第01版:头版 4下一版
 
版面导航

第01版
头版

第02版
平安山南

第03版
综合新闻
 
标题导航
“ཀྲུང་གོའི་ཁྱད་ཆོས་ཀྱི་གྲོང་ཁྱེར་དེང་རབས་ཅན་གྱི་ ལམ་བུ་གསར་པར་སྐྱོད་དགོས”
མི་དམངས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་ནས་འཕེལ་རྒྱས་ཀྱི་ ལེའུ་གསར་རྩོམ་དགོས།
སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་སློབ།
བསམ་གྲུབ་ཚེ་རིང་གིས་གྲོང་ཁྱེར་སྲིད་གཞུང་རྒྱུན་ལས་ཚོགས་འདུ་སྐོང་འཚོགས་གནང་བ།
སྣེ་གདོང་ཆུས་ཀྱི་སྨན་བཅོས་དང་ལུས་གསོ་ཟུང་འབྲེལ་གྱི་ལུས་གསོའི་ལྟེ་གནས་རྣམ་གྲངས་འཛུགས་སྐྲུན་ལེགས་གྲུབ་བྱུང་ཚད་25%ཟིན་པ།
ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་ནི།
| 山南网首页 |
2026年4月17日 星期
3 上一篇  下一篇 4 放大 缩小 默认
སྣེ་གདོང་ཆུས་ཀྱི་སྨན་བཅོས་དང་ལུས་གསོ་ཟུང་འབྲེལ་གྱི་ལུས་གསོའི་ལྟེ་གནས་རྣམ་གྲངས་འཛུགས་སྐྲུན་ལེགས་གྲུབ་བྱུང་ཚད་25%ཟིན་པ།
 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉིན་ཤས་བསྟུད་མར། སྣེ་གདོང་ཆུས་མི་དམངས་སྨན་ཁང་གི་སྨན་བཅོས་དང་ལུས་གསོ་ཟུང་འབྲེལ་གྱི་ལུས་གསོའི་ལྟེ་གནས་ཀྱི་ཚད་གཞི་མཐོར་གཏོང་དང་བྱེད་ནུས་རྒྱ་ཆེར་གཏོང་བའི་རྣམ་གྲངས་ཀྱིས་དུས་ཚོད་ཡག་ཤོས་དམ་འཛིན་བྱས་ཏེ་ནུས་ཤུགས་ཡོད་རྒུས་འཛུགས་སྐྲུན་གྱི་འཕེལ་རིམ་མགྱོགས་སུ་གཏོང་བཞིན་ཡོད་པ་རེད། མིག་སྔར་རྣམ་གྲངས་ཀྱི་སྤྱིའི་འཕེལ་རིམ་25%ཟིན་པ་དང་། ཨར་ལས་ལས་རིམ་ཁག་ལ་གོ་རིམ་ལྡན་པའི་ངང་སྐུལ་སྤེལ་གཏོང་བཞིན་ཡོད་ཅིང་། སྔོན་དཔག་བྱས་ན་འདི་ལོའི་ལོ་མཇུག་གོང་ལས་མཇུག་འགྲིལ་ནས་རྩིས་སྤྲོད་བྱ་རྒྱུ་རེད།

རྣམ་གྲངས་ཀྱི་ཨར་ལས་བྱ་ཡུལ་དུ་འཕྲུལ་འཁོར་གྱི་འུར་སྒྲས་ཁེངས་ཤིང་། གང་སར་ཚ་ཚ་འུར་འུར་གྱི་ལས་རྣམ་ཞིག་མངོན། (པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད)འགོས་ནད་ཁང་གི་རྨང་གཞིའི་མཐིལ་ངོས་འདམ་ལུགས་རྒྱག་པའི་ལས་དོན་སྤེལ་བཞིན་ཡོད་པ་དང་། ལས་མི་ཚོས་ལས་བགོས་ཁ་གསལ་དང་གཞོགས་འདེགས་དམ་ཟབ་བྱས་ཏེ་སྤུས་ཚད་ཀྱི་འགག་སྒོ་ནན་པོ་སྲུང་བཞིན་ཡོད་པ་རེད། དེ་དང་ཆབས་ཅིག་དུག་སེལ་མཁོ་སྤྲོད་ཁང་གི་ཐོག་སོ་དང་པོའི་སྒྲོམ་གཞི་གཙོ་བོའི་ཨར་ལས་བདེ་བླག་ངང་ལེགས་གྲུབ་ཟིན་ནས་ཨར་ལས་ཀྱི་དུས་མཚམས་གཉིས་པར་སླེབས་ཉེར་ཡོད་པ་རེད།

