ཁང་བཙུགས་པའི་ཚོགས་ཆེན་འཚོགས་ཤིང་། དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་མཐར་ཕྱིན་པ་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་ཅིག་ཡིན་ལ། ཧུའུ་པེའི་བོད་སྐྱོར་ལས་དོན་གྱི་ལོ་31རིང་གི་ལོ་རྒྱུས་ལམ་བུའི་ཁྲོད་ཀྱི་གསར་གཏོད་རང་བཞིན་གྱི་འཚོལ་ཞིབ་ཅིག་ཀྱང་ཡིན་པ་དེའི་ཐོག་ནས་ཧུའུ་པེ་དང་བོད་ལྗོངས་ས་གནས་གཉིས་ཀྱི་སློབ་གྲྭ་དང་ས་གནས་དབར་གྱི་མཉམ་ལས་དེ་དངོས་གཞི་ཅན་དང་། ལས་སྟེགས་ཅན། རྣམ་གྲངས་ཅན་བཅས་ཀྱི་དུས་མཚམས་གསར་པར་སླེབས་པ་མཚོན་ཡོད།
གྲོང་ཨུད་ཧྲུའུ་ཅི་གཞོན་པ། གྲོང་སྤྱི་བསམ་གྲུབ་ཚེ་རིང་དང་། ཧུའུ་པེ་ཞིང་ཆེན་སློབ་གསོ་ཐིང་གི་ཐིང་ཀྲང་གཞོན་པ་ཏའེ་ཝུའེ། རང་སྐྱོང་ལྗོངས་སློབ་གསོ་ཐིང་གི་ཐིང་ཀྲང་གཞོན་པ་ཀྲོའུ་ཐན་མིང་། རང་སྐྱོང་ལྗོངས་ཚན་རྩལ་ཐིང་གི་ཐིང་ཀྲང་གཞོན་པ་ཉེ་ཞའོ་ཝུའེ། ཧུའུ་པེ་སློབ་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་སློབ་སྤྱི་ལིའུ་ཅན་ཕིང་། གྲོང་སྤྱི་ (པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) གཞོན་པ་ཚེ་རིང་གཡང་འཛོམས་སོགས་ཚོགས་འདུར་ཞུགས་པ་རེད།
གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རྒྱུན་ལས་གྲོང་སྤྱི་གཞོན་པ། ཧུའུ་པེ་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་གི་རུ་དཔོན་ལུའོ་ཏུང་ལེའང་གིས་ཤིས་ཚིག་གསུངས་པ་རེད།
ལུའོ་ཏུང་ལེའང་གིས་ཤིས་ཚིག་ནང་། ཞིབ་འཇུག་ཁང་བཙུགས་པ་ནི“དོན་ཆེན་བཞི”ལ་དམིཊ་པ་དང་། “འཛུགས་གཏོད་བཞིར”སེམས་ནུས་བསྒྲིལ་བའི་འཐབ་ཇུས་བྱ་ཐབས་ཤིག་དང་ས་མཐོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཇུར་མིག་སེལ་བ། ལྷོ་ཁའི་དེང་རབས་ཅན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁ་ཚ་དགོས་གཏུཊ་ཀྱི་དགོས་མཁོ་ཞིག་དང་། ག་སྦྱར་བོད་སྐྱོར་ཇེ་ཟབ་ཏུ་བཏང་ནས“གཞན་བརྟེན”ནས“རང་གསོའི”ཕྱོགས་སུ་བསྐྱོད་པའི་གསར་གཏོད་འཚོལ་ཞིབ་ཞིག་ཀྱང་རེད། ཞིབ་འཇུག་ཁང་གིས་ཁྱད་ལྡན་ཞིང་འབྲོག་དང་། དྭངས་གཙང་ནུས་རྒྱུ། དམངས་དབྱིངས་དཔལ་འབྱོར། ཆིང་དབྱང་དཔེ་སྟོན་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིཊ་ནས“ཐབས་ཤེས་བཟང་པོ”མང་ཙམ་འདོན་པ་དང་། “བློ་འདོན་ཚོཊ་པ”ཡག་པོ་ཞིག་བྱས་