第01版:头版 4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
དུས་ཚིགས་དང་པོར་རང་ལྗོངས་ཀྱི་དམིགས་ཚད་ཁག་བརྒྱད་ ཀྱི་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ།
“བེད་མེད་ཐོན་ཁུངས”དག“དཔལ་འབྱོར་འཕར་གཞི”གལ་ཆེན་དུ་གྱུར་པ།
ད་ལོ་ལྷོ་ཁས་གཙོ་གནད་རྣམ་གྲངས་འདི་དག་མྱུར་བསྐྲུན་བྱེད་བཞིན་ཡོད་པ།
དུས་ཚིགས་དང་པོར་ལྷོ་ཁ་གྲོང་ཁྱེར་གྱི་ཞིང་དུད་ཀྱི་ དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་58.53ཟིན་པ།
བོད་ལྗོངས་རྒྱལ་མཚམས་འཛུལ་གྲོལ་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ལྷོ་ཁ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་གི་ཕུ་མ་བྱང་ཐང་མཐའ་མཚམས་མངགས་གཏོང་ཁང་ཚུད་པ།
| 山南网首页 |
2026年5月6日 星期
3 上一篇  下一篇 4 放大 缩小 默认
ད་ལོ་ལྷོ་ཁས་གཙོ་གནད་རྣམ་གྲངས་འདི་དག་མྱུར་བསྐྲུན་བྱེད་བཞིན་ཡོད་པ།
 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། དྲོད་ཚད་རིམ་བཞིན་མཐོ་རུ་འགྲོ་བའི་སྐབས། ལྷོ་ཁ་གྲོང་ཁྱེར་གྱི་རྣམ་གྲངས་ཆེ་གྲས་ཁག་གི་འཛུགས་སྐྲུན་ལས་ཡུལ་དུ་རླངས་འཁོར་ཕར་འགྲོ་ཚུར་འོང་གི་འུར་སྒྲས་ཁེངས་ཤིང་། ལས་མི་ཚོས་གཡས་གཞོགས་གཡོན་འདེགས་བྱེད་པའི་བྲེལ་འཚུབ་ཀྱི་རྣམ་པ་ཞིག་མངོན་ནས། གཙོ་གནད་རྣམ་གྲངས་ཁག་གི་མྱུར་ཚད་མགྱོགས་གཏོང་དང་སྤུས་ཚད་ལ་འགན་ལེན་བྱེད་བཞིན་ཡོད་པ་རེད།

སྣེ་གདོང་ཆུས་ཞིང་འབྲོག་ཐོན་རྫས་སྤེལ་རེས་ལྟེ་གནས་དང་དེ་བཞིན་ཞོར་གཏོགས་ལེ་ལག་ཚང་བའི་སྒྲིག་བཀོད་བསྐྱར་སྐྲུན་རྒྱས་སྐྲུན་རྣམ་གྲངས་ཀྱི་ལས་ཡུལ་དུ། ལས་གྲྭ་གཙོ་བོའི་གཞི་ཁྱོན་རགས་ཙམ་ཆགས་ནས་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེས་ས་ཆ་བཟུང་ཚད་སྨི་ངོས་གྲུ་10308.18ཟིན་པ་དེའི་ནང་ས་འོག་ཁང་པ་སྨི་ངོས་གྲུ་8147.85དང་ལེ་ལག་ཚང་བའི་ཁང་པ་སྨི་ངོས་གྲུ་6425.37 དེ་བཞིན་འགྲོ་ལམ་མཁྲེགས་འགྱུར་དང་ཆུ་འདྲེན་འབུད་སོགས་ཞོར་གཏོགས་སྒྲིག་བཀོད་ཚུད་ཡོད་པ་དང་། སྤྱིའི་མ་འཇོག་ཚོད་རྩིས་བྱས་ན་སྒོར་ཁྲི་11599ཟིན་ཡོད་པ་རེད། མིག་སྔར། སྒོ་བསྟེན་ཚོང་ཁང་གི་གཉེར་སྐྱོང་དུད་ཚང་56དང་ཁྲོམ་བཀྱག་གཉེར་སྐྱོང་དུད་ཚང་196གིས་བྱ་ས་སྡེ་ཁུལ་གྱི་མ་རྐང་དཔལ་འབྱོར་མཉམ་ལས་ཁང་དང་གནས་སྤོའི་གྲོས་མཐུན་བཞག་པ་དང་། རྣམ་གྲངས་བསྐྲུན་རྗེས་གནས་སྤོའི་བཀོད་སྒྲིག་ལས་དོན་ལེགས་སྒྲུབ་བྱ་རྒྱུ་ཡིན་པ་རེད།

