第01版:头版 4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
དུས་ཚིགས་དང་པོར་རང་ལྗོངས་ཀྱི་དམིགས་ཚད་ཁག་བརྒྱད་ ཀྱི་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ།
“བེད་མེད་ཐོན་ཁུངས”དག“དཔལ་འབྱོར་འཕར་གཞི”གལ་ཆེན་དུ་གྱུར་པ།
ད་ལོ་ལྷོ་ཁས་གཙོ་གནད་རྣམ་གྲངས་འདི་དག་མྱུར་བསྐྲུན་བྱེད་བཞིན་ཡོད་པ།
དུས་ཚིགས་དང་པོར་ལྷོ་ཁ་གྲོང་ཁྱེར་གྱི་ཞིང་དུད་ཀྱི་ དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་58.53ཟིན་པ།
བོད་ལྗོངས་རྒྱལ་མཚམས་འཛུལ་གྲོལ་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ལྷོ་ཁ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་གི་ཕུ་མ་བྱང་ཐང་མཐའ་མཚམས་མངགས་གཏོང་ཁང་ཚུད་པ།
| 山南网首页 |
2026年5月6日 星期
3 上一篇  下一篇 4 放大 缩小 默认
“བེད་མེད་ཐོན་ཁུངས”དག“དཔལ་འབྱོར་འཕར་གཞི”གལ་ཆེན་དུ་གྱུར་པ།
--ངེད་གྲོང་ཁྱེར་གྱིས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་བཏང་བ།
 

ཞོགས་པའི་ཉིན་གཞོན་ཡར་ལྷ་ཤམ་པོའི་གངས་རིའི་རྩེ་མོར་འཕྲོ་བ་དང་བསྟུན་ནས་ཕྱོགས་བཞི་མཚམས་བརྒྱད་ནས་ཕེབས་པའི་ཡུལ་སྐོར་བ་ཚོས་བོད་མིའི་འབྱུང་གནས་སུ་གྲགས་པའི་ཡུལ་ཡར་མོ་ཀླུང་དུ་ཆས་འགོ་ཚུགས། ཕུ་མོ་གཡུ་མཚོའི་འཁྱགས་རོམ་སྔོན་པོའི་ངོ་མཚར་ཅན་ལ་ལྟ་སྐོར་བྱས་ཏེ་གྲོང་ཁུལ་དུ་ལོག་རྗེས་སླར་ཡང་ཟངས་རི་རྫོང་འོལ་ཁ་ཆུ་ཚན་དང་། བོད་ཀྱི་ལྷ་མོའི་གྲོང་ཚོ་དང་པོར་གྲགས་པའི་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་དུ་བསྐྱོད་ནས་མི་སེར་གྱི་གནས་ཚང་དུ་བོད་ལུགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་བསྲུབས་ཇ་མཆོད་ཀྱིན་ལྷ་མོའི་ཟློས་གར་གཟིགས།

རེས་སྐོར་བརྒྱད་པའི“དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི”ཁྲོམ་རའི་སྐུལ་འདེད་བྱེད་སྒོ་དག་2025ལོའི་ཟླ་11པར་སྤེལ་འགོ་ཚུགས་ཚུན། ངེད་གྲོང་ཁྱེར་གྱི་ཡུལ་སྐོར་བྱ་གཞག་ལ་ཡར་ངོའི་ཟླ་བཞིན་འཕེལ་རྒྱས་ཕྱིན། ཞིང་འབྲོག་མང་ཚོགས་དེ་བས་མང་བས་སྒོ་འགྲམ་ནས“ཡུལ་སྐོར་གྱི་ཡོང་འབབ”བསགས་ཐུབ་པ་བྱུང་སྟེ་རིག་གནས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་གཡུར་ཟའི་གྲུབ་འབྲས་མཉམ་སྤྱོད་བྱས་ཡོད། ཉེ་ཆར་གསར་འགོད་པས་ལྷོ་ཁ་གྲོང་ཁྱེར་གྱི་རྫོང་གྲོང་དང་གྲོང་གསེབ་ཁག་མང་པོར་བསྐྱོད་དེ་མང་ཚོགས་ཚོས་ཡུལ་སྐོར་ལ་བརྟེན་ནས་འབབ་འཕར་ཕྱུག་འགྱུར་བྱུང་བའི་ (པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད)སྐོར་ཟོན་ཐོར་བཀོད་པ་ཡིན།

