第03版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
རང་ལྗོངས་ཀྱིས《བརྡ་ཐོ》བཀྲམ་ནས་བདེ་ཐང་གི་གཟུགས་པོའི་ལྗིད་ཚད་དོ་དམ་སོགས་ཀྱི་བྱ་སྤྱོད་ཁག་གསུམ་བདེ་ཐང་བོད་ཀྱི་བྱ་སྤྱོད་ཁོངས་སུ་བཅུག་པ།
གངས་ལྗོངས་དཔའ་མོའི་ཉམས་བཟང་པོ། སྤང་རྒྱན་མེ་ཏོག་བཞིན་དུ་བཀྲ།
ལི་ཧྥུའུ་ཀྲུང་གིས་གྲོང་ཁྱེར་ཡིག་བསྐུར་ངོ་བཅར་ཅུས་སུ་ངོ་བཅར་ཡོང་མཁན་མང་ཚོགས་ལ་སྣེ་ལེན་ཞུ་སྐབས་མི་དམངས་ཀྱི་ཡིག་བསྐུར་ངོ་བཅར་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི@
ལི་ཧྥུའུ་ཀྲུང་གིས་གྲོང་ཁྱེར་ཡོངས་ཀྱི་བཅའ་ཁྲིམས་ལས་སྒྲུབ་སྙན་ཞུའི་ལས་དོན་ཚོགས་འདུ་གཙོ་སྐྱོང་གནང་སྐབས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་མཐར་ཕྱིན་བྱས་ཏ@
| 山南网首页 |
2026年4月27日 星期
3 上一篇  下一篇 4 放大 缩小 默认
གངས་ལྗོངས་དཔའ་མོའི་ཉམས་བཟང་པོ། སྤང་རྒྱན་མེ་ཏོག་བཞིན་དུ་བཀྲ།
 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། དཔྱིད་ཀྱི་སྒེག་མོས་ཡར་ཀླུང་ས་གཞི་བརྒྱན། །སྤང་ལྗོངས་སྔོ་འཇམ་དཔའ་མོས་གཟི་དཔལ་བསྣན། །ཟླ་4པའི་ཚེས་22ཉིན་ཕྱི་དྲོར། བོད་རང་སྐྱོང་ལྗོངས་མི་བརྒྱད་ལམ་ལུགས་ཀྱི་རྐང་རྩེད་སྤོ་ལོའི་འགྲན་ཚོགས་ཐོག་མ་དེ། ལྷོ་ཁ་གྲོང་ཁྱེར་ལུས་རྩལ་ཐང་དུ་ཐུགས་གྲ་འགྲིག་པོས་མཇུག་བསྒྲིལ་བ་རེད།

ལྷོ་ཁ་གྲོང་ཁྱེར་གྱི་འཐུས་མི་རུ་ཁག་དང་། ཆབ་མདོ་གྲོང་ཁྱེར་གྱི་འཐུས་མི་རུ་ཁག ནག་ཆུ་གྲོང་ཁྱེར་གྱི་འཐུས་མི་རུ་ཁག གཞིས་ཀ་རྩེ་གྲོང་ཁྱེར་གྱི་འཐུས་མི་རུ་ཁག ལྷ་ས་གྲོང་ཁྱེར་གྱི་འཐུས་མི་རུ་ཁག དེ་བཞིན་ལྷ་ས་དགེ་འོས་སློབ་གླིང་གི་འཐུས་མི་རུ་ཁག་བཅས་ཀྱི་མཛེས་མ་ཚོས་འགྲན་བསྡུར་ནང་ཞུམ་མེད་ཀྱི་སྙིང་སྟོབས་དང་འབད་འབུངས་ཡར་ཐོན་གྱི་ཉམས་འགྱུར་ལ་བརྟེན་ནས། རང་རང་སོ་སོའི་རྐང་རྩལ་དང་བློ་སྟོབས། དེ་བཞིན་མཛའ་བརྩེ་བཅས་མ་ལུས་མངོན་མཚོན་བྱས་པ་མ་ཟད། རྐང་རྩེད་སྤོ་ལོའི་རྩལ་ལས་དཔའ་མོའི་གཟི་དཔལ་ལ་གསལ་འགྲེལ་བརྒྱབ་ཡོད་པ་རེད། འགྲན་རའི་ནང་། མཛེས་མ་ཚོས་རང་ཁོངས་རུ་ཁག་གི་བཀྲག་མདངས་འཚེར་བའི་རུ་གོས་བརྒྱན་ཏེ། སྤོ་ལོའི་སྤང་ཐང་སྟེང་རང་རང་གི་རྩལ་ཅི་ཡོད་ངོམས་པས། གཟིགས་མོ་བ་ཚོའི་དགའ་འབོད་དང་ཀི་སྒྲས་གནམ་ས་འགུལ་བ་ལྟར་བྱས་སོ། ཆབས་ཅིག