ཏེ་གཞིས་ཆཊ་ཐུབ་ལ་སྤྱོད་སྒོ་ཆེ་བའི་ས་ཆ་དེ་ག་རང་གི་རྐང་འཛིན་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་དགོས་པ། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ནུས་ཤུཊ་ཡོད་རྒུས་རྒྱབ་ཕྱོགས་ཞབས་ཞུ་ཡག་པོ་བྱས་ཏེ་ཕྱོགས་ཡོངས་དང་དུས་འཁོར་ཧྲིལ་པོའི་ཞབས་ཞུ་མཁོ་འདོན་བྱ་རྒྱུ་བཅས་ཀྱི་རེ་བ་གསུངས།
ཚོགས་ཆེན་འཚོག་ཡུལ་དུ《ལྷོ་ཁ་གྲོང་ཁྱེར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཞིབ་འཇུག་ཁང་གི་མཉམ་སྐྲུན་གྲོས་མཐུན》དང《དབུས་ནུབ་ས་ཁོངས་ཀྱི་ཚན་རྩལ་གསར་གཏོད་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན》དེ་བཞིན་ཆེད་དོན་མཉམ་ལས་གྲོས་མཐུན་མང་པོར་མིང་རྟགས་བཀོད་པ་རེད། གྲོས་མཐུན་དེ་དག་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། སློབ་གསོ་སྟོབས་ཆེན་གྲོང་ཁྱེར་འཛུགས་པ། ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་སོགས་ཀྱི་ཁྱབ་ཁོངས་ལ་ཁྱབ་ཡོད་ཅིང་། དབང་ཆ་དང་འགན་འཁྲི་ཁ་གསལ་དང་བྱ་ཐབས་ཞིབ་ཕྲ་ཡོད་པ་དེའི་ཐོག་ནས་ཕྱོགས་ཡོངས་དང་། རིམ་པ་མང་བ། ཁྱབ་ཁོངས་ཆེ་བ་བཅས་ཀྱི་མཉམ་ལས་མངོན་པས་རིག་ནུས་བོད་སྐྱོར་དང་ཚན་རྩལ་བོད་སྐྱོར་གྱི་གཞི་རྟེན་ནུས་ལྡན་མངོན་པར་བྱས་ཡོད།
དེ་རྗེས་བསམ་གྲུབ་ཚེ་རིང་དང་། ཏའེ་ཝུའེ། ཀྲོའུ་ཐན་མིང་། ཉེ་ཞའོ་ཝུའེ། ལིའུ་ཅན་ཕིང་། ལུའོ་ཏུང་ལེའང་སོགས་ཀྱིས་མཉམ་དུ་ལྷོ་ཁ་གྲོང་ཁྱེར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཞིབ་འཇུག་ཁང་གི་སྒོ་བྱང་ཕྱེ་གནང་བ་རེད།
རྣམ་གྲངས་ཀྱི་ལད་འཁྲབ་ལྷུ་ཚིགས་སུ་ལེགས་འདེམས་ཞིབ་ཚགས་བྱས་པའི་རྣམ་གྲངས་རྩེ་གྲས་8གཅིག་སྡུད་ཐོག་འགྲེམས་སྟོན་བྱས་པ་དེ་དག་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་དང་། ནུས་རྒྱུ་གཙང་མ། གྲངས་འཛིན་རིག་གནས་ཡུལ་སྐོར། སྨན་བཅོས་བདེ་ཐང་། ཚན་རྩལ་གསར་གཏོད་སོགས་ཁྱབ་ཁོངས་ཚུད་ཡོད་པ་རེད། རྣམ་གྲངས་དེ་དག་གིས་ལྷོ་ཁའི་འཕེལ་རྒྱས་ཀྱི་དགོས་མཁོར་དམ་པོར་དམིགས་པ་དང་། ཧུའུ་པེའི་གསར་གཏོད་ཀྱི་བློ་གྲོས་གཅིག་ཏུ་བསྡུས་ནས་ལྷོ་ཁའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྒུལ་ནུས་གསར་པ་སྣོན་རྒྱུ་ཡིན་པ་རེད།།
བསོད་ནམས་བསྟན་པས་བསྒྱུར། བསོད་བདེས་ཞུས།