第03版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
རང་ལྗོངས་ཀྱིས《བརྡ་ཐོ》བཀྲམ་ནས་བདེ་ཐང་གི་གཟུགས་པོའི་ལྗིད་ཚད་དོ་དམ་སོགས་ཀྱི་བྱ་སྤྱོད་ཁག་གསུམ་བདེ་ཐང་བོད་ཀྱི་བྱ་སྤྱོད་ཁོངས་སུ་བཅུག་པ།
གངས་ལྗོངས་དཔའ་མོའི་ཉམས་བཟང་པོ། སྤང་རྒྱན་མེ་ཏོག་བཞིན་དུ་བཀྲ།
ལི་ཧྥུའུ་ཀྲུང་གིས་གྲོང་ཁྱེར་ཡིག་བསྐུར་ངོ་བཅར་ཅུས་སུ་ངོ་བཅར་ཡོང་མཁན་མང་ཚོགས་ལ་སྣེ་ལེན་ཞུ་སྐབས་མི་དམངས་ཀྱི་ཡིག་བསྐུར་ངོ་བཅར་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི@
ལི་ཧྥུའུ་ཀྲུང་གིས་གྲོང་ཁྱེར་ཡོངས་ཀྱི་བཅའ་ཁྲིམས་ལས་སྒྲུབ་སྙན་ཞུའི་ལས་དོན་ཚོགས་འདུ་གཙོ་སྐྱོང་གནང་སྐབས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་མཐར་ཕྱིན་བྱས་ཏ@
| 山南网首页 |
2026年4月27日 星期
下一篇 4 放大 缩小 默认
རང་ལྗོངས་ཀྱིས《བརྡ་ཐོ》བཀྲམ་ནས་བདེ་ཐང་གི་གཟུགས་པོའི་ལྗིད་ཚད་དོ་དམ་སོགས་ཀྱི་བྱ་སྤྱོད་ཁག་གསུམ་བདེ་ཐང་བོད་ཀྱི་བྱ་སྤྱོད་ཁོངས་སུ་བཅུག་པ།
 
བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། རང་ལྗོངས་ཀྱིས《བདེ་ཐང་གི་གཟུགས་པོའི་ལྗིད་ཚད་དོ་དམ་སོགས་ཀྱི་བྱ་སྤྱོད་ཁག་གསུམ་བདེ་ཐང་བོད་ཀྱི་བྱ་སྤྱོད་ཁོངས་སུ་འཇུག་རྒྱུའི་སྐོར་གྱི་བརྡ་ཐོ》(གཤམ་དུ《བརྡ་ཐོ》ཞེས་བསྡུ་རྒྱུ)བཀྲམ་ནས་བདེ་ཐང་གི་གཟུགས་པོའི་ལྗིད་ཚད་དོ་དམ་བྱ་སྤྱོད་དང་། བདེ་ཐང་གི་གྲོང་གསེབ་འཛུགས་སྐྲུན་བྱ་སྤྱོད། བོད་ཀྱི་གསོ་བ་རིག་པའི་བདེ་ཐང་སྐུལ་སྤེལ་བྱ་སྤྱོད་བཅས་བྱ་སྤྱོད་ཁག་གསུམ་བདེ་ཐང་བོད་ཀྱི་བྱ་སྤྱོད་ཁོངས་སུ་བཅུག་ནས་ཆེད་དོན་བྱ་སྤྱོད་གཞན་དག་17དང་སྤྱི་འདོམས་སྐུལ་འདེད་བཏང་ཡོད།

