འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ལམ། ལྷོ་བྲག་རྫོང་ཨུད་སྲིད་ཁྲིམས་ཨུ་ལྷན(རྒྱལ་ཁབ་བདེ་འཇགས་གཞུང་དོན་ཁང)གྱིས་ཁོངས་གཏོགས་ཚན་པ་24སྒྲིག་འཛུགས་བྱས་ཏེ“འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱས་ནས‘ལོ་ལྔ་ཚན་བཅོ་ལྔ་པའི’རྒྱང་ལམ་གསར་པར་སྲུང་སྐྱོང་བྱེད”ཅེས་པའི་བརྗོད་དོན་གཙོ་བོར་དམིགས་ནས་རྒྱལ་ཁབ་བདེ་འཇགས་ཀྱི་དྲིལ་བསྒྲགས་སློབ་གསོ་སྤེལ་བ་རེད། བྱེད་སྒོའི་ནང་དྲ་ཕྱིའི་ཐོག་ནས་བློ་འདྲི་དང་བཅའ་ཁྲིམས་ཁྱབ་གདལ། སྨྱན་སྦྱོར་གསར་པས་ཚན་རྩལ་ཁྱབ་གདལ་གཏོང་བ་སོགས་ཀྱི་བྱེད་ཐབས་བརྒྱུད་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་ཁྱབ་གདལ་བཏང་ཐོག་མང་ཚོགས་ལ་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་འཛུགས་པ་དང་། 12339ཐེར་འདོན་ཁ་པར་བློ་ལ་བརྟན་པོར་ངེས་པ་བྱེད་དགོས་པའི་ཁྲིད་སྟོན་བྱས་པ་རེད། ཤང(གྲོང་རྡལ)དང་གྲོང་ཚོ(སྡེ་ཁུལ)ཁག་གིས་དུས་གཅིག་ཏུ་མཉམ་འགུལ་བྱས་ཏེ་དྲིལ་བསྒྲགས་ཁྱོན་ཡོངས་ལ་ཁྱབ་པ་དང་། བྱེད་སྒོར་ཕན་འབྲས་མངོན་གསལ་ཐོན་ནས་རྫོང་ཁོངས་ཀྱི་རྒྱལ་ཁབ་བདེ་འཇགས་ཀྱི་མི་དམངས་འགོག་རགས་སྔར་བས་བརྟན་དུ་ཕྱིན་ཡོད།
ཉེ་ལམ། མཚོ་སྨད་རྫོང་སློབ་འབྲིང་གིས་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་སློབ་གྲྭའི་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་ཞིང་། སློབ་གྲྭས་བརྗོད་དོན་གཙོ་བོའི་འཛིན་ཚོགས་བརྒྱུད་དཔེ་མཚོན་གྱོད་གཞིར་བརྟེན་ནས་འགྲེལ་བཤད་རྒྱག་པ་དང་། བརྙན་ལམ་ལ་ལྟ་བ་སོགས་ཀྱི་བྱེད་ཐབས་ཐོག་ནས་སློབ་མར་རྒྱལ་ཁབ་ཀྱི་བདེ་འཇགས་ཤེས་བྱ་ཁྱབ་གདལ་བཏང་བ། སློབ་གྲྭའི་གློག་རྡུལ་བརྙན་ཤེལ་སྤྱད་དེ་དྲིལ་བསྒྲགས་སྦྱར་ཡིག་སྣ་ཚོགས་བཏང་ནས་དྲིལ་བསྒྲགས་ཀྱི་རྣམ་པ་ཟབ་མོ་ཞིག་གཏོད་པ། ཆེད་དོན་འཆད་ཁྲིད་བྱས་ནས་བདེ་འཇགས་ཀྱི་དུས་བབ་དང་འགོག་ཟོན་གྱི་གཙོ་གནད་ལ་འགྲེལ་བཤད་བརྒྱབ་ཐོག་དགེ་སློབ་ཚོས་རྒྱལ་ཁབ་ཀྱི་བདེ་འཇགས་འདུ་ཤེས་འཛུགས་རྒྱུར་ཁྲིད་སྟོན་བྱས་ཐོག་བདེ་འཇགས་དོགས་ཟོན་གྱི་ནུས་པ་ཆེ་རུ་བཏང་བ་རེད།
བསོད་ནམས་བསྟན་པས་བསྒྱུར། བསོད་ཡེ་བདེས་ཞུས།