第02版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
ངེད་གྲོང་ཁྱེར་གྱིས་2026ལོའི་ལྷོ་ཁ་གྲོང་ཁྱེར་གྱི་གཞི་རིམ་སྒྲོག་འགྲེལ་པ་རྩེ་གྲ་བཅུའི་འགྲན་བསྡུར་གྱི་བྱ་དགའ་སྤྲོད་པའི་མཛད་སྒོ་གཉེར་བ།
ཡར་ཀླུང་བསྡུས་འཕྲིན།
ཟངས་རི་རྫོང་བྲག་དཀར་གྲོང་གསར་གྱིས“154”ཡི་བཅོས་སྐྱོང་ལ་བརྟེན་ནས་ཏང་འཛུགས་སྐྱོང་གིས་ཁྲིད་སྐུལ་བྱེད་པའི་ལེ་ཚན་གསར་པ་རྩོམ་པའི་སྐོར་བཀོད་པ།
| 山南网首页 |
2026年5月29日 星期
3 上一篇  下一篇 4 放大 缩小 默认
ཡར་ཀླུང་བསྡུས་འཕྲིན།
 

ཉེ་དུས། སྣེ་གདོང་ཆུས་ཨུད་སྲིད་ཁྲིམས་ཨུད(གཞུང་ལམ་བདག་སྐྱོང་གཞུང་ལས་ཁང)ཀྱིས་ཁོངས་གཏོགས་ཚན་པའི་སྣེ་ཁྲིད་དེ་ལྷོ་ཁ་གྲོང་ཁྱེར་ཧྲེན་ལི་དུས་རབས་ཐང་ཆེན་དུ5·26གཞུང་ལམ་བདག་སྐྱོང་ང་རང་གཅེས་ཞེས་བརྗོད་དོན་གཙོ་བོའི་གཅིག་བསྡུད་དྲིལ་བསྒྲགས་བྱས་པ།

ཉེ་དུས། སྣ་དཀར་རྩེ་རྫོང་ཁྲིམས་ལུགས་ཁྱབ་གདལ་ཁོངས་གཏོགས་ཚན་པས་ཡར་འབྲོག་རིག་གནས་ཐང་ཆེན་དུ་ཁྲིམས་གཞུང་ལ་བརྟེན་ནས་དམངས་འཚོ་སྲུང་བ་དང་ཁྲིམས་སྐྱོང་ལ་བརྟེན་ནས་ཞི་མཐུན་ལ་སྐུལ་འདེད་གཏོང་བའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

ཉེ་ལམ། མཚོ་སྨད་རྫོང་སྤྱི་བདེ་ཅུད་ཀྱིས་རྒྱལ་ལམ་ཨང560ལམ་ཐིག་ཁུལ་དུ་གནས་སྐབས་ཞིབ་བཤེར་ས་ཚིགས་བཙུགས་ནས། འགྲིམ་འགྲུལ་ཁྲིམས་འགལ་བཅོས་སྒྲིག་གི་བྱ་སྤྱོད་སྤེལ་བ།

ཉེ་ལམ། གྲ་ནང་རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུད་ཀྱིས་བཟའ་འཐུང་ལས་རིགས་ཁྱབ་ཁོངས་ནང་བཟའ་བཅའ་འཕྲོ་བརླག་བཀག་སྡོམ་གྱི་ཆེད་དོན་ཞིབ་བཤེར་བྱས་པ།

ཉེ་ལམ། ཆུ་གསུམ་རྫོང་སྤྱི་བདེ་ཅུད་ཉེས་དོན་མྱུལ་ཞིབ་རུ་ཆེན་གྱིས་ནོར་བུ་ས་གྲོང་རྡལ་མངག་གཏོང་ཁང་དང་མཉམ་འབྲེལ་ཐོག་མངའ་ཁོངས་གཏེར་ཁུལ་དུ་བསླུ་འགོག་ཆེད་དོན་སྒྲོག་འགྲེལ་བྱས་པ།

