འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།དཔེ་ཀློག་དང་འགྲོགས་ནས་མི་ཚེ་དོན་ལྡན་ལ་སྐུལ། །དཔེ་ཀློག་ལ་བརྟེན་ནས་ཕུགས་བསམ་དོན་གཉེར་བྱེད། །ཟླ་4པའི་ཚེས་23ཉིན། ངེད་གྲོང་ཁྱེར་གྱིས་དཔེ་དྲི་འཐུལ་བའི་ལྷོ་ཁ། ཀློག་ལ་སྤྲོ་བའི་བགྲང་བྱ་བཅུ་ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་“4·23”འཛམ་གླིང་དཔེ་ཀློག་ཉིན་མོའི་བྱེད་སྒོ་ཐེངས་སོ་གཅིག་པ་དང་ལྷོ་ཁ་གྲོང་ཁྱེར་དཔེ་མཛོད་ཁང་བཙུགས་ནས་ལོ་བཅུ་འཁོར་བའི་བྱེད་སྒོ་རབ་རིམ་སྤེལ་འགོ་ཚུགས་པའི་མཛད་སྒོ་གཟབ་རྒྱས་ངང་འཚོགས་པ་རེད།
གྲོང་སྤྱི་གཞོན་པ་ཀྲའོ་མིན་གྱིས་ཤིས་ཚིག་བསྒྲོན་གནང་བ་མ་ཟད་སྒྲིག་ཆས་བཀོལ་ནས་འགོ་ཚུགས་ཡོལ་བ་ཕྱེ་གནང་བ་རེད།
དེ་ཉིན། རས་ཆུང་མ་གཞོན་ནུ་ལོ་ཆུང་སྒྱུ་རྩལ་ཚོགས་པས་འཁྲབ་སྟོན་བྱས་པའི་སྐལ་བཟང་མེ་ཏོག་བཞད། སེམས་པ་ཏང་ལ་ཕྱོགས་ཞེས་པའི་ཞབས་བྲོའི་སྟངས་སྟབས་འོག་དངོས་སུ་འགོ་ཚུགས་ཤིང་། འཁྲུག་ཆའི་རྣམ་པས་ཁེངས། དེ་མུར། པིར་གྱི་རྩལ་ལས་འཁྲུངས་པའི་ཡིག་གཟུགས་བརྩམས་ཆོས་དཔེ་ཀློག་དང་འགྲོགས་པའི་ལྷོ་ཁ། བགྲང་བྱ་བཅུའི་རྒྱང་ལམ་གསར་པ་ཞེས་པ། བྱིས་པས་དཔེ་ཀློག་ནི་གང་འདྲ་རས་ཞེས་པའི་ལེགས་རྩོམ་གྱེར་འདོན། རྐྱང་གཞས་བོད་འབྱུང་ཡུལ་དུ་དཔེ་ཀློག་གི་སྒྲ་དབྱངས་སྙན་ཞེས་པ་སོགས་བཀོད་སྒྲིག་ཞུས་པའི་ལེ་ཚན་གཅིག་མཇུག་གཉིས་མཐུད་ཀྱིས་འཁྲབ་སྟོན་བྱས་པར་གཟིགས་མོ་བ་ཚོའི་དགའ་བསུ་ཆེན་པོ་ཐོབ།
ཤེས་རྟོགས་བྱུང་བར་གཞིགས་ན། རྗེས་མཐུད་ཉིན་གཉིས་ནང་། གྲོང་ཁྱེར་དཔེ་མཛོད་ཁང་གིས་ད་དུང་ལྷོ་ཁའི་གཏམ་རྒྱུད་བརྗོད། ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་ཞེས་པའི་ཉམས་བཟང་འགྲེམས་སྟོན་དང་གཟེངས་བསྟོད་སྤྲོད་པའི་མཛད་སྒོ་འཚོག་རྒྱུ་དང་། ཆབས་ཅིག མྱོང་ཚོར་མཉམ་སྤྱོད་སེམས་ལ་ཟུག ཤེས་དཔལ་དཔེ་དེབ་ཀུན་དང་འགྲོགས་ཞེས་པའི་དཔེ་ཀློག་མྱོང་ཚོར་མཉམ་སྤྱོད་སོགས་བྱེད་སྒོ་རབ་རིམ་སྤེལ་རྒྱུ་ཡིན་པ་རེད།
བསོད་དོན་གྱིས་བསྒྱུར། བསོད་ཡེ་བདེས་ཞུས།