第01版:头版 4下一版
 
版面导航

第01版
头版

第02版
平安山南

第03版
综合新闻
 
标题导航
“ཀྲུང་གོའི་ཁྱད་ཆོས་ཀྱི་གྲོང་ཁྱེར་དེང་རབས་ཅན་གྱི་ ལམ་བུ་གསར་པར་སྐྱོད་དགོས”
མི་དམངས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་ནས་འཕེལ་རྒྱས་ཀྱི་ ལེའུ་གསར་རྩོམ་དགོས།
སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་སློབ།
བསམ་གྲུབ་ཚེ་རིང་གིས་གྲོང་ཁྱེར་སྲིད་གཞུང་རྒྱུན་ལས་ཚོགས་འདུ་སྐོང་འཚོགས་གནང་བ།
སྣེ་གདོང་ཆུས་ཀྱི་སྨན་བཅོས་དང་ལུས་གསོ་ཟུང་འབྲེལ་གྱི་ལུས་གསོའི་ལྟེ་གནས་རྣམ་གྲངས་འཛུགས་སྐྲུན་ལེགས་གྲུབ་བྱུང་ཚད་25%ཟིན་པ།
ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་ནི།
| 山南网首页 |
2026年4月17日 星期
3 上一篇  下一篇 4 放大 缩小 默认
བསམ་གྲུབ་ཚེ་རིང་གིས་གྲོང་ཁྱེར་སྲིད་གཞུང་རྒྱུན་ལས་ཚོགས་འདུ་སྐོང་འཚོགས་གནང་བ།
 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་དུས། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། གྲོང་སྤྱི་བསམ་གྲུབ་ཚེ་རིང་གིས་གྲོང་ཁྱེར་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ཐེངས་74པ་སྐོང་འཚོགས་གནང་ཞིང་། སྐོར་གཟིགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་འབྲེལ་ཡོད་ཚོགས་འདུ་དང་ཡིག་ཆའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་སྒོས། དུས་ཚིགས་དང་པོའི་དཔལ་འབྱོར་འཁོར་སྐྱོད་ཀྱི་འབྲེལ་ཡོད་གནས་ཚུལ་སྙན་ཞུ་གསན་པ་དང་གྲོས་དོན་ལ་ཞིབ་འཇུག་གནང་བ་རེད།

གྲོང་ཁྱེར་འགོ་ཁྲིད་ཝང་ཆི་ཁྲའོ་དང་། ཕུན་ཚོགས། ལིའུ་ཙུང་ཁྲང་། ཚེ་རིང་གཡང་འཛོམས། ཧན་ལེའང་། ཀྲའོ་མིན་བཅས་ཚོགས་འདུར་ཞུགས།

བསམ་གྲུབ་ཚེ་རིང་གིས་མཛུབ་སྟོན་གནང་དོན། ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་རུ་གཏོང་བ་དང་བསམ་བློའི་ངོས་འཛིན་གཏིང་ཟབ་ཏུ་གཏོང་དགོས་པ་དང་། འགོ་ཁྲིད་གཙོ་བོས་ལག་བསྟར་དང་མཐུན་སྦྱོར། སྒྲུབ་སྐུལ་བཅས་བྱས་ཏེ་བཀོད་འདོམས་པ་བྱ་དགོས་ལ་འཐབ་འཛིང་པའང་བྱ་དགོས་པ་དང་། ཚད་གཞི་ནན་པོ་བཟོས་ནས་སྐོར་གཟིགས་བཅོས་སྒྲིག་གི་དོན་གཉེར་མཐོང་བ་དང་། བྱ་སྤྱོད་ངོ་མ་སྤེལ་བ། ཕན་འབྲས་དངོས་བརྩོན་ལེན་བཅས་བྱེད་པར་སྐུལ་འདེད་གཏོང་དགོས། སྐུལ་འདེད་མགྱོགས་སུ་བཏང་ནས་གཏན་འབེབས་ཀྱི་དུས་བཀག་ནང་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོན་པའི་འགན་ལེན་ (པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད)བྱས་ཏེ་དངོས་དངོས་རྗེན་རྗེན་གྱི་ཕན་འབྲས་ཐོག་ནས་"སྲུང་སྐྱོང་གཉིས་"མངོན་པ་བྱེད་དགོས། སྡོང་ཐུང་ཀུ་ཤུའི་རྣམ་གྲངས་ཀྱི་གནད་དོན་བཅོས་སྒྲིག་བྱ་རྒྱུ་དེ་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་འབད་བརྩོན་ཆེན་པོ་བྱེད་པ་དང་སྤུས་ཚད་མཐོ་བའི་བཅོས་སྒྲིག་ལ་བརྟེན་ནས་ཐོན་ལས་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས།