《བརྡ་ཐོའི》ནང་ཁ་གསལ་བཏོན་དོན། བདེ་ཐང་གི་གཟུགས་པོའི་ལྗིད་ཚད་དོ་དམ་བྱ་སྤྱོད་ཀྱི་དམིགས་ཚད་ནི། 2030ལོར་སླེབས་སྐབས་དར་མ་རྒྱགས་པ་ཆགས་ཚད་རྒྱུན་མཐུད་ཉུང་དུ་ཕྱིན་ནས་ལྗོངས་ཡོངས་ཀྱི་གཟུགས་པོའི་ལྗིད་ཚད་དོ་དམ་གྱི་རྒྱབ་སྐྱོར་རང་བཞིན་གྱི་ཁོར་ཡུག་རྒྱ་ཁྱབ་ངང་བསྐྲུན་རྒྱུ་དང་། ལྗོངས་ཡོངས་ཀྱི་ཡུལ་མིའི་གཟུགས་པོའི་ལྗིད་ཚད་དོ་དམ་འདུ་ཤེས་ཟབ་ཏུ་དང་རྩལ་ནུས་མངོན་གསལ་དོད་པོས་མཐོ་རུ་འགྲོ་རྒྱུ། མི་ཚོགས་ཁྲོད་ཤ་རྒྱགས་པོ་ཆགས་ཚད་རིམ་བཞིན་ཉུང་དུ་འགྲོ་རྒྱུ་བཅས་ཡིན་པ་དང་། བདེ་ཐང་གྲོང་གསེབ་འཛུགས་སྐྲུན་བྱ་སྤྱོད་ཀྱི་དམིགས་ཚད་ནི། 2030ལོར་སླེབས་སྐབས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་བདེ་ཐང་བྱང་ཚད་དང་བདེ་ཐང་གི་ཆུ་ཚད་ཧེ་བག་མངོན་གསལ་དོད་པོས་ཆུང་དུ་འགྲོ་རྒྱུ་དང་།གྲོང་གསེབ་ས་ཁུལ་གྱི་ཡུལ་མིའི་བདེ་ཐང་ཆུ་ཚད་མཐོ་རུ་འགྲོ་བ། གྲོང་གསེབ་ཀྱི་སྨན་པའི་ཁྲོད་དུ་ལས་འཛིན(ལས་རོགས)སྨན་པའི་ཐོབ་ཐང་ཡོད་མཁན་གྱི་བསྡུར་ཚད་རིམ་བཞིན་མཐོ་རུ་འགྲོ་བ་དང་གྲོང་གསེབ་ཀྱི་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཞུ་ཕྱོགས་ཡོངས་ལ་ཁྱབ་པ། ནད་གཞི་ཚབས་ཆེན་གྱི་ (པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད)གནོད་འཚེ་དང་བདེ་ཐང་གི་ཉེན་ཁ་གཙོ་བོའི་རྒྱུ་རྐྱེན་ཚོད་འཛིན་ནུས་ལྡན་ཐུབ་སྟེ་གྲོང་གསེབ་ཀྱི་ཁོར་ཡུག་དེ་བས་བདེ་ཐང་དང་སྡོད་མལ་ལ་འཚམ་པ་བཅས་བྱ་རྒྱུ་ཡིན་པ་རེད། བོད་ཀྱི་གསོ་བ་རིག་པའི་བདེ་ཐང་སྐུལ་སྤེལ་བྱ་སྤྱོད་ཀྱི་དམིགས་ཚད་ནི། མི་ཚོགས་ཡོངས་དང་། ཚེ་སྲོག་གི་འཁོར་ཡུན་ཧྲིལ་པོ། བརྒྱུད་རིམ་ཧྲིལ་པོ་བཅས་ལ་ཁྱབ་པའི་བོད་ཀྱི་གསོ་བ་རིག་པའི་བདེ་ཐང་ཞབས་ཞུའི་མ་ལག་བཙུགས་ཏེ་མི་དམངས་མང་ཚོགས་ཀྱི་རིམ་པ་མང་བ་དང་སྣ་མང་ཅན་གྱི་བོད་ཀྱི་གསོ་བ་རིག་པའི་བདེ་ཐང་ཞབས་ཞུའི་དགོས་མཁོ་དེ་བས་ལེགས་པའི་ངང་སྐོང་བ་དང་། 2030ལོར་སླེབས་སྐབས་རིམ་པ་གཉིས་པ་ཡན་གྱི་གཞུང་བཙུགས་ཕྱོགས་བསྡུས་སྨན་ཁང་དང་རིམ་པ་གསུམ་པའི་མ་བུ་བདེ་སྲུང་སྨན་ཁང་དུ་བོད་ཀྱི་གསོ་བ་རིག་པའི་ནད་ཐོག་སྨན་བཅོས་ཚན་ཁག་འཛུགས་པའི་བསྡུར་ཚད་90%དང་95%སོ་སོར་ཟིན་པ་དང་། སྐྱེས་མ་ཐག་པ་ནས་ཟླ་བ་36བར་གྱི་ཕྲུ་གུར་བོད་ཀྱི་གསོ་བ་རིག་པའི་བདེ་ཐང་དོ་དམ་བྱེད་ཚད་90%ཡན་ཟིན་པ་བཅས་བྱ་རྒྱུ་རེད།

གོང་གསལ་གྱི་བྱ་སྤྱོད་ཁག་3ལ་དམིགས་ཏེ《བརྡ་ཐོའི》ནང་ད་དུང་སྲིད་གཞུང་དང་སྤྱི་ཚོགས་དང་། མི་སྒེར་དང་ཁྱིམ་ཚང་བཅས་ལ་ཞིབ་ཕྲའི་བླང་བྱ་བཏོན་ཡོད་པ་རེད།

下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:法律常识