དཔྱིད་དུས་ཀྱི་ལྷུན་རྩེ་རྫོང་ཡུལ་སྨད་ཤང་དུ་ཕྱོགས་བཞིའི་སྔོ་ལྗང་རི་བོ་སྨུག་སྤྲིན་འཁྲིགས། རི་བོ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ལྷོ་འདབས་སུ་གནས་པའི་མཐའ་མཚམས་ཀྱི་ཤང་ཆུང་དེར་དེ་སྔ་ས་བབ་མཐོ་ལ་གྲང་ངར་ཆེ་བའི་དབང་གིས་དུས་ཡུན་རིང་པོར་ཕ་སངས་རྒྱས་ཆོས་འཕགས་དང་། བུ་མོ་སྒྲོལ་དཀར་དང་གཡང་འཛོམས་བཅས་མི་གསུམ་ལས་མེད་ཅིང་། སྐབས་ཤིག་རིང“མི་གསུམ་ཤང”ཞེས་བརྗོད་ཀྱི་ཡོད། འདི་གར་ད་ཆ་སྣུམ་ནག་གཞུང་ལམ་ཤང་བར་ཤར་གཏོང་བྱུང་བ་དང་། དུད་ཁྱིམ་ཚང་མར་དཀར་གསལ་གློག་སྒྲོན་ཡོད་པ། གྲལ་སྟར་འགྲིག་པའི་བོད་བཟོའི་སྡོད་ཁང་གསར་པ་སྟར་པ་བསྒྲིགས་ནས་སུམ་རྩེན་གནས་དང་འགྲན་པར་བྱས་ཡོད།

གྲོང་མི་དབང་ཆེན་གྱིས་གཉེར་སྐྱོང་བྱས་པའི་ཁྱིམ་ཚང་མགྲོན་ཁང་དུ་སྐྱོད་སྐབས། ཁོང་གིས་མགྲོན་ཁང་ནང་གཙང་སྦྲ་བྱེད་ཀྱིན་ཐག་རིང་ནས་ཕེབས་པའི་སྐུ་མགྲོན་ཚོ་བསུ་བ་ཞུ་བའི་གྲ་སྒྲིག་བྱེད་བཞིན་འདུག། དབང་ཆེན་གྱིས“དེ་སྔ་དགུན་ཁར་གངས་ཆེན་པོ་བབས་ཀྱི་ཡོད་པས་ཤང་དང་ཕྱི་ཕྱོགས་དབར་གཞི་རྩའི་ཆར་འབྲེལ་བ་ཆད་འགྲོ་བས་ཡུལ་སྐོར་ལ་བརྟེན་ནས་ཡོང་འབབ་བསགས་རྒྱུ་ཟེར་བ་རྨི་ལམ་རང་རེད”ད་ཆ། ཡུལ་སྨད་དུ་གཞུང་ལམ་ཤར་གཏོང་དང་། གློག། འཕྲིན་གཏོང་སོགས་ཚང་མ་ཤར་གཏོང་བྱུང་ཙང་། ཡུལ་སྐོར་ཕེབས་མཁན་ཡང་རྫོགས་རྒྱུ་མེད་པར་བརྟེན་ཁོང་གི་ཁྱིམ་ཚང་མགྲོན་ཁང་གི་ཚོང་ཡང་ལོ་རེ་ལས་ལོ་རེ་ཡག་ཏུ་འགྲོ་གི་འདུག་ཅེས་བཤད། དེས་མ་ཚད་ཡུལ་སྨད་ཤང་གི་སློབ་གྲྭ་དང་། སྨན་ཁང་། མགྲོན་ཁང་སོགས་ཀྱི་ཆ་རྐྱེན་ཡང་ཡག་པོ་ཡོད་ཙང་། གྲོང་མི་མང་པོས་ཁྱིམ་ཚང་མགྲོན་ཁང་དང་། ཚོང་ཁང་། མྱུར་སྐྱེལ་ས་ཚིགས་སོགས་བཙུགས་ནས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བཞིན་ཡོད་པ་རེད།

“དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི”སྲིད་ཇུས་ཀྱིས་ཡུལ་སྨད་ཤང་ལ་དངོས་དངོས་རྗེན་རྗེན་གྱི་འགྱུར་ལྡོག་བྱུང་ཡོད། རེས་སྐོར་བརྒྱད་པའི“དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི”བྱེད་སྒོ་སྤེལ་རིང་། དགོན་སྡེའི་མཛེས་ལྗོངས་ཁུལ་ཕུད། ལྗོངས་ཡོངས་ཀྱིAརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཚང་མས་ཡུལ་སྐོར་བར་སྒོ་འཛིན་མི་དགོས་པར་སྒོ་ཕྱེ་བ་དང་། ཡུལ་སྐོར་ལས་དོན་ཁང་དང་ཡུལ་སྐོར་འགྲུལ་སྐྱེལ་ཁེ་ལས་སོགས་ཀྱིས་ཀྱང་ཆེད་གཏོང་གནམ་གྲུ་དང་ཆེད་གཏོང་མེ་འཁོར་སོགས་ཀྱི་བྱ་དགའི་ཁ་གསབ་མང་པོ་མཉམ་སྤྱོད་བྱས་ཡོད་ཅིང་། གཟིགས་སྐྱོང་སྲིད་ཇུས་དེ་དག་གིས་རྒྱ་ཆེའི་ཡུལ་སྐོར་བའི་འགྲོ་འོང་མ་གནས་དམའ་རུ་ཤུགས་ཆེན་ཕྱིན་པ་ལས་མཐའ་མཚམས་སུ་གནས་པའི་ཡུལ་སྨད་ཤང་འདི་ཉིད་ཀྱང་མཐའ་མཚམས་ཡུལ་སྐོར་བྱེད་སའི་དམིགས་ས་གལ་ཆེན་དུ་གྱུར་ཡོད།

ཡུལ་སྨད་ནས་ནུབ་ཕྱོགས་སུ་སྐྱོད་སྐབས་ལྷོ་བྲག་རྫོང་ལྷ་ཁང་གྲོང་རྡལ་དུ་འབྱོར། རྒྱལ་ལམ་219བརྒྱུད་A3རིམ་པའི་མཛེས་ལྗོངས་ཡུལ་སྐོར་ཁུལ་ཡིན་པའི་མཁར་ཆུ་དང་། ལྷ་ཁང་རོང་ཁུལ། སླད་རངས་རྦབ་ཆུ་སོགས་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་ཡོད་པ་དེ་དག་ནི་ཡུལ་སྐོར་བས་གདམ་ག་བྱ་ཡུལ་གཙོ་བོར་གྱུར་ཡོད།

ལྷ་ཁང་གྲོང་རྡལ་གྱི་ཁྱིམ་ཚང་མགྲོན་ཁང་ཞིག་ཏུ་གྲོང་མི་མཚོ་མོས་སྐུ་མགྲོན་ཚོར་བོད་བཟོའི་ཞོགས་ཟས་གྲ་སྒྲིག་བྱེད་བཞིན་འདུག། མཚོ་མོས“འགྲུལ་པ་ཁག་རྗེས་མ་དེ་གར་མ་སླེབས་གོང་ཁང་པའི་ནང་གཙང་སྦྲ་ལེགས་པར་བྱས་ནས་སྐུ་མགྲོན་ཚོར་ཁྱིམ་ཚང་ལྟ་བུའི་དྲོ་སྐྱིད་ཚོར་སྣང་ཞིག་ཡོང་བ་བྱེད་ཀྱི་ཡོད”ཅེས་བརྗོད།

