第02版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
གྲོང་ཁྱེར་ཡོངས་ཀྱི་ཏང་གི་སློབ་གྲྭའི(སྲིད་འཛིན་སློབ་གླིང)སློབ་སྤྱིའི་ལས་དོན་ཚོགས་འདུ་འཚོགས་པ།
ངེད་གྲོང་ཁྱེར་གྱི་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་ཆེད་དོན་བཅོས་སྒྲིག་ལས་དོན་ལ་སྐུལ་འདེད་གཏོང་བའི་ཚོགས་འདུ་འཚོགས་པ།
2025ལོར་ངེད་གྲོང་ཁྱེར་གྱི་གྲོང་གསེབ་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་24990ཟིན་པ།
བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་67འཁོར་བར་དྲན་གསོ་ཞུས་པ།
རང་སྐྱོང་ལྗོངས་སྲིད་གྲོས་རྟོག་ཞིབ་ཚོགས་ཆུང་གིས་ངེད་གྲོང་ཁྱེར་དུ་ཆེད་དོན་བཞུགས་མོལ་འཚོགས་པ།
| 山南网首页 |
2026年4月1日 星期
下一篇 4 放大 缩小 默认
གྲོང་ཁྱེར་ཡོངས་ཀྱི་ཏང་གི་སློབ་གྲྭའི(སྲིད་འཛིན་སློབ་གླིང)སློབ་སྤྱིའི་ལས་དོན་ཚོགས་འདུ་འཚོགས་པ།
 
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ལམ། གྲོང་ཁྱེར་ཡོངས་ཀྱི་ཏང་གི་སློབ་གྲྭའི(སྲིད་འཛིན་སློབ་གླིང)སློབ་སྤྱིའི་ལས་དོན་ཚོགས་འདུ་འཚོགས་ནས་ཏང་གི་སློབ་གྲྭའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་མཐར་ཕྱིན་དང་། རྒྱལ་ཡོངས་ཏང་གི་སློབ་གྲྭའི(སྲིད་འཛིན་སློབ་གླིང)ལས་དོན་ཚོགས་འདུ། ལྗོངས་ཡོངས་ཏང་གི་སློབ་གྲྭའི(སྲིད་འཛིན་སློབ་གླིང)ལས་ཀའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་བཅས་ལག་བསྟར་དོན་འཁྱོལ་ཐོག“དོན་ཆེན་བཞི”ལ་དམིགས་པ་དང་། “འཛུགས་གཏོད་བཞི”ལ་སེམས་ནུས་བསྒྲིལ་ཏེ།《དུས་རབས་གསར་པར་ལྗོངས་ཡོངས་ཀྱི་ཏང་གི་སློབ་གྲྭའི(སྲིད་འཛིན་སློབ་གླིང)ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་བྱ་ཐབས་འགའ་ཞིག》དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་བཏང་བ་དང་། གྲོང་ཁྱེར་ཡོངས་ཀྱི་ཏང་གི་སློབ་གྲྭའི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བཅས་བྱས་ནས་ལྷོ་ཁའི་ཏང་གི་སློབ་གྲྭའི་ཁོངས་གཏོགས་ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་བཏོད་རྒྱུ་ཡིན་པ་རེད།

གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རྒྱུན་ལས་གྲོང་སྤྱི་གཞོན་པ་ལུའོ་ཏུང་ལེའང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། རིམ་ཁག་ཏང་གི་སློབ་གྲྭས་ངེས་པར་དུ་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་ཏང་གི་སློབ་གྲྭའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དག་དུས་རབས་གསར་པའི་ཏང་གི་སློབ་གྲྭ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཧྲིལ་པོའམ་ཕྱོགས་ཁག་ཏུ་ལག་བསྟར་དོན་འཁྱོལ་བྱེད་དགོས། འགན་ནུས་ཀྱི་ངེས་གནས་ལ་དམ་པོར་དམིགས་པ་དང་། འགན་འཁྲི་དང་ལས་སྒོ་གཙོ་བོར་དམིགས་པ། ཏང་གི་སློབ་གྲྭའི་ཐོག་མའི་བསམ་འདུན་བརྟན་སྲུང་བྱ་རྒྱུ་གཙོ་རྐང་དུ་བྱེད་པ། དངོས་སྒྲུབ་བྱས་རྗེས་ལ་བརྟེན་ནས་ལས་དོན་ཁག་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཚད་གཞི་མཐོ་བའི་སློབ་གྲྭ་གཉེར་རྒྱུ་མཐའ་འཁྱོངས་ཀྱིས་སྤུས་ཚད་ལ་བརྟེན་ནས་སློབ་གྲྭ་འཛུགས་རྒྱུ་དེ་ཏང་གི་སློབ་གྲྭའི་ལས་དོན་གྱི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས་སློབ་ཁྲིད་དང་ཚན་ཞིབ་ཀྱི་སྤུས་ཚད་མཐོ་རུ་ཧུར་ཐག་གཏོང་དགོས། རིམ་ཁག་སྡེ་ཚན་ཁག་གིས་བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་ཏེ་ཏང་ཨུད་ཀྱིས་གཅིག་གྱུར་འགོ་ཁྲིད་དང་། འབྲེལ་ཡོད་ཚན་པས་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱིས་ལྷོ་ཁའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས། བསོད་ནམས་བསྟན་པས་བསྒྱུར། བསོད་བདེ་ཡེས་ཞུས།

下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:专版