ཉེ་དུས། ཟངས་རི་རྫོང་རིམས་འགོག་ལྟེ་གནས་ཀྱིས་རྫིང་ཕྱི་ཤང་དབྱར་རྩ་དགུན་འབུ་འཐུ་ཁུལ་དུ་ཨེ་ཙེ་ནད་འགོག་གི་དྲིལ་བསྒྲགས་སློབ་གསོ་སྤེལ་བ།

ཉེ་ལམ། གོང་དཀར་རྫོང་གིས་ཚན་པ་ཁག་དང་མཉམ་འབྲེལ་ཐོག་སྟོང་རྭ་ཤང་སྟོང་རྭ་གྲོང་ཚོར་ཡར་འབྲོག་གཡུ་མཚོའི་སྣོད་བཅུད་ཁོར་ཡུག་ལ་སྲུང་སྐྱོང་བྱེད་ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་སྐབས་བདུན་པའི་5·25མ་ཡུམ་མཚེའུ་སྲུང་སྐྱོང་བྱ་སྤྱོད་ཉིན་མོའི་བྱེད་སྒོ་སྤེལ་བ།

ཉེ་ཆར། འཕྱོངས་རྒྱས་རྫོང་གིས་2026ལོའི་དམངས་ཡོངས་ཀྱི་ལུས་སྦྱོང་དང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་གཉེར་བ། ཉེ་ཆར། མཚོ་སྨད་རྫོང་གིས་གཙོ་གནད་རྣམ་གྲངས་ལས་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གནས་ཚུལ་ལ་ས་གནས་ས་ཐོག་ཏུ་ལྟ་བཤེར་བྱས་པ་དང་། ཆུ་མཛོད་དང་འོད་ཤུགས་གློག་ཁང་། གཏེར་རིའི་རྣམ་གྲངས་སོགས་ལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཆེད་དོན་ཞིབ་བཤེར་བྱས་པ།

ཉེ་ཆར། རྒྱ་ཚྭ་རྫོང་རང་བྱུང་ཐོན་ཁུངས་ཅུད་ཀྱིས་ནགས་རྩྭ་ཅུད་དང་མཉམ་འབྲེལ་ཐོག མངའ་ཁོངས་དབྱར་རྩྭ་དགུན་འབུ་འཐུ་ཁུལ་དུ་བསྐྱོད་དེ་ས་གཤིས་གནོད་འཚེའི་མངོན་མེད་རྐྱེན་རྩར་གྲལ་བཤེར་བྱས་པ་དང་། ཉེན་གཡོལ་གནས་སྤོའི་ས་ཆ་འདེམས་པའི་ཞིབ་དཔྱོད་ལས་དོན་ཡང་ཅིག་ཅར་སྤེལ་བ། ཉེ་ཆར། གོང་དཀར་རྫོང་སློབ་གསོ(ལུས་རྩལ)ཅུད་ཀྱིས་སློབ་གྲྭ་འབྲིང་ཆུང་གི་རྩོམ་བསྡུའི་འགྲན་བསྡུར་གཉེར་བ། བདེ་དཔལ་དང་མཚམས་གཅོད་ཀྱིས་སྒྱུར། བསོད་དོན་གྱིས་ཞུས།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:专版
ངེད་གྲོང་ཁྱེར་གྱིས་2026ལོའི་ལྷོ་ཁ་གྲོང་ཁྱེར་གྱི་གཞི་རིམ་སྒྲོག་འགྲེལ་པ་རྩེ་གྲ་བཅུའི་འགྲན་བསྡུར་གྱི་བྱ་དགའ་སྤྲོད་པའི་མཛད་སྒོ་གཉེར་བ།
ཡར་ཀླུང་བསྡུས་འཕྲིན།
ཟངས་རི་རྫོང་བྲག་དཀར་གྲོང་གསར་གྱིས“154”ཡི་བཅོས་སྐྱོང་ལ་བརྟེན་ནས་ཏང་འཛུགས་སྐྱོང་གིས་ཁྲིད་སྐུལ་བྱེད་པའི་ལེ་ཚན་གསར་པ་རྩོམ་པའི་སྐོར་བཀོད་པ།