第02版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
ངེད་གྲོང་ཁྱེར་གྱིས་འཛམ་གླིང་དཔེ་ཀློག་ཉིན་མོ་ཐེངས་སོ་གཅིག་པ་དང་ལྷོ་ཁ་གྲོང་ཁྱེར་དཔེ་མཛོད་ཁང་བཙུགས་ནས་ལོ་བཅུ་འཁོར་བའི་བྱེད་སྒོ་རབ་རིམ་སྤེལ་བ།
བོད་ཀྱི་ཚན་རྩལ་ཁྱབ་ཁོངས་ཀྱི་དམའ་དབྱིངས་དཔལ་འབྱོར་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་ཀྱི་བཞུགས་མོལ་ཚོགས་འདུ་ལྷོ་ཁ་གྲོང་ཁྱེར་དུ་འཚོགས་པ།
ངེད་གྲོང་ཁྱེར་གྱིས་“ཡར་ཀླུང་གླེང་སྟེགས” ཆེད་དོན་ཟུར་ཁྲིད་ཀྱི་འཆད་ཁྲིད་གཉེར་བ།
ཡར་ཀླུང་བསྡུས་འཕྲིན།
| 山南网首页 |
2026年4月27日 星期
3 上一篇  下一篇 4 放大 缩小 默认
ཡར་ཀླུང་བསྡུས་འཕྲིན།
 

ཉེ་ལམ། གོང་དཀར་རྫོང་ཨུད་དྲིལ་བསྒྲགས་པུའུ་སོགས་ཚན་པ་ཁག་གིས་མཉམ་འབྲེལ་ཐོག་ཆེད་དོན་ལས་དོན་ཚོགས་ཆུང་བཙུགས་ནས་ཁོངས་གཏོགས་ཁུལ་དུ་"དུད་ཚང་ཀུན་ཁྱབ་"སྒྲིག་ཆས་ཁྲིམས་འགལ་ཉོ་ཚོང་བྱེད་མཁན་ལ་ཆེད་དོན་གྲལ་བཤེར་བྱས་པ། ཉེ་ཆར། མཚོ་སྨད་རྫོང་འཕེལ་སྒྱུར་དང་དཔལ་འབྱོར་ཚོང་དོན་ཅུད་ཀྱིས་བཅད་གྲངས་ཡན་གྱི་ཉོ་ཚོང་ཁེ་ལས་ཀྱི་གཞི་གྲངས་སྤུས་ཚད་ལ་ཞིབ་བཤེར་བྱས་པ། ཉེ་སྔོན། མཚོ་སྣ་གྲོང་ཁྱེར་གྱིས་ཞིབ་འཇུག་སློབ་སྦྱོང་གི་རྡོག་ཐོན་མཛད་སྒོ་འཚོགས་པ་དང་། མཐའ་མཚམས་ཀྱི་སློབ་མ་48ཡིས་པེ་ཅིང་དང་ཧྲན་ཏུང་དུ་ཞིབ་འཇུག་སློབ་སྦྱོང་གི་བྱེད་སྒོ་སྤེལ་བར་བསྐྱོད་པ། ཉེ་དུས། ལྷུན་རྩེ་རྫོང་སྲིད་གྲོས་ཀྱིས་དཔེ་དྲི་འཐུལ་བའི་སྲིད་གྲོས། དཔེ་ཀློག་ལ་མཉམ་དུ་རོལ་ཞེས་པའི་དཔེ་ཀློག་མཉམ་སྤྱོད་བྱེད་སྒོ་སྤེལ་བ། ཉེ་ལམ། ཟངས་རི་རྫོང་སྤྱི་བདེ་ཅུད་རྫིང་ཕྱི་ཤང་མངགས་གཏོང་ཁང་གིས་དཔྱིད་རྨོད་དང་འབྲེལ་བའི་ཏང་གི་གཙོ་དོན་ཉིན་མོའི་བྱེད་སྒོ་སྤེལ་བ། ཉེ་ཆར། གྲ་ནང་རྫོང་བསམ་ཡས་གྲོང་རྡལ་གནས་མགོ་གྲོང་ཚོས་2025ལོ་འཁོར་གྱི་མཉམ་སྡེབ་དཔལ་འབྱོར་བགོ་འགྲེམས་བྱས་པ། ཉེ་དུས། གྲོང་ཁྱེར་ཡོངས་ཀྱི་དགོན་སྡེའི་མེ་ཟོན་མེ་འགོག་བདེ་འཇགས་ཆེད་དོན་གསོ་སྦྱོང་གཉེར་བ། ཉེ་ལམ། གྲ་ནང་རྫོང་ཨུད་སྤྱི་ཚོགས་ལས་དོན་པུའུ་ཏང་འཛུགས་སྐྱོང་གིས་"ཆེད་ལས་སྤྱི་ཚོགས་ལས་དོན་པ+དང་བླངས་ཞབས་ཞུ་"མཉམ་འདྲེས་ཀྱི་བརྒྱུད་རིམ་ཧྲིལ་པོའི་དངོས་སྦྱོང་ལ་སྣེ་ཁྲིད་བྱས་པ། ཉེ་སྔོན། སྣ་དཀར་རྩེ་རྫོང་ནོར་སྲིད་ཅུད་ཀྱིས་2026ལོའི་དུས་ཚིགས་དང་པོའི་ནོར་དོན་ལས་དོན་མི་སྣར་གསོ་སྦྱོང་བྱས་པ། ཉེ་ཆར། ལྷོ་བྲག་རྫོང་གིས་དམངས་སྲིད་དང་། དམག་ཞབས་འཐིམས་པའི་དམག་མི། དབང་སྐྱོན་ལྷན་ཚོགས་བཅས་ཁྱབ་ཁོངས་ཀྱི་གཙོ་གནད་ལས་དོན་བཀོད་གཏོང་དང་ཆེད་དོན་བཅོས་སྒྲིག་ལས་ཀའི་སྐུལ་འདེད་ཚོགས་འདུ་འཚོགས་པ། ཉེ་དུས། མཚོ་སྨད་རྫོང་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུད་ཀྱིས་བོད་རང་སྐྱོང་ལྗོངས་སྨན་རྫས་ཞིབ་བཤེར་ཁང་དང་མཉམ་དུ་སྨན་བཅོས་ཡོ་བྱད་ལ་ཆེད་དོན་དཔེ་འཐེན་ཞིབ་བཤེར་བྱས་པ། ཉེ་ཆར། སྣེ་གདོང་ཆུས་སེང་གེ་ཐང་སྡེ་ཁུལ་གྱིས་ལྷོ་ཁ་གྲོང་ཁྱེར་བསླུ་འགོག་ངོ་རྒོལ་ལྟེ་གནས་དང་མཉམ་འབྲེལ་ཐོག་ཆེད་དོན་བྱེད་སྒོ་སྤེལ་བ།

