འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་5པའི་ཚེས་27ཉིན། ལོ་ལྔ་ཚན་བཅོ་ལྔར་འབད་འབུངས་མདུན་སྐྱོད་བྱེད། རྒྱང་ལམ་གསར་པར་རིགས་གཞུང་དུང་སྒྲ་སྒྲོགས་ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་2026ལོའི་ལྷོ་ཁ་གྲོང་ཁྱེར་གྱི་གཞི་རིམ་སྒྲོག་འགྲེལ་པ་རྩེ་གྲ་བཅུའི་འགྲན་བསྡུར་གྱི་བྱ་དགའ་སྤྲོད་པའི་མཛད་སྒོ་དེ་གྲོང་ཁྱེར་ཚན་རྩལ་རིག་གནས་ལྟེ་གནས་སུ་འཚོགས་པ་རེད།གྲོང་ཨུད་རྒྱུན་ཨུ། དྲིལ་བསྒྲགས་པུའི་པུའུ་ཀྲང་ཕན་ཀང་ཕིང་མཛད་སྒོར་ཞུགས་གནང་བ་དང་ཤིས་ཚིག་བསྒྲོན་གནང་བ་རེད། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལསཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་གྲའེ་ཁུན་དང་གྲོང་སྤྱི་གཞོན་པ་ཀྲའོ་མིན་མཛད་སྒོར་ཞུགས། མཛད་སྒོའི་ཐོག ཕན་ཀང་ཕིང་གིས་གྲོང་ཨུད་ཀྱི་ཚབ་ཞུས་ནས་ད་ཐེངས་ཀྱི་འགྲན་བསྡུར་ནང་བྱ་དགའ་ཐོབ་མཁན་གྱི་སྒྲོག་འགྲེལ་པ་ཚོར་བཀྲ་ཤིས་བདེ་ལེགས་ཞུས་གནང་བ་དང་། གཞི་རིམ་སྒྲོག་འགྲེལ་གྱི་འཐབ་ས་དང་པོར་གནས་པའི་དཀའ་སྤྱད་འབད་འབུངས་གནང་མཁན་ཚོར་གུས་འདུད་ཞུས་པ་མ་ཟད། དུས་ཡུན་རིང་པོའི་ནང་ངེད་གྲོང་ཁྱེར་གྱི་དྲིལ་བསྒྲགས་བསམ་བློ་རིག་གནས་ལས་དོན་ལ་དོ་ཁུར་དང་རྒྱབ་སྐྱོར་གནང་མཁན་གྱི་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣར་ཡང་ཐུགས་རྗེ་ཆེ་ཞུས་གནང་བ་རེད། ཕན་ཀང་ཕིང་གིས་བླང་བྱ་བཏོན་དོན། གཞི་རིམ་སྒྲོག་འགྲེལ་པ་ཡོངས་ཀྱིས་ད་ཐེངས་ཀྱི་འགྲན་བསྡུར་གོ་སྐབས་སུ་འཛིན་ནས། མཉམ་དུ་སློབ་སྦྱོང་དང་མཉམ་དུ་ཡར་རྒྱས་ཡོང་བ་བྱས་ཏེ། གཞི་རིམ་ལ་གཞི་རྐང་ཚུགས་པ་དང་ལེགས་སྐྱེས་ཕུལ་ནས་བརྩེ་བ་ཟབ་མོ་དང་དམ་པ་དོན་གཉེར་གྱི་སྤྱོད་ཚུལ་ལ་བརྟེན་ནས། ཏང་དང་བོད་ལྗོངས། ལྷོ་ཁ་བཅས་ཀྱི་གཏམ་རྒྱུད་ཡག་པོ་བརྗོད་དེ། ཏང་གི་གསར་གཏོད་རིགས་གཞུང་ཁྱིམ་ཚང་ཀུན་གྱིས་རྟོགས་པ་བྱས་ཐོག ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལྷོ་ཁའི་ལག་ལེན་གྱི་ལེ་ཚན་གསར་པ་ཧུར་ཐག་རྩོམ་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས།
བདེ་དཔལ་གྱིས་བསྒྱུར། བསོད་དོན་གྱིས་ཞུས།