ལྷ་ཁང་གྲོང་རྡལ་གྱི་ལས་བྱེད་པ་ཙེང་ཡུས་ཀྱིས་གསར་འགོད་པར“དེ་སྔ་ང་ཚོའི་འདི་གར་ཐོན་ལས་ཀྱི་གྲུབ་ཆ་རྐྱང་པ་ཡིན་ལ། མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་དོག་པོ་ཡོད”ཉེ་བའི་ལོ་ཤས་རིང་། ལྷ་ཁང་གྲོང་རྡལ་གྱིས་ཁྱིམ་ཚང་མགྲོན་ཁང་ཐོན་ལས་དེ་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ་དང་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བའི་འགག་རྩའི་དམ་འཛིན་བྱ་གཞིར་བརྩིས་ཡོད། མིག་སྔར་གྲོང་རྡལ་ཡོངས་སུ་ཁྱིམ་ཚང་མགྲོན་ཁང་58བར་འཕེལ་རྒྱས་ཕྱིན་ཡོད་པ་དང། ཉལ་ཁྲི་600ལྷག་ཙམ་ཡོད་པའི་སྐོར་གླེང་།

ཡུལ་སྐོར་སྐུ་མགྲོན་ཚོ་འདི་གར་ཞག་སྡོད་ཐུབ་ཆེད། ལྷ་ཁང་གྲོང་རྡལ་གྱིས་ཁྱིམ་ཚང་མགྲོན་ཁང་བསྐྲུན་པའི་བརྒྱུད་རིམ་ཁྲོད་བོད་བཟོའི་སྲོལ་རྒྱུན་ཨར་སྐྲུན་གྱི་ཁྱད་ཆོས་རྒྱུན་འཁྱོངས་ལ་སྣང་ཆེན་བྱས་པ་མ་ཟད། ད་དུང་བོད་ཟས་བཟོ་སྟངས་དང་། བོད་བཟོའི་ལག་ཤེས་བཟོ་རྩལ་ཉམས་ལེན། སྲོལ་རྒྱུན་གླུ་གར་རིག་རྩལ་འཁྲབ་སྟོན་སོགས་ཀྱི་རྣམ་གྲངས་མཁོ་འདོན་བྱས་ཏེ་ཧེ་བག་ཅན་གྱི་འཕེལ་རྒྱས་ལ་བརྟེན་ནས་ཡུལ་སྐོར་བ་མི་འདྲ་བའི་སྣ་མང་དགོས་མཁོ་བསྐངས་གང་ཐུབ་བྱས་ཡོད།

ས་བབ་མཐོ་ཚད་སྨི་3900ཡོད་པའི་ཟངས་རི་རྫོང་རྫིང་ཕྱི་ཤང་ཞོལ་པ་གྲོང་ཚོའི་འོ་བདེ་གུང་རྒྱལ་གངས་རིའི་གཤམ་དུ་གནས་པའི་འོལ་ཁ་ཆུ་ཚན་ནས་ཚ་རླངས་འཕྱུར་བཞིན། གཏེར་རྒྱུ་ཕུན་སུམ་ཚོགས་པའི་ཆུ་མིག་7ནས་ཚ་དྲོད་ལྡན་པའི་ཆུ་མོ་ཉིན་མཚན་དབྱེར་མེད་རྒྱུག་བཞིན་ཡོད། ཆུ་ཚན་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བ་བར་མི་ཆད་ཅིང་། ཁོང་ཚོས་ཆུ་ཚན་རྒྱག་གིན་གངས་ལྗོངས་ས་མཐོའི་མཛེས་ལྗོངས་དང་འཚོ་བ་ལོངས་སུ་སྤྱོད་བཞིན་ཡོད།