རྣམ་གྲངས་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། རྣམ་གྲངས་དེའི་སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་6356.31ཟིན་པ་དང་། སྤྱིའི་མ་གནས་སྒོར་ཁྲི་2049.36ཙམ་ཟིན་ནས་འཛུགས་སྐྲུན་བྱེད་ཡུན་ལོ་གཅིག་ཡིན་པ་རེད། རྣམ་གྲངས་དེ་2025ལོའི་ཟླ་12ཚེས་20ཉིན་དངོས་སུ་ལས་འགོ་བཙུགས་པ་རེད། ཨར་ལས་བྱེད་རིང་རྩིག་རྨང་བསྔོག་སྐབས་ཆུ་ཁ་མཐོ་བ་དང་ཆུ་འདུས་ཚད་ཆེ་བ་སོགས་ཀྱི་ས་གཤིས་དཀའ་ཁག་འཕྲད་པའི་མདུན་དུ། རྣམ་གྲངས་ཚོགས་པས་འཕྲལ་མ་ཉིད་དུ་དབྱེ་ཞིབ་དང་བརྡར་ཤ་བཅད་ཐོག་ཆུ་འགོག་ཇུས་གཞི་དང་ཨར་ལས་ཀྱི་ལས་རིམ་ཁག་དུས་ཐོག་ཏུ་ལེགས་སུ་བཏང་བ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་མི་ཤུགས་དང་དངོས་ཤུགས་བཀོད་སྒྲིག་བྱས་ཏེ་ལས་གྲྭ་དུས་བཀག་ལྟར་ལེགས་གྲུབ་རྩིས་སྤྲོད་ཐུབ་པའི་འགན་ལེན་བྱས་པ་རེད།

སྣེ་གདོང་ཆུས་མི་དམངས་སྨན་ཁང་གི་སྨན་བཅོས་དང་ལུས་གསོ་ཟུང་འབྲེལ་གྱི་ལུས་གསོའི་ལྟེ་གནས་ཀྱི་ཚད་གཞི་མཐོར་གཏོང་དང་བྱེད་ནུས་རྒྱ་ཆེར་གཏོང་བའི་རྣམ་གྲངས་འགན་འཁུར་བ་ཀུའོ་ཧུང་ཅུན་གྱིས“རྣམ་གྲངས་དེ་ནི་སྣེ་གདོང་ཆུས་ཀྱི་གཙོ་གནད་ལས་གྲྭ་ཞིག་ཡིན་ལ། སྣེ་གདོང་ཆུས་ཀྱི་སྨན་བཅོས་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བའི་འགག་རྩའི་ལས་གྲྭ་ཞིག་ཀྱང་ཡིན། ལས་འགོ་བཙུགས་ཚུན་ང་ཚོསBIMལག་རྩལ་གསར་ཤོས་སྤྱད་དེ་བརྒྱུད་རིམ་ཧྲིལ་པོར་དོ་དམ་ཚོད་འཛིན་བྱས་ནས་སྤུས་ཚད་དང་། བདེ་འཇགས། ཨར་སྐྲུན་བཟོ་རྩལ་གྱི་ལྷུ་ཚིགས་བཟང་སྒྲིག་སོགས་ཐད་གནད་སྨིན་ཚོད་འཛིན་བྱས་ཐོག་རྣམ་གྲངས་དེ་འདི་ལོའི་ཟླ་12ཚེས་20ཉིན་ཕྱོགས་ཡོངས་ནས་ལས་མཇུག་འགྲིལ་བའི་འགན་ལེན་བྱེད་བཞིན་ཡོད”ཅེས་བརྗོད།

རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་གཏོང་བ་དང་དུས་མཚུངས་ཨར་ལས་ཚན་པས་སྤྱི་ཚོགས་ཀྱི་འགན་འཁྲི་ཧུར་ཐག་འཁུར་བ་དང་། རང་འགུལ་ངང་ལས་ཞུགས་ལས་སྟེགས་བསྐྲུན་ཏེ། ས་གནས་དེ་གའི་ངལ་རྩོལ་ནུས་ཤུགས་སྔོན་ལ་ལས་ཞུགས་ཐུབ་པ་བྱས་པར་མང་ཚོགས་ཚོས་སྒོ་འགྲམ་ནས་ལས་ཞུགས་འབབ་འཕར་ཐུབ་ཡོད། མིག་སྔར། རྣམ་གྲངས་དེས་སྣེ་གདོང་ས་ཁོངས་ཀྱི་ལས་མི་20བསྡུས་པ་དེ་དག་གཙོ་བོ་ལྕགས་རྩིབས་བསྡམས་བཀྱིག་དང་། ཨར་འདམ་ལུགས་རྒྱག། རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་སོགས་ཀྱི་ལས་ཀ་བྱེད་བཞིན་ཡོད། ལས་མི་མང་ཚོགས་ཚོས་ལས་ཞུགས་བྱེད་རིང་ཨར་ལས་ལག་རྩལ་ཤེས་པ་མ་ཟད། ཁྱིམ་ཚང་གི་ཡོང་འབབ་ཀྱང་མང་དུ་ཕྱིན་ཡོད།

ལས་མི་བཀྲ་ཤིས་བསམ་གྲུབ་ཀྱིས“ངས་ལས་ཡུལ་དུ་ཞོར་ལས་བྱེད་ཀྱི་ཡོད། གླ་ཆ་ཟླ་རེར་རྩིས་རྒྱག་གི་འདུག ཉིན་གཅིག་ལ་གླ་ཆ་སྒོར་240དང་ཟླ་རེར་སྒོར་7000ལྷག་ཙམ་ལེན་རྒྱུ་འདུག་ལ་མཚན་ལས་བྱས་ན་ད་དུང་ལས་དུས་འཕར་མའི་གླ་ཆ་སྤྲོད་ཀྱི་འདུག”ཅེས་བརྗོད།

ཤེས་རྟོགས་བྱུང་བར་གཞིགས་ན། སྣེ་གདོང་ཆུས་མི་དམངས་སྨན་ཁང་གི་སྨན་བཅོས་དང་རྒན་གསོ་ཟུང་འབྲེལ་གྱི་ལུས་གསོའི་ལྟེ་གནས་ཀྱི་ཚད་གཞི་མཐོར་གཏོང་དང་བྱེད་ནུས་རྒྱ་ཆེར་གཏོང་བའི་རྣམ་གྲངས་ནི་ས་གནས་དེ་གའི་སྨན་བཅོས་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་དང་སྨན་བཅོས་དང་རྒན་གསོ་ཟུང་འབྲེལ་གྱི་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བའི་དམངས་འཚོའི་འདུ་འགོད་གལ་ཆེན་ཞིག་རེད། རྣམ་གྲངས་བསྐྲུན་ཟིན་རྗེས་སྨན་བཅོས་དང་། བདེ་ཐང་སླར་གསོ། རྒན་གསོ་ལྟ་སྐྱོང་བཅས་གཞི་གཅིག་ཅན་གྱི་ཞབས་ཞུ་མངོན་འགྱུར་ཡོང་རྒྱུ་དང་། ས་གནས་དེ་གའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ཞན་ཆ་ནུས་ལྡན་ངང་གསབ་ཐུབ་པ། རྒན་རྒོན་དང་ལུས་གསོ་བྱེད་མཁན་ནད་པའི་སྣ་མང་ཅན་གྱི་བདེ་ཐང་དགོས་མཁོ་སྔར་བས་བསྐོང་ཐུབ་པ་བཅས་བྱུང་སྟེ་ས་ཁོངས་ཁུལ་གྱི་མང་ཚོགས་ཀྱི་བདེ་ཚོར་དང་ཐོབ་ཚོར་མཐོ་རུ་འགྲོ་རྒྱུ་ཡིན་པ་རེད།།

བསོད་བསྟན་གྱིས་བསྒྱུར། བསོད་ཡེ་བདེས་ཞུས།

འདི་ནི་ལས་མི་ཚོས་འཛུགས་སྐྲུན་ལས་ཡུལ་དུ་དུས་ཚོད་དམ་འཛིན་གྱིས་ཨར་ལས་བྱེད་བཞིན་པ།

འདི་ག་ཚགས་པར་ཁང་གི་གསར་འགོད་པས་པར་བླངས།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:平安山南
   第03版:综合新闻
   第04版:法律常识
“ཀྲུང་གོའི་ཁྱད་ཆོས་ཀྱི་གྲོང་ཁྱེར་དེང་རབས་ཅན་གྱི་ ལམ་བུ་གསར་པར་སྐྱོད་དགོས”
མི་དམངས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་ནས་འཕེལ་རྒྱས་ཀྱི་ ལེའུ་གསར་རྩོམ་དགོས།
སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་སློབ།
བསམ་གྲུབ་ཚེ་རིང་གིས་གྲོང་ཁྱེར་སྲིད་གཞུང་རྒྱུན་ལས་ཚོགས་འདུ་སྐོང་འཚོགས་གནང་བ།
སྣེ་གདོང་ཆུས་ཀྱི་སྨན་བཅོས་དང་ལུས་གསོ་ཟུང་འབྲེལ་གྱི་ལུས་གསོའི་ལྟེ་གནས་རྣམ་གྲངས་འཛུགས་སྐྲུན་ལེགས་གྲུབ་བྱུང་ཚད་25%ཟིན་པ།
ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་ནི།