འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ལམ། གྲོང་ཨུད་ཀྱི་ཧྲུའུ་ཅི་ལི་ཧྥུའུ་ཀྲུང་གིས་གོང་དཀར་རྫོང་དུ་ཟབ་འཇུག་གནང་སྟེ། ས་ཡུལ་དངོས་ནས་མཁའ་འགྲུལ་ཁུལ་གྱི་རིག་ནུས་ཟོག་འདྲེན་ལྟེ་གནས་རྣམ་གྲངས་འཛུགས་སྐྲུན་གནས་ཚུལ་ལ་རྟོག་ཞིབ་གནང་ཐོག སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱིས་ལན་ཆ་བྱས་པའི་གནད་དོན་བཅོས་སྒྲིག་རེ་འདུན་དོན་འཁྱོལ་ལས་ཀར་ལྟ་སྐུལ་ཁྲིད་སྟོན་གནང་བ་རེད། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་(པར་ངོས་གཉིས་པར་གཟིགས) (པར་ངོས་དང་པོར་མཐུད) རྒྱལ་ཁབ་བསྐྲུན་པའི་ལས་འགན་གཙོ་བོ་ཡིན་ཞེས་པའི་མཛུབ་སྟོན་གལ་ཆེན་བླང་བྱ་ལག་བསྟར་གཏིང་ཟབ་བྱས་ཏེ། ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱེད་དགོས་པ་དང་། བརྟན་ཐོག་ཡར་བརྩོན་ལས་ཀའི་སྤྱིའི་རྩ་དོན་མཐའ་འཁྱོངས་བྱས་ཐོག ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་ཆ་ཚང་བ་དང་གོ་བ་ཡང་དག་པ་ལེན་དགོས་པ། སྤུས་མཐོའི་འཕེལ་རྒྱས་དང་ཚད་མཐོའི་སྲུང་སྐྱོང་བྱེད་ཕྱོགས་ལ་གཅིག་གྱུར་བཀོད་སྒྲིག་བྱས་ཏེ། དོན་ཆེན་བཞིར་དམིགས་ནས་འཛུགས་གཏོད་བཞིར་སྟོབས་ཤུགས་གཅིག་བསྒྲིལ་བརྒྱུད། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོ་འཛུགས་པ་དང་ལག་བསྟར་གཏིང་ཟབ་བྱེད་དགོས་པ། ཚད་གཞི་མཐོ་བའི་རྣམ་གྲངས་འཛུགས་སྐྲུན་ལ་བརྟེན་ནས་ས་ཁོངས་འཕེལ་རྒྱས་ལ་ནུས་སྐྱེད་སྤྲོད་པ་དང་། བཅོས་སྒྲིག་གི་རེ་འདུན་ནན་བསྟར་ལ་བརྟེན་ནས་སྐྱེ་ཁམས་སྲུང་བཅད་བརྟན་པོ་བཙུགས་ཏེ། གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་སྤུས་མཐོའི་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་སྤུས་ཀ་མཐོར་འདེགས་དང་ཕན་ནུས་ཆེར་གཏོང་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་པའི་ནན་བཤད་གནང་བ་རེད།
གོང་དཀར་རྫོང་མཁའ་འགྲུལ་ཁུལ་གསར་རིག་ནུས་ཟོག་འདྲེན་ལྟེ་གནས་རྣམ་གྲངས་འཛུགས་སྐྲུན་ལས་ཡུལ་དུ། ལི་ཧྥུའུ་ཀྲུང་གིས་འགྲེམས་པང་ལ་གཟིགས་ཀྱིན་ཨར་ལས་ཁུལ་དུ་བསྐྱོད་དེ། རྣམ་གྲངས་འགན་འཁུར་བ་དང་གླེང་མོལ་གནང་ཞོར། རྣམ་གྲངས་ཀྱི་འཆར་འགོད་དང་། འཛུགས་སྐྲུན་མྱུར་ཚད། བྱེད་ནུས་བཀོད་སྒྲིག