གཟིགས་མོ་བ་ཚོས་རུ་མི་ཚོའི་ངོ་མཚར་ཆེ་བའི་དཔའ་རྩལ་ལ་ཐལ་མོའི་རྡེབ་སྒྲས་དགའ་བསུ་ཞུས་ཤིང་། དེ་བས་ནི་འགྲན་བསྡུར་སྐབས་ཕན་ཚུན་གཅིག་སེམས་གཅིག་སྦྲེལ་དང་མཛའ་བརྩེའི་རོགས་རེས་བྱས་པར་སེམས་གཏིང་ནས་མོས་སེམས་སྐྱེས་ནས་ལྕག་སྐུལ་འབོད་སྒྲ་ཡང་ཡང་སྒྲོག འགྲན་བསྡུར་བརྒྱུད་རིམ་ནང་། རྒྱལ་ཕམ་རྩོད་གཞི་མེད་ལ་ས་ཁོངས་ཀྱི་དབྱེ་བའང་མེད། (པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད)བཞག་པའི་བག་ཆགས་ནི་རྐང་རྩེད་སྤོ་ལོར་བཅངས་པའི་དགའ་ཞེན་དང་ལུས་རྩལ་སྙིང་སྟོབས་མངོན་པས། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་འགྱུར་མེད་ལྷག་བསམ་འདིའོ། དུས་ཡུན་ཉིན་གསུམ་ནང་འགྲན་བསྡུར་ཛ་དྲག་བྱས་པ་བརྒྱུད། མཐར་ནག་ཆུ་གྲོང་ཁྱེར་གྱི་འཐུས་མི་རུ་ཁག་ལ་བྱ་དགའ་རིམ་པ་ཨང་དང་པོ་ཐོབ་པ་དང་། གཞིས་ཀ་རྩེ་གྲོང་ཁྱེར་གྱི་འཐུས་མི་རུ་ཁག་ལ་བྱ་དགའ་རིམ་པ་ཨང་གཉིས་པ་ཐོབ་པ། ལྷ་ས་དགེ་འོས་སློབ་གླིང་གི་འཐུས་མི་རུ་ཁག་ལ་བྱ་དགའ་རིམ་པ་ཨང་གསུམ་པ་ཐོབ་པ་རེད།

ནག་ཆུ་གྲོང་ཁྱེར་གྱི་འཐུས་མི་རུ་ཁག་གི་རུ་མི་སྒྲོལ་དཀར་ལྷ་སྐྱིད་ཀྱིས་སེམས་འགུལ་ཆེན་པོ་ཐེབས་པའི་སྒོ་ནས། ད་ཐེངས་ཀྱི་འགྲན་བསྡུར་ནང་། བྱ་དགའ་ཨང་དང་པོ་ཐོབ་པར་སེམས་ནང་བརྗོད་མི་ཤེས་པའི་དགའ་སྤྲོ་ཐོབ་བྱུང་། ང་ཚོའི་རུ་ཁག་གིས་རུ་མིའི་ལོ་གྲངས་ལ་མི་བལྟོས་པར་རྐང་རྩེད་སྤོ་ལོར་དགའ་ཞེན་ཡོད་མཁན་སྒྲིག་འཛུགས་བྱས་ཐོག ཕན་ཚུན་མཐུན་སྒྲིལ་དང་འཆམ་མཐུན། རོགས་རེས་བཅས་འགྲན་བསྡུར་ནང་ཧུར་ཐག་ཞུགས་པར། ཞོར་ལ་མང་པོ་ཞིག་ཤེས་རྟོགས་ཐུབ་བྱུང་། སླད་ཕྱིན་ཆད། ང་ཚོས་མུ་མཐུད་ནས་ནང་སྦྱོང་ལ་ཤུགས་སྣོན་བརྒྱབ་སྟེ། རྐང་རྩེད་སྤོ་ལོའི་རྩལ་ནུས་མཐོར་འདེགས་བྱ་རྒྱུ་ཡིན་ཞེས་བརྗོད། གཞིས་ཀ་རྩེ་གྲོང་ཁྱེར་གྱི་འཐུས་མི་རུ་ཁག་གི་རུ་མི་པད་མ་ཆོས་སྐྱིད་ཀྱིས། ད་ཐེངས་འགྲན་བསྡུར་ནང་