རྣམ་གྲངས་འགན་འཁུར་བ་ཚའོ་ཅིན་མིང་གིས། 2025ལོའི་ཟླ་5ཚེས་12ཉིན་ནས་རྣམ་གྲངས་ལས་འགོ་བཙུགས་ཚུན། ང་ཚོས་(པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད)བདེ་འཇགས་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་སྤུས་འབོར་གཉིས་ལྡན་ངང་ནུས་ཤུགས་ཡོད་རྒུས་ཨར་ལས་བྱས་པས། མིག་སྔར་སྤྱིའི་འཕེལ་རིམ་གྱི་བརྒྱ་ཆ་70ལེགས་གྲུབ་ཟིན་པ་དང་སྔོན་དཔག་བྱས་ན་འདི་ལོའི་ཟླ་8པའི་ཟླ་མཇུག་གོང་ལས་མཇུག་འགྲིལ་རྒྱུ་ཡིན་པ་རེད་ཅེས་ངོ་སྤྲོད་བྱས།

རྣམ་གྲངས་བསྐྲུན་རྗེས་སྔོ་ཚལ་དང་། ཤ་རིགས། ཆུའི་ཐོན་རྫས་སོགས་ཞིང་ཞོར་ཐོན་རྫས་སིལ་ཚོང་གཙོ་བོར་བྱེད་པ་དང་། སྡེབ་ཚོང་ཞོར་དུ་བྱས་ཏེ་ལྷོ་ཁ་གྲོང་ཁུལ་གྱི་སྤྱི་ལེ་ངོས་གྲུ་4.66ཙམ་གྱི་ས་ཁོངས་ནང་གི་གྲོང་མི་དང་དེ་བཞིན་ཚོང་དུད་ཀྱི་རྒྱུན་གཏན་དངོས་ཟོག་ཉོ་སྒྲུབ་ཀྱི་དགོས་མཁོ་སྐོང་ཐུབ་པ་བྱ་རྒྱུ་དང་། སྐབས་དེ་དུས་ལྷོ་ཁ་གྲོང་ཁྱེར་ཡར་ཀླུང་ཞིང་ཞོར་ཐོན་ཟོག་ཁྲོམ་ར་དང་གྲོང་ཤར་དང་གྲོང་ནུབ་ཕྱོགས་གཉིས་ཀྱི་མཁོ་སྤྲོད་འགན་ལེན་གྱི་རྣམ་པ་ཞིག་ཆགས་པ་བྱས་ནས་སིལ་ཚོང་དང་སྡེབ་ཚོང་ཕྱོགས་གཉིས་ཀྱི་དངོས་ཟོག་མཁོ་སྤྲོད་འགན་ལེན་གྱི་མ་ལག་ཅིག་ཆགས་རྒྱུ་ཡིན་པ་རེད།

བྱ་ས་སྡེ་ཁུལ་མ་རྐང་དཔལ་འབྱོར་མཉམ་ལས་ཁང་གི་ལས་འཛིན་གཞོན་པ་ཕུར་བུ་ཚེ་རིང་གིས། ང་ཚོས་རང་འགུལ་ངང་ཅང་ཤིས་སྐར་ལྔ་རིམ་པའི་ཞིང་ཞོར་ཐོན་ཟོག་ཁྲོམ་རའི་སྔོན་ཐོན་འཛུགས་སྐྲུན་འདུ་ཤེས་དང་དོ་དམ་གཉེར་སྐྱོང་བྱེད་སྟངས་ལ་སློབ་སྦྱོང་བྱས་ཏེ་གཙང་ཞིང་གྲལ་འགྲིག་པ་དང་། ཡ་རབས་ཚད་ལྡན། དམངས་བདེ་དམངས་ཕན་གྱི་སྤུས་ཚད་མཐོ་བའི་དམངས་ཕན་ཁྲོམ་ར་ཞིག་བསྐྲུན་རྒྱུ་ཡིན། ཁྲོམ་ར་བསྐྲུན་ནས་སྤྱོད་འགོ་ཚུགས་རྗེས། མཐའ་འཁོར་གྱི་འཚོ་བའི་ལེ་ལག་ཞན་ཆ་ཕྱོགས་ཡོངས་ནས་གསབ་པ་དང་འཚོ་བའི་སྟབས་བདེའི་ཚད་གཞི་ཆེས་ཆེར་མཐོ་རུ་བཏང་ནས་མང་ཚོགས་ཀྱི་"ཤ་ཚལ་སྒོང་གསུམ་"འགན་ལེན་བྱ་རྒྱུ་རེད་ཅེས་བརྗོད།