གྲུབ་ཆ་འགན་སྲུང་དང་ཕན་འབྲས་སྔོན་དཔག་སོགས་ཀྱི་གནས་ཚུལ་ངོ་སྤྲོད་གསན་པ་རེད། ཁོང་གིས། རིག་ནུས་ཟོག་འདྲེན་ལྟེ་གནས་རྣམ་གྲངས་ནི། གྲོང་ཁྱེར་ཡོངས་ཀྱི་ཟོག་འདྲེན་མ་ལག་དང་། ཕྱི་ནང་གཏོང་འདྲེན། ཉོ་ཚོང་དཔལ་འབྱོར་ལ་གསོན་ཤུགས་འདོན་སྤེལ། ཐོན་ལས་འཕེལ་རྒྱས་ལ་ཁྲིད་སྐུལ་བཅས་ལེགས་སུ་གཏོང་བའི་ལས་གཞི་གལ་ཆེན་ཞིག་དང་ཨན་ཧུའེ་དང་བོད་ལྗོངས་མཉམ་ལས་ཟབ་སྤེལ་གྱི་དཔེ་མཚོན་ཞིག་ཡིན་པས། མཁའ་འགྲུལ་ཁུལ་གསར་གྱི་ཐོན་ལས་འཐུས་ཚང་འཆར་འགོད་དང་། དེང་རབས་ཅན་གྱི་ཟོག་འདྲེན་མ་ལག་འཛུགས་སྐྱོང་། ཟོག་དངོས་ཤར་གཏོང་ལ་སྐུལ་འདེད། ཁྱད་ལྡན་ཐོན་ཟོག་ཕྱིར་འཚོང་ཐབས་ལམ་རྒྱ་སྐྱེད་བཅས་ཀྱི་ཐད་ནུས་པ་གལ་ཆེན་ཐོན་ཐུབ། གོང་དཀར་ཁུལ་གསར་གྱི་ས་བབ་དགེ་མཚན་ཆེ་ཞིང་། འགྲིམ་འགྲུལ་སྟབས་བདེ་བ། གྲུབ་ཆ་གཅིག་སྡུད་ཆེ་བ། སྲིད་ཇུས་ལེགས་ཆ་ཁ་གསལ་བཅས་ལྡན། རྣམ་གྲངས་འཛུགས་སྐྲུན་མྱུར་ཚད་དང་སྤུས་ཚད་གཉིས་ཀར་དམ་འཛིན་བྱས་ཏེ། ཨར་སྐྲུན་བདེ་འཇགས་དང་ལས་གཞིའི་སྤུས་ཚད་འགན་ལེན་བྱས་པའི་འོག རྣམ་གྲངས་སྔ་ཙམ་ནས་བསྐྲུན་ཚར་བ་དང་། འཁོར་རྒྱུག་སྔ་ཙམ་ནས་ཐུབ་པ། ཕན་འབྲས་སྔ་ཙམ་ནས་ཐོན་པ་བཅས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། ཨར་སྐྲུན་ལས་རིམ་ཚད་ལྡན་དུ་བཏང་སྟེ། བདེ་འཇགས་ལས་འཛོལ་རིགས་གཏན་འགོག་བྱས་ནས། ཐོན་སྐྱེད་བདེ་འཇགས་དང་ཁོར་ཡུག་སྲུང་སྐྱོང་གི་མ་མཐའི་མཚམས་ཐིག་ནན་སྲུང་བྱེད་དགོས། རྣམ་གྲངས་ཀྱི་འཁོར་རྒྱུག་དཔེ་གཞི་དང་དོ་དམ་ལམ་སྲོལ་འཆར་འགོད་ཚན་རིག་དང་མཐུན་པ་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་སྤུས་མཐོའི་གོང་འཕེལ་ཆེད་སྒུལ་ནུས་སྟོབས་དང་ལྡན་པ་བསྣན་དགོས།
ལི་ཧྥུའུ་ཀྲུང་གིས་གོང་དཀར་རྫོང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱིས་ལན་ཆ་བྱས་པའི་གནད་དོན་བཅོས་སྒྲིག་རེ་འདུན་དོན་འཁྱོལ་བྱས་ཚུལ་གྱི་སྙན་ཞུ་གསན་པ་རེད། ཁོང་གིས། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱིས་ལན་ཆ་བྱས་པའི་གནད་དོན་ཅི་ཡོད་བཅོས་སྒྲིག་དོན་འཁྱོལ་བྱེད་རྒྱུ་ནི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན། དེ་ནི་སྤུས་མཐོའི་འཕེལ་རྒྱས་གཏོང་བའི་སྤྱི་ཡོངས་དང་མི་དམངས་མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བ་ཆེན་པོ་ཡོད་པས། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་བཀོད་སྒྲིག་ལན་མང་བྱས་ཐོག