བྱ་དགའ་རིམ་པ་ཨང་གཉིས་པ་ཐོབ་པར་སེམས་ནང་དགའ་ཚོར་ཆེན་པོ་བྱུང་། མ་གཞི་ང་ཚོའི་ནང་སྦྱོང་གི་དུས་ཡུན་ཐུང་ཡང་། ད་ཐེངས་འགྲན་བསྡུར་ནང་ད་དུང་ཤུགས་རྒྱག་དགོས་པ་མང་པོ་འདུག་སྙམ། འོན་ཀྱང་། ང་ཚོར་འགྲན་བསྡུར་ལས་ཉམས་མྱོང་མང་དག་ཐོབ་བྱུང་། སང་ལོར་ང་ཚོར་སྔར་བས་ལེགས་པའི་གྲུབ་འབྲས་ཐོབ་རྒྱུའི་རེ་བ་ཡོད་ཅེས་གླེང་། རེ་ཞིག་མཇུག་བསྒྲིལ་བ་ནི་རྫོགས་རྟགས་བཀོད་པ་ཞིག་མིན་ཏེ། དམིགས་ས་གསར་པར་ཡིད་ཆེས་ཆེན་པོས་ཕྱོགས་པ་འདི་ཡིན། ད་ཐེངས་སྤེལ་བའི་འགྲན་བསྡུར་ལས་བོད་ཀྱི་ལུས་རྟེན་མོ་ཕྱིན་ཆད་ཀྱིས་རྐང་རྩེད་སྤོ་ལོར་ཞེན་པའི་སྤྲོ་སེམས་ཕྱོགས་ཡོངས་ནས་འཕེལ་བ་བྱས་ཡོད་ལ། དེ་བས་ནི་ལུས་རྩལ་འདི་ཉིད་སྦྲེལ་ཐག་ཏུ་བྱས་ནས་མི་རིགས་ཁག་གི་བུ་ཕྲུག་ཚོས་མཐུན་སྒྲིལ་འབད་འབུངས་ལ་ཕྱོགས་པའི་སྟོབས་ཤུགས་གཅིག་ལ་བསྒྲིལ་ཐུབ་པ་བྱུང་ཡོད། འབྱུང་འགྱུར་དུས་ན། གངས་ལྗོངས་ས་མཐོའི་སྟེང་བུད་མེད་ཀྱི་རྐང་རྩེད་སྤོ་ལོའི་གཟི་དཔལ་རབ་ཏུ་འབར་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་རྒྱང་ལམ་ཐོག སྔར་བས་ངོ་མཚར་ཆེ་བའི་མཐུན་སྒྲིལ་ཡར་ཐོན་ལ་འབུངས་པའི་ལེ་ཚན་རྩོམ་རྒྱུ་ནི་སྨོས་ཅི་ལ་དགོས་སོ། །

བསོད་ནམས་དོན་གྲུབ་ཀྱིས་བསྒྱུར། བསོད་ཡེ་བདེས་ཞུས།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:法律常识
རང་ལྗོངས་ཀྱིས《བརྡ་ཐོ》བཀྲམ་ནས་བདེ་ཐང་གི་གཟུགས་པོའི་ལྗིད་ཚད་དོ་དམ་སོགས་ཀྱི་བྱ་སྤྱོད་ཁག་གསུམ་བདེ་ཐང་བོད་ཀྱི་བྱ་སྤྱོད་ཁོངས་སུ་བཅུག་པ།
གངས་ལྗོངས་དཔའ་མོའི་ཉམས་བཟང་པོ། སྤང་རྒྱན་མེ་ཏོག་བཞིན་དུ་བཀྲ།
ལི་ཧྥུའུ་ཀྲུང་གིས་གྲོང་ཁྱེར་ཡིག་བསྐུར་ངོ་བཅར་ཅུས་སུ་ངོ་བཅར་ཡོང་མཁན་མང་ཚོགས་ལ་སྣེ་ལེན་ཞུ་སྐབས་མི་དམངས་ཀྱི་ཡིག་བསྐུར་ངོ་བཅར་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི@
ལི་ཧྥུའུ་ཀྲུང་གིས་གྲོང་ཁྱེར་ཡོངས་ཀྱི་བཅའ་ཁྲིམས་ལས་སྒྲུབ་སྙན་ཞུའི་ལས་དོན་ཚོགས་འདུ་གཙོ་སྐྱོང་གནང་སྐབས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་མཐར་ཕྱིན་བྱས་ཏ@