ཆུ་ཚན་ཉེ་འགྲམ་གྱི་ཁྱིམ་ཚང་མགྲོན་ཁང་གཉེར་སྐྱོང་བ་ཚེ་རིང་སྒྲོལ་མས“དེ་སྔ་རྨང་གཞིའི་སྒྲིག་བཀོད་རྗེས་ལུས་ཡིན་པས་ཡུལ་སྐོར་བས་རྟག་པར་སྒྲིག་བཀོད་རྙིང་པ་ཡིན་ལུགས་བརྗོད་ཀྱི་ཡོད་རྐྱེན་ཡོང་འབབ་གསོག་པའི་གདེང་ཚོད་སྤྱིར་ན་བྲལ”རྒྱ་ཆེའི་མང་ཚོགས་ཀྱི་བདེ་སྡུག་ཆེད་དུ། ཞོལ་པ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་སྒྲིག་བཀོད་སྒྱུར་བཀོད་དང་། སྒྲིག་ཆས་འཐུས་ཚང་བཟོ་བ་སོགས་ཕྱོགས་གང་ཅིར་འབད་པ་བྱས་རྐྱེན་འོལ་ཁའི་ཆུ་ཚན་མཛེས་ལྗོངས་ལ་ཡུལ་སྐོར་སྐུ་མགྲོན་མང་པོའི་གདེང་འཇོག་ཐོབ་ཡོད་ཅེས་བརྗོད།

ཞོལ་པ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྒྱ་སྟོབས་ཆེ་རུ་ཕྱིན་པ་དང་བསྟུན་ནས་གྲོང་མི་ཚོས་ཀྱང་འཕེལ་རྒྱས་ཀྱི་ཕན་པ་མཉམ་སྤྱོད་ཐུབ་ཡོད། “གྲོང་ཚོའི་མཉམ་སྡེབ་དང་མཉམ་ལས་ཁང་། ཞིང་དུད་བཅས་ཟུང་འབྲེལ་བྱེད་པའི”རྣམ་པའི་ཁྲོད་ཞོལ་པ་གྲོང་ཚོའི་མང་ཚོགས་དེ་བས་མང་བས“ཡུལ་སྐོར་ལ་བརྟེན་ནས་གྲོང་ཚོ་དར་རྒྱས་གཏོང་བའི”ལམ་བུར་བསྐྱོད་དེ་འཚོ་བ་སྔར་བས་གྲ་རྒྱས་པོ་སྐྱེལ་བཞིན་ཡོད།

ད་ཆ“དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི”ཚ་རླབས་འདི་ཉིད་ལྷོ་ཁ་གྲོང་ཁྱེར་གྱི་འཕེལ་རྒྱས་ཀྱི་ཁེ་སྤོགས་སུ་གྱུར་ནས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་ཐོབ་ཚོར་དང་། སྐྱིད་ཚོར། བདེ་ཚོར་བཅས་དེ་བས་ཆེ་རུ་ཕྱིན་ཡོད། ཡུལ་སྐོར་སྐུ་མགྲོན་ཚོར་ཞབས་འདེགས་ཡག་པོ་ཞུ་ཆེད་འཕྱོངས་རྒྱས་རྫོང་རྒྱལ་སྨན་ཤང་ཁྲང་དཀར་གྲོང་ཚོས་སྡོད་མལ་ཁོར་ཡུག་བཅོས་སྒྲིག་བྱས་པ་བརྒྱུད། སྔོན་ཆད་གྲོང་ཚོའི“བཙོག་ཟིང་ཞན”ནས“ཀྲུང་གོའི་མཛེས་སྡུག་ལྡན་པའི་སོས་དལ་གྲོང་གསེབ”ཏུ་གྱུར་ཅིང་། མང་ཚོགས་ཀྱི་བདེ་སྐྱིད་ཚོར་སྣང་ཧ་ཅང་ཆེ། འཕྱོངས་རྒྱས་རྫོང་ལྷ་ཡུལ་ཤང་ཆང་ཁྱིམ་གྲོང་ཚོས་མངོན་མིན་རིག་གནས་ཤུལ་བཞག་གི“ཆང་ཁྱིམ་ནས་ཆང”ཅེས་པའི་གསེར་བྱང་ལ་བརྟེན་ནས་ཞིང་ལས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་བཏང་བས་གྲོང་མིའི་འཚོ་བ་ཉིན་རེ་བཞིན་ཡག་ཏུ་ཕྱིན་ཡོད།

