第02版:平安山南 上一版3  4下一版
 
版面导航

第01版
头版

第02版
平安山南

第03版
综合新闻
 
标题导航
| 山南网首页 |
2026年4月17日 星期
下一篇 4 放大 缩小 默认
ངེད་གྲོང་ཁྱེར་གྱིས་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ “མཐའ་མཚམས་སྦྲེལ་མཐུད་བྱ་སྤྱོད”བྱེད་སྒོ་སྤེལ་བ།
 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་ལེན་མཐར་ཕྱིན་བསྟར་ནས་མཐའ་མཚམས་ས་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱི་རྒྱལ་ཁབ་བདེ་འཇགས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ་དང་། མཐའ་མཚམས་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་ཆེད། དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོ་ཐེངས་བཅུ་གཅིག་པའི་སྐབས་སུ། གྲོང་ཨུད་རྒྱལ་ཁབ་བདེ་འཇགས་གཞུང་ལས་ཁང་གིས་གྲོང་ཨུད་དྲིལ་བསྒྲགས་པུའུ་དང་གྲོང་ཁྱེར་སྤྱི་བདེ་ཅུས་དང་མཉམ་འབྲེལ་ཐོག་ལྷུན་རྩེ་རྫོང་དང་མཚོ་སྣ་གྲོང་ཁྱེར། ལྷོ་བྲག་རྫོང་བཅས་ཀྱི་མཐའ་མཚམས་ཤང་ངམ་གྲོང་ཚོར་བསྐྱོད་དེ་རྒྱལ་ཁབ་བདེ་འཇགས་སློབ་གསོའི“མཐའ་མཚམས་སྦྲེལ་མཐུད་བྱ་སྤྱོད”བྱེད་སྒོ་སྤེལ་བ་རེད།

བྱེད་སྒོའི་ནང་ལས་དོན་མི་སྣས་གཅིག་སྡུད་སྒྲོག་འགྲེལ་དང་། དུད་ཚང་དུ་བསྐྱོད་དེ་བཅར་འདྲི། གྱོད་གཞིར་བརྟེན་ནས་ཁྲིམས་འགྲེལ། ཕན་ཚུན་དྲི་བ་དྲི་ལན་འདོན་པ་སོགས་ཀྱི་བྱེད་ཐབས་སྣ་ཚོགས་བརྒྱུད་མང་ཚོགས་ཚོས་མཐའ་མཚམས་མཐའ་སྐྱོང་ནང་གང་མགྱོགས་མཉམ་འདྲེས་ཐུབ་རྒྱུར་རོགས་རམ་བྱས་ཏེ་རྒྱལ་ཁབ་བདེ་འཇགས་ཀྱི་འདུ་ཤེས་དག་དངོས་འབྲེལ་སེམས་ནང་ཟུག་ཐུབ་པ་དང་། མཐའ་སྲུང་ལས་ཀའི་ནང་རྩ་བ་ཚུགས་པ་བྱས་པ་རེད། ལས་དོན་མི་སྣས་གོ་བདེ་ཤེས་སླ་བ་དང་རྒྱུན་གཏན་གྱི་སྐད་ཆའི་ཐོག་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བ་ཡོད་པའི་རྒྱུན་མཐོང་གི་ཁྲིམས་འགལ་གནས་ཚུལ་དང་དཔེ་མཚོན་གྱོད་གཞི་སོགས་དང་ཟུང་འབྲེལ་གྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གསང་འཕྲིན་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གསང་མྱུལ་ལ་རྒོལ་བའི་བཅའ་ཁྲིམས》སོགས་ཁྲིམས་ལུགས་ཁྲིམས་སྲོལ་གཙོ་གནད་ཐོག་འགྲེལ་བཤད་བརྒྱབ་པ་རེད། ས་གནས་ས་ཐོག་ཏུ་ད་དུང་མཉམ་སྒུལ་དོགས་གནད་གསེད་དཀྲོལ་ལྷུ་ཚིགས་བཙུགས་ནས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི“དོགས་ཡོད་མི་སྣ་ཇི་ལྟར་དབྱེ་འབྱེད་བྱེད་དགོས་པ”དང“བྱ་སྤྱོད་གང་ཞིག་རྒྱལ་ཁབ་བདེ་འཇགས་ཀྱི་འབྲེལ་ཡོད་བཅའ་ཁྲིམས་ལས་འགལ་བ”སོགས་ཀྱི་གནད་དོན་ལ་དམིགས་ནས་རེ་རེ་བཞིན་འགྲེལ་བཤད་བརྒྱབ་སྟེ་ཚང་མས་རང་རྟོགས་ངང་བཅའ་ཁྲིམས་སློབ་སྦྱོང་དང་། བཅའ་ཁྲིམས་ཤེས་པ། བཅའ་ཁྲིམས་སྲུང་བ། བཅའ་ཁྲིམས་བེད་སྤྱོད་བཅས་བྱ་རྒྱུར་ཁྲིད་སྟོན་བྱས་པ་དང་ཆབས་ཅིག་མང་ཚོགས་ཀྱི་འགོག་ཟོན་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་འདུ་ཤེས་དང་འགན་འཁྲིའི་བསམ་པ་ཆེ་རུ་བཏང་བ་རེད།