ཉེ་སྔོན། གོང་དཀར་རྫོང་ཁྲོམ་ར་ལྟ་སྐུལ་ཅུད་ཀྱིས་སྤྱོད་ཚུལ་ཡོ་བསྲང་དང་ཤེས་དཔལ་གྲོང་གཏོད་ལས་དོན་དང་ཟུང་འབྲེལ་བྱས་ནས་བཟའ་བཅའི་བདེ་འཇགས་ཐད་ཆེད་དོན་ཞིབ་བཤེར་བྱས་པ།

ཉེ་དུས། ལྷུན་རྩེ་རྫོང་གིས་“4·23”འཛམ་གླིང་དཔེ་ཀློག་ཉིན་མོར་དམངས་ཡོངས་ཀྱིས་ལེགས་རྩོམ་གྱེར་འདོན་ཞེས་པར་འབོད་པའི་འགྲན་བསྡུར་བྱས་པ།

ཉེ་ཆར། ཆུ་གསུམ་རྫོང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་འབྲེལ་བའི་དྲིལ་བསྒྲགས་བྱེད་སྒོ་སྣ་ཚོགས་སྤེལ་བ།

ཉེ་ལམ། ཟངས་རི་རྫོང་སྤྱི་བདེ་ཅུད་ཟངས་རི་གྲོང་རྡལ་མངགས་གཏོང་ཁང་གི་འགྲིམ་འགྲུལ་ཉེན་རྟོག་པས་མངའ་ཁོངས་གྲོང་ཚོའི་ཞིང་ནང་མུ་ཁར་བསྐྱོད་ནས་འགྲིམ་འགྲུལ་བདེ་འཇགས་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱས་པ།

ཉེ་ཆར། མཚོ་སྣ་གྲོང་ཁྱེར་ཁ་བཏགས་ཤང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་སོའོ་ཡིས་ཤང་རིག་གནས་ཡུལ་སྐོར་ཞབས་ཞུ་ལྟེ་གནས་དང་མཉམ་འབྲེལ་ཐོག་གྲངས་གཞིས་རྩལ་ནུས་མཐོར་འདེགས་ལ་ཕན་འདོགས་སྟངས་ང་ཡིས་ཁྱེད་ལ་བསླབ་ཅེས་པར་འབོད་པའི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ། ཉེ་དུས། མཚོ་སྨད་རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུད་ཀྱིས་གནས་བཞི་ཤང་གནས་བཞི་གྲོང་ཚོར་བསྐྱོད་ནས་ཡུལ་ཟོག་ལ་ཆེད་དོན་ཞིབ་བཤེར་བྱས་པ། བསོད་དོན་དང་ཡེ་བཟང་གིས་བསྒྱུར། བསོད་བསྟན་དང་བད་དཔལ་གྱིས་ཞུས།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:法律常识
ངེད་གྲོང་ཁྱེར་གྱིས་འཛམ་གླིང་དཔེ་ཀློག་ཉིན་མོ་ཐེངས་སོ་གཅིག་པ་དང་ལྷོ་ཁ་གྲོང་ཁྱེར་དཔེ་མཛོད་ཁང་བཙུགས་ནས་ལོ་བཅུ་འཁོར་བའི་བྱེད་སྒོ་རབ་རིམ་སྤེལ་བ།
བོད་ཀྱི་ཚན་རྩལ་ཁྱབ་ཁོངས་ཀྱི་དམའ་དབྱིངས་དཔལ་འབྱོར་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་ཀྱི་བཞུགས་མོལ་ཚོགས་འདུ་ལྷོ་ཁ་གྲོང་ཁྱེར་དུ་འཚོགས་པ།
ངེད་གྲོང་ཁྱེར་གྱིས་“ཡར་ཀླུང་གླེང་སྟེགས” ཆེད་དོན་ཟུར་ཁྲིད་ཀྱི་འཆད་ཁྲིད་གཉེར་བ།
ཡར་ཀླུང་བསྡུས་འཕྲིན།