གནད་དོན་བཅོས་སྒྲིག་དོན་འཁྱོལ་ཡོང་རྒྱུར་ས་ཡུལ་དངོས་ནས་སྐུལ་འདེད་གཏོང་བཞིན་ཡོད། གནད་དོན་བཅོས་སྒྲིག་དོན་འཁྱོལ་བྱེད་པར་འཕྲལ་སྒྲུབ་འཕྲལ་བཅོས་དང་མྱུར་ཞིབ་མགྱོགས་གཉེར་མཐའ་གཅིག་ཏུ་བྱེད་པའི་འགན་འཁུར་རྣམ་འགྱུར་ཐོག་ནས། བཅོས་སྒྲིག་ཕན་འབྲས་དངོས་དངོས་རྗེན་རྗེན་འདོན་སྤེལ་བརྒྱུད་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་ཡག་པོས། མང་ཚོགས་ཀྱི་ཁས་ལེན་ཐོབ་པ་བྱེད་དགོས། ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཐོག་ཏུ་ཡག་པོ་འཁུར་ཏེ། རང་རྟོགས་ཀྱིས་ཚད་གཞིར་བལྟོས་ནས་གནད་དོན་བཅོས་སྒྲིག་ཏན་ཏིག་བྱེད་དགོས་པ་ལས། སྟེས་དབང་དང་ལྷོད་གཡེང་གི་བསམ་བློ་དོར་ནས་ལས་དོན་ཁག་ལ་དམ་འཛིན་ཚགས་ཚུད་པ་བྱེད་དགོས། ལས་ཀའི་ལམ་སྲོལ་ལེགས་གཏོང་དང་། ཆེད་སྒྲུབ་འགག་སྒྲོལ། ཆེད་མིས་འགན་འཁུར། ཆེད་དོན་སྐུལ་སྤེལ་བཅས་རྒྱུན་མཐུད་ཡོད་པའི་ཐོག་ནས། གནད་དོན་རིགས་དབྱེ་དང་། ལས་འགན་ཁག་དབྱེ། གསལ་ཐོ་བཟོ་བ། དུས་བཀག་ལེགས་སྒྲུབ་བཅས་ཀྱི་ཐོག་ནས་སྐུལ་འདེད་ཆད་ལུས་མེད་པ་བྱེད་དགོས། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་རྒྱུ་འདི་གནད་དོན་བཅོས་སྒྲིག་ལས་ཀའི་ནང་མཉམ་འདྲེས་ཐུབ་པ་བྱས་ཏེ། སྤྱི་ཚོགས་ཀྱི་དོ་ཁུར་ལ་དུས་ཐོག་ལན་འདེབས་དང་། གནད་དོན་བཅོས་སྒྲིག་དང་ལམ་སྲོལ་འཐུས་ཚང་འཛུགས་སྐྱོང་མཉམ་སྤེལ་བྱས་ནས། བཅོས་སྒྲིག་གི་ཕན་འབྲས་དངོས་ལ་བརྟེན་ཏེ་དམངས་ཀྱི་ཡིད་ཆེས་ཐོབ་པ་བྱེད་དགོས། ལས་ཀའི་སྒྲིག་ཁྲིམས་དམ་ནན་དུ་བཏང་སྟེ་འགན་འཁུར་གཙང་སྒྲུབ་བྱེད་དགོས་པ་ལས། ཕར་གཡོལ་ཚུར་གཡོལ་དང་། ཁྲལ་སེལ་སླ་བཅོས། མི་བདེན་རྫུན་སྒྲིག་སོགས་ཚུལ་ངན་གཏན་འགོག་བྱེད་དགོས། སྤྱོད་ཚུལ་བཟང་པོ་དང་འགན་འཁྲི་འཁུར་ཕོད་སྒོས། དངོས་དངོས་རྗེན་རྗེན་གྱི་བཅོས་སྒྲིག་ཕན་འབྲས་ལ་བརྟེན་ནས་སྐྱེ་ཁམས་བཟང་པོའི་རྒྱུགས་ལན་ཡག་པོ་ཞིག་འབུལ་དགོས། གྲོང་ཁྱེར་འགོ་ཁྲིད་ཝང་ཆི་ཁྲའོ་དང་ལིའུ་ཧྲེང་གཡུས་རྣམ་གཉིས་རྟོག་ཞིབ་ནང་ཞུགས་པ་རེད། །
བསོད་ནམས་དོན་གྲུབ་ཀྱིས་བསྒྱུར། བསོད་བདེ་ལོ་ཡིས་ཞུས།
འདི་ནི་ལི་ཧྥུའུ་ཀྲུང་གིས་གོང་དཀར་རྫོང་དུ་རྟོག་ཞིབ་གནང་བཞིན་པ།