བཅའ་ཁྲིམས་ཁྱབ་གདལ་གྱི་དྲིལ་བསྒྲགས་དེ་བས་གནད་ལ་འཁེལ་བ་དང་། མང་ཚོགས་ཀྱི་འཚོ་བ་དང་ཟུང་འབྲེལ་གང་ལེགས་བྱ་ཆེད། འགུལ་སྐྱོད་སྟབས་བདེ་མེད་པའི་བགྲེས་སོང་མང་ཚོགས་ལ་དམིགས་ནས། དྲིལ་བསྒྲགས་རུ་ཆུང་གིས་དྲིལ་བསྒྲགས་ཤོག་ལྷེ་དང་། རྒྱ་ཁྱབ་བརྡ་སྦྱོར། དེ་བཞིན་རྒྱལ་ཁབ་བདེ་འཇགས་ཀྱི་སྦྱར་ཡིག་དང་ཐེར་འདོན་ཁ་པར་དཔར་བརྒྱབ་པའི་རྒྱུན་མཁོའི་དངོས་རྫས་འཁྱེར་ནས“སྒོ་རྡུང་བྱ་སྤྱོད”སྤེལ་བ་དང་། “གཅིག་ལ་གཅིག་སྦྱར”གྱི་བྱེད་ཐབས་ཐོག་ནས་དུད་བཅར་བྱས་ཐོག་རྒྱལ་ཁབ་ཀྱི་བདེ་འཇགས་ཤེས་བྱ་དང་ཐེར་འདོན་བྱ་དགའི་སྲིད་ཇུས། དེ་བཞིན་སྤྱི་དམངས་ཚང་མས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་འགན་འཁྲི་དང་འོས་འགན་སོགས་ངང་རྒྱུད་རིང་པོས་འགྲེལ་བཤད་བརྒྱབ་པ་རེད།

ལྷུན་རྩེ་རྫོང་ཆོས་སྟོད་གྲོང་ཚོའི་གྲོང་མི་པ་སངས་ཀྱིས“ཏང་དང་རྒྱལ་ཁབ་ཀྱིས་སྔ་ཕྱི་བར་གསུམ་དུ་ང་ཚོའི་མཐའ་མཚམས་མང་ཚོགས་ལ་དོ་ཁུར་ཧ་ཅང་ཆེན་པོ་གནང་གི་ཡོད་པས།ང་ཚོས་ངེས་པར་དུ་ཁྱིམ་གཞིས་ལ་སྲུང་སྐྱོང་ཡག་པོ་བྱས་ཏེ་རྒྱལ་ཁབ་ཀྱི་བདེ་འཇགས་ཆེད་དུ་རང་ནུས་གང་ཡོད་འདོན་རྒྱུ་ཡིན་ཞེས་བརྗོད།