ཉིན་ཤས་ཚུན་དུ། ཨར་ལས་ཀྱི་དུས་སྐབས་ཡག་ཤོས་དམ་འཛིན་བྱ་ཆེད། སྣེ་གདོང་ཆུས་བཅོལ་གསོ་ཞབས་ཞུའི་ལྟེ་གནས་ཀྱི་རྣམ་གྲངས་ཀྱང་ནུས་ཤུགས་ཡོད་རྒུས་མྱུར་བསྐྲུན་བྱེད་བཞིན་ཡོད་པ་རེད། 2025ལོའི་ཟླ་10པར་རྣམ་གྲངས་ལས་འགོ་བཙུགས་ཚུན། ཐོག་མཐའ་བར་གསུམ་དུ་ཚད་གཞི་མཐོ་པོ་དང་བླང་བྱ་ནན་པོས་ཚན་རིག་དང་མཐུན་པའི་སྒོ་ནས་ཨར་ལས་གཅིག་གྱུར་འཆར་འགོད་དང་ཨར་ལས་ཀྱི་ལས་འགན་ཁག་ལ་སྐུལ་འདེད་ནུས་ལྡན་བཏང་བས་མིག་སྔར་སྤྱི་ཡོངས་མྱུར་ཚད་ཀྱི་བརྒྱ་ཆ་50ལེགས་གྲུབ་ཟིན་ཡོད་པ་རེད།

རྣམ་གྲངས་དེའི་སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་ངོས་གྲུ་6428.55ཟིན་ཡོད། ནུ་སྣུན་བྱིས་པའི་བཅོལ་ཉར་འཛིན་གྲྭ་དང་།བུ་བཅོལ་འཛིན་གྲྭ་ཆུང་བ། བུ་བཅོལ་འཛིན་གྲྭ་ཆེ་བ་བཅས་འཛིན་གྲྭ་རིགས་གསུམ་འཆར་འགོད་དང་འཛུགས་སྐྲུན་བྱ་རྒྱུ་དང་།བཅོལ་གནས་94ཡོད་པ་མ་ཟད་ཁང་པའི་ནང་གི་བྱེད་སྒོ་ཁང་དང་། སྨན་བཅོས་བདེ་སྲུང་ཁང་། བྱིས་པའི་དུས་འགོའི་འཚར་ལོངས་སློབ་ཁང་། ཕྲུ་གུ་དམར་འབྱར་གྱི་ཡུལ་རྣམ་ཉམས་ལེན་ཁང་སོགས་ནུས་མང་ཁང་པ་འཆར་འགོད་བྱས་ཡོད། རྣམ་གྲངས་བསྐྲུན་ཟིན་རྗེས་སྣེ་གདོང་ཆུས་ཀྱི་ཀུན་ཕན་རང་བཞིན་གྱི་བུ་བཅོལ་ཞབས་ཞུའི་མཁོ་སྤྲོད་ནུས་ལྡན་ངང་མང་དུ་ཕྱིན་ནས་"བུ་བཅོལ་ཁང་དུ་ཞུགས་དཀའ་བའི་"དམངས་འཚོའི་དཀའ་གནད་ཐག་གཅོད་ཐུབ་རྒྱུ་ཡིན་པ་རེད།

སྣེ་གདོང་ཆུས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལི་ཡུས་ཝེ་ཡིས། ཚད་ལྡན་ཅན་གྱི་བུ་བཅོལ་ཞབས་ཞུའི་ལྟེ་གནས་ཀྱིས་ཕྲུ་གུ་དམར་འབྱར་ལ་ཚན་རིག་དང་མཐུན་པའི་ལྟ་སྐྱོང་དང་། དུས་འགོའི་སློབ་གསོ། བདེ་ཐང་དོ་དམ་མཁོ་འདོན་བཅས་བྱས་ནས་ས་ཁོངས་མི་འབོར་གྱི་བྱང་ཚད་མཐོ་རུ་གཏོང་རྒྱུར་རམ་འདེགས་ཐུབ་རྒྱུ་ཡིན་པ་རེད་ཅེས་བརྗོད་དོ།།

ཡེ་ཤེས་བཟང་མོས་བསྒྱུར། བསོད་བདེས་ཞུས།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:专版
དུས་ཚིགས་དང་པོར་རང་ལྗོངས་ཀྱི་དམིགས་ཚད་ཁག་བརྒྱད་ ཀྱི་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ།
“བེད་མེད་ཐོན་ཁུངས”དག“དཔལ་འབྱོར་འཕར་གཞི”གལ་ཆེན་དུ་གྱུར་པ།
ད་ལོ་ལྷོ་ཁས་གཙོ་གནད་རྣམ་གྲངས་འདི་དག་མྱུར་བསྐྲུན་བྱེད་བཞིན་ཡོད་པ།
དུས་ཚིགས་དང་པོར་ལྷོ་ཁ་གྲོང་ཁྱེར་གྱི་ཞིང་དུད་ཀྱི་ དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་58.53ཟིན་པ།
བོད་ལྗོངས་རྒྱལ་མཚམས་འཛུལ་གྲོལ་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ལྷོ་ཁ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་གི་ཕུ་མ་བྱང་ཐང་མཐའ་མཚམས་མངགས་གཏོང་ཁང་ཚུད་པ།