ལྷོ་ཁ་གྲོང་ཁྱེར་གྱིས་ད་དུང་སྲིད་ཇུས་ཀྱི་ལྕག་སྐུལ་དང་། རྣམ་གྲངས་ཀྱི་སྣེ་ཁྲིད། རྩལ་ནུས་མཐོར་གཏོང་སོགས་ཀྱི་བྱ་ཐབས་སྣ་ཚོགས་སྤྱད་དེ་ཞིང་འབྲོག་མང་ཚོགས་ཚོས་ཞིང་ནང་དང་མུ་ཁ་ནས་རིག་གནས་དང་ཡུལ་སྐོར་གྱི་ལས་གནས་ཐོག་བསྐྱོད་རྒྱུར་སྐུལ་མ་བཏང་ཡོད། དེ་དང་ཆབས་ཅིག་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་བྱ་རྒྱུ་དམ་འཛིན་བྱ་གཞིར་བྱས་ཐོག་ཁྱད་ལྡན་ཁྱིམ་ཚང་མགྲོན་ཁང་དང་། ཆང་ཁང་ཉམས་ལེན། ཆུ་ཚན་ལུས་གསོ། རྐང་ཐང་རི་འཛེགས་སོགས་ཀྱི་ཁྱད་ལྡན་རིག་གནས་ཡུལ་སྐོར་ཐོན་རྫས་རྒྱུན་ཆད་མེད་པར་བཏོད་དེ“བེད་སྤྱོད་ཐོན་ཁུངས”དེ་བས་མང་བ“དཔལ་འབྱོར་འཕར་གཞིར་”འགྱུར་བ་བྱས་ཡོད་པ་རེད།“དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི”བྱེད་སྒོ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་པ་དང་བསྟུན་ནས་ཡར་ཀླུང་ས་གཞི་ཆེ་མོར་མི་སེམས་འགུལ་བའི་གཏམ་རྒྱུད་དེ་བས་མང་བ་ཐོན་ཏེ་རིག་གནས་ཡུལ་སྐོར་འཕེལ་རྒྱས་དང་གྲོང་གསེབ་དར་རྒྱས་མཉམ་སྒུལ་གྱི་དཔང་པོར་གྱུར་ཡོད་པ་རེད།།

བསོད་ནམས་བསྟན་པས་བསྒྱུར། བསོད་ཡེ་བདེས་ཞུས།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:专版
དུས་ཚིགས་དང་པོར་རང་ལྗོངས་ཀྱི་དམིགས་ཚད་ཁག་བརྒྱད་ ཀྱི་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ།
“བེད་མེད་ཐོན་ཁུངས”དག“དཔལ་འབྱོར་འཕར་གཞི”གལ་ཆེན་དུ་གྱུར་པ།
ད་ལོ་ལྷོ་ཁས་གཙོ་གནད་རྣམ་གྲངས་འདི་དག་མྱུར་བསྐྲུན་བྱེད་བཞིན་ཡོད་པ།
དུས་ཚིགས་དང་པོར་ལྷོ་ཁ་གྲོང་ཁྱེར་གྱི་ཞིང་དུད་ཀྱི་ དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་58.53ཟིན་པ།
བོད་ལྗོངས་རྒྱལ་མཚམས་འཛུལ་གྲོལ་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ལྷོ་ཁ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་གི་ཕུ་མ་བྱང་ཐང་མཐའ་མཚམས་མངགས་གཏོང་ཁང་ཚུད་པ།