ལྷོ་བྲག་རྫོང་ལྷ་ཁང་གྲོང་རྡལ་གྱི་གྲོང་མི་པད་མ་ཀུན་བཟང་གིས་སྒྲོག་འགྲེལ་ཉན་རྗེས་མྱོང་ཚོར་ཟབ་མོས།“ད་ཐེངས་ཀྱི་སྒྲོག་འགྲེལ་ནང་དོན་ཧ་ཅང་ཕུན་སུམ་ཚོགས་པོ་འདུག། ས་ཁོངས་ཕྱིའི་ཟིང་ཆ་ཆེ་བའི་དུས་བབ་དང་རྒྱལ་ནང་གི་བརྟན་ལྷིང་དང་བདེ་སྐྱིད་ལྡན་པའི་འཚོ་བ་གཉིས་བསྡུར་བ་བྱེད་སྐབས། རྒྱལ་ཁབ་ཀྱི་བདེ་འཇགས་དང་བདེ་སྡོད་ལས་བརྩོན་གྱི་འཚོ་བ་དེ་ལས་སླ་པོར་བྱུང་བ་ཞིག་མིན་པའི་མྱོང་ཚོར་ཟབ་མོ་བྱུང་། མཐའ་མཚམས་ཤང་གྲོང་གི་ལས་བྱེད་པ་ཞིག་གི་ངོས་ནས་བརྗོད་ན། རང་ཉིད་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཏང་གི་རྗེས་སུ་འབྲང་བའི་ཆོད་སེམས་བརྟན་དུ་བཏང་ནས་མཐའ་མཚམས་ཀྱི་མངའ་ཁོངས་སྲུང་བ་དང་། རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་ཐུབ་པ་བྱེད་ཀྱི་ཡིན”ཞེས་བརྗོད།

གྲོང་ཨུད་རྒྱལ་ཁབ་བདེ་འཇགས་གཞུང་ལས་ཁང་གི་ཁོའོ་གཉིས་པའི་ཁོའོ་ཀྲང་གཞོན་པ་བཀྲ་ཤིས་ཆོས་འབྱོར་གྱིས་ད་ཐེངས་ཀྱི་བྱེད་སྒོའི་ནང་ང་ཚོས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐམ་སའི་རྒྱལ་མཚམས་བཅའ་ཁྲིམས》སོགས་ཁྲིམས་ལུགས་ཁྲིམས་སྲོལ་ལ་དམིགས་ནས་མཐའ་མཚམས་ཀྱི་དོ་དམ་དང་བཀག་སྡོམ་གྱི་དཔེ་མཚོན་གྱོད་གཞི་དང་ཟུང་འབྲེལ་གྱིས་མང་ཚོགས་དང་མཐའ་སྲུང་མི་སྣར་ཁྲིམས་འགལ་ངང་ས་མཚམས་བརྒལ་བ་དང་། ལྐོག་ཚོང་རྒྱག་པ་སོགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ཀྱི་གནོད་འཚེ་འགྲེལ་བཤད་བརྒྱབ་ནས་ཚང་མར་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱ་རྒྱུ་ནི་མི་ཚང་མའི་འགན་འཁྲི་ཡིན་པའི་ངོས་འཛིན་གཏིང་ཟབ་ཐུབ་པ་བྱས་ཡོད། གོམ་སྟབས་རྗེས་མར། མུ་མཐུད་ནས་མཐའ་མཚམས་ཀྱི་ཁྲིམས་ལུཊ་ཁྱབ་གདལ་ལས་ཀའི་ནང་ཞུགས་ཏེ། རྒྱལ་ཁབ་བདེ་འཇགས་ཀྱི་ཤེས་བྱ་མཐའ་མཚམས་ཀྱི་ས་ཕྱོགས་གང་སར་བརྒྱུད་བསྒྲཊ་བྱས་ཐོག་ཚང་མ་དང་མཉམ་དུ་མཐའ་མཚམས་བདེ་འཇགས་ཀྱི་འགོག་སྲུང་འཛིང་རཊ་བརྟན་པོ་བརྒྱབ་ནས་མེས་རྒྱལ་གྱི་མཐའ་མཚམས་སྲུང་སྐྱོང་ཡག་པོ་བྱེད་ཀྱི་ཡིན་ཞེས་བརྗོད་དོ།། བསོད་ནམས་བསྟན་པས་བསྒྱུར། བསོད་ཡེ་བདེས་ཞུས།

པར་ལེན་མཁན། དབྱངས་ཅན་སྒྲོལ་དཀར། ཝུའེ་ཇད།

རྒྱལ་ཁབ་

ཀྱི་བདེ་འཇགས།

ཀུན་གྱིས་

སྲུང་།

下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:平安山南
   第03版:综合新闻
   第04版:法律常识
ངེད་གྲོང་ཁྱེར་གྱིས་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ “མཐའ་མཚམས་སྦྲེལ་མཐུད་བྱ་སྤྱོད”བྱེད་སྒོ་སྤེལ་བ།
དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོའི་དྲིལ་བསྒྲགས་རྒྱ་ཁྱབ་ཏུ་སྤེལ་བ།