བསམ་གྲུབ་ཚེ་རིང་གིས་ནན་བཤད་གནང་དོན། འདི་ལོ་ཚུན། གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་ཀྲུང་དབྱང་དང་ལྗོངས་ཏང་ཨུད། གྲོང་ཨུད་བཅས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་ནུས་ཤུགས་ཡོད་རྒུས་དཔལ་འབྱོར་བརྩོན་ལེན་དང་འཕེལ་རྒྱས་ལ་དམ་འཛིན་བྱས་པས་དཔལ་འབྱོར་འཁོར་སྐྱོད་ཀྱི་འགོ་འཛུགས་ས་ནུས་ལྡན་ཡག་པོ་བྱུང་ཡོད། དུས་ཚིགས་གཉིས་པའི་དཔལ་འབྱོར་འཕེལ་རྒྱས་ཀྱི་འགག་རྩའི་དུས་སྐབས་དེར་དམ་འཛིན་ནན་པོ་བྱས་ཏེ་སྲིད་ཇུས་དང་བྱ་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་ཡག་པོ་བཏང་ཐོག དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ནུས་ཤུགས་ཡོད་རྒུས་མངོན་འགྱུར་ཡོང་བ་བྱེད་དགོས། དཔལ་འབྱོར་བཀོད་གཏོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལྟེ་བའི་དམིགས་ཚད། གཙོ་གནད་ཁྱབ་ཁོངས། རྣམ་གྲངས་གལ་ཆེན་བཅས་ལ་དམིགས་ནས་ས་གནས་ས་ཐོག་ཏུ་ཕན་འབྲས་ལ་ལྟ་ཞིབ་དང་འདྲི་རྩད་བྱས་ཏེ་དུས་ཐོག་ཏུ་གནད་དོན་ཤེས་རྟོགས་དང་ནོར་འཛོལ་ཡོ་བསྲང་བྱ་དགོས། རྣམ་གྲངས་ལ་མ་འཇོག་བྱ་རྒྱུར་དམ་འཛིན་ནན་པོ་བྱས་ཏེ་ཐབས་བརྒྱ་ཇུས་སྟོང་གིས་རྣམ་གྲངས་ཇུས་འགོད་དང་། རྣམ་གྲངས་དོན་གཉེར། རྣམ་གྲངས་བརྩོན་ལེན། རྣམ་གྲངས་དམ་འཛིན་བཅས་བྱས་ནས་མ་འཇོག་འཕར་སྣོན་མྱུར་པོ་ཡོང་བ་བྱེད་དགོས། འཛད་སྤྱོད་ཀྱི་གསོན་ཤུགས་འཕེལ་བ་བྱས་ཏེ་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་རབ་དང་རིམ་པ་རྒྱུན་མཐུད་ངང་སྤེལ་བ་དང་ལུས་རྩལ་འགྲན་བསྡུར་གྲ་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས་འཛད་སྤྱོད་མཁོ་སྤྲོད་ཀྱི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། ཐོན་ལས་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བ་དང་ཞིང་འབྲོག་ལས་ཐོན་སྐྱེད་ལ་ཕྱོགས་ཡོངས་ནས་དམ་འཛིན་ཡག་པོ་བྱས་ནས། གཙོ་གནད་ཁེ་ལས་ཀྱི་འཁོར་སྐྱོད་ལྟ་ཞིབ་ཚད་ལེན་དང་གནད་སྨིན་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཚོང་འགུགས་མ་འདྲེན་གྱི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས་ཐོན་ལས་སྦྲེལ་ཐག་སྣུར་སྲིང་དང་འཕེལ་རྒྱས་ཀྱི་གཏིང་ཤུགས་གསོག་འཇོག་བྱེད་དགོས། དམངས་འཚོའི་བདེ་རྩ་ཆེ་རུ་བཏང་ནས་གཙོ་གནད་དམངས་འཚོའི་ལས་དོན་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་དངོས་ཐོན་རྒྱུར་སྐུལ་འདེད་གཏོང་བ་དང་ཐབས་མང་མཉམ་སྤྱོད་ཀྱིས་མང་ཚོགས་ལ་འབབ་འཕར་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། སྤྱོད་ཚུལ་ལེགས་སུ་གཏོང་བ་དང་ཞབས་ཞུ་ལེགས་སུ་བཏང་ནས་སྲིད་འཛིན་གྱི་ཕན་ནུས་དང་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་མཐོ་རུ་གཏོང་དགོས། བདེ་འཇགས་ཀྱི་མཐའ་ཚད་བརྟན་པོ་སྲུང་བ་དང་ཉེན་ཁ་དང་མི་མངོན་པའི་རྐྱེན་རྩ་སྣ་ཚོགས་སྔོན་འགོག་དང་སེལ་ཐབས་བྱས་ཏེ་སྤྱི་ཚོགས་ཁྱོན་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས།

ཡེ་བཟང་གིས་བསྒྱུར། བསོད་བདེས་ཞུས།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:平安山南
   第03版:综合新闻
   第04版:法律常识
“ཀྲུང་གོའི་ཁྱད་ཆོས་ཀྱི་གྲོང་ཁྱེར་དེང་རབས་ཅན་གྱི་ ལམ་བུ་གསར་པར་སྐྱོད་དགོས”
མི་དམངས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་ནས་འཕེལ་རྒྱས་ཀྱི་ ལེའུ་གསར་རྩོམ་དགོས།
སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་སློབ།
བསམ་གྲུབ་ཚེ་རིང་གིས་གྲོང་ཁྱེར་སྲིད་གཞུང་རྒྱུན་ལས་ཚོགས་འདུ་སྐོང་འཚོགས་གནང་བ།
སྣེ་གདོང་ཆུས་ཀྱི་སྨན་བཅོས་དང་ལུས་གསོ་ཟུང་འབྲེལ་གྱི་ལུས་གསོའི་ལྟེ་གནས་རྣམ་གྲངས་འཛུགས་སྐྲུན་ལེགས་གྲུབ་བྱུང་ཚད་25%ཟིན་པ།
ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་ནི།