླགས་ནའང་མིས་ སྤྱད་ཡོང་སྙམ་པའི་སེམས་ཁྲལ་མེད།
ཁྱིམ་ཚང་གསར་པ། འཚོ་བ་གསར་པ།
གཞིས་རྩེས་མོ་ཊར་འདི་འདྲ་བསྒར་ན་ཉེས་ཆད་སྒོར་200དང་སྐར་མ་2འཐེན་རྒྱུ་བྱས་འདུག
ཀྲུང་གོ་མི་དམངས